དེང་སྐབས་བལ་ཡུལ་ནང་ཇག་པས་ཉེས་མེད་མི་སེར་ཚོའི་ལག་ནས་དངུལ་འཕྲོག་པ་དང་ཅ་དངོས་འཕྲོག་པ་སོགས་བྱེད་ཀྱིན་པ་མ་ཟད། ཚེ་སྲོག་ཀྱང་འཕྲོག་གིན་ཡོད་འདུག
སྐར་ཁྲི་བཙན་གྱི་ཟིན་བྲིས་སུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༡༤ མཚན་མོར་བལ་ཡུལ་མཐའ་མཚམས་དགྲོལ་པ་ཞེས་པར་རྔ་བ་སྣང་ཞིག་དགོན་ནས་ཡིན་ཞིང་། བལ་ཡུལ་བོན་པོ་དགོན་པའི་སྨན་རྩིས་ཁང་གི་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པའི་གྲྭ་ཚུར་ཁོ་འབོད་པ་ཇག་པས་བསད་ཡོད་འདུག་ལ། བོད་སྨན་ཁང་དེ་ནི་བལ་ཡུལ་རྒྱལ་སའི་ཉེ་འཁོར་བོན་དགོན་ཁྲི་བརྟན་ནོར་བུ་རྩེའི་ཡན་ལག་དགོན་པའམ་སྨན་ཁང་ཞིག་ཡིན་ལ། དེ་བལ་ཡུལ་མཐའ་མཚམས་ཀྱི་མི་དམངས་ཚོའི་ཆེད་དུ་ཕྱག་བཏབས་གནང་བ་ཞིག་རེད། གྲྭ་ཚུར་ཁོ་ཡིས་བོད་སྨན་ཁང་དེའི་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པ་མ་ཟད་ཉེ་འཁོར་གྱི་སྐྱེ་བོ་གྲངས་ལས་འདས་པར་ཞབས་ཞུ་ལོ་མང་བྱས་མྱོང་མཁན་ཞིག་ཀྱང་ཡིན་འདུག ཡིད་སྐྱོ་བ་ཞིག་ལ་འདི་ཟླའི་ཚེས་ ༡༤ མཚན་མོར་ས་ཆ་དེའི་ཇག་པས་འཇབ་རྒོལ་བྱས་ནས་དགོན་པའི་གྲྭ་བ་ཚང་མ་ བཀྱིགས་ནས་དངུལ་དངོས་འཕྲོག་བཅོམ་སྐབས་གྲྭ་ཚུར་ཁོས་ཇག་པར་རྒོལ་ལན་བསློགས་པས་ཁོང་གི་མགོ་ལ་མེ་མདའ་ཐེབས་ནས་དེར་དམར་གསོད་བཏང་འདུག བལ་ཡུལ་གཞུང་དང་ཇག་པ་མཉམ་འབྲེལ་གྱིས་བལ་སྡོད་བོད་མི་ཚོར་འདྲ་མིན་གྱི་གཉའ་གནོན་བྱས་དང་བྱེད་བཞིན་ཡོད་ལ། དེ་མིན་ཕྱི་ཚེས་ ༡༦ གི་དགོང་མོར་བོད་པའི་ཚོང་བ་འགས་བལ་ཡུལ་ནས་བཅའ་དངོས་ལྷ་སར་སྐྱེལ་འདྲེན་བྱས་པའི་ལམ་ཁ་ནས་ཇག་པས་བཅོམ་པའི་གནས་ཚུལ་ཞིག་ཀྱང་འདུག
ཟླ་འགའི་སྔོན་དུ་ཕ་ཡུལ་གཡུ་སྒང་ནས་ཡིན་པའི་བཀྲ་ཤིས་དཔལ་ལྡན་འབོད་པ་ཞིག་ཀྱང་བལ་ཡུལ་དུ་དམར་གསོད་བཏང་ཡོད་ནའང་། སུས་བསད་པ་དང་ལག་དམར་བ་སུ་ཡིན་སོགས་ཤེས་རྟོགས་བྱུང་ཡོད་མི་འདུག དེང་སྐབས་བལ་ཡུལ་ནང་གནས་ཚུལ་ཉིན་རེ་བཞིན་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་ཡོད་ སྟབས། ཇག་པ་ཚོས་ཀྱང་ཉེས་མེད་མི་སེར་ཚོར་འཕྲོགས་བཅོམ་དང་གསོད་རྐྱང་བྱེད་ཀྱིན་ཡོད་ནའང་། གཞུང་ངོས་ནས་བརྟན་ལྷིང་དང་ཇག་པ་དེ་དག་ཚར་གཅོད་བྱེད་མ་ཐུབ་པར་ལྷག་ཡོད་འདུག
གསོར་མིག
བོད་ལ་རང་དབང་ཐོབ་པའི་ཉིན་དང་པོར་བལ་ཡུལ་ཐོག་ལ་ཕར་རྒོལ་བྱེད་དགོས་ཀྱིན་འདུག འདི་བས་བོད་པར་འཐབ་རྩོད་བཏང་པ་མང་སོང་།
དམག་རྟ་ཁྲོས་པའི་རྨིག་པའི་འུར་སྒྲ་ཙམ། །
ཐོས་པས་མཐའ་བཞིའི་དབང་པོ་སྙིང་འདར་བའི། །
སྡེ་བཞིའི་དཔུང་གིས་ནོར་འཛིན་མཐོན་པོའི་རྩེར། །
སྟོབས་ཀྱིས་འགྱིངས་པའི་བྱུང་བ་ལྷག་པར་དྲན། །
དྲ་གྲོགས་བསེ་རུ་ལགས་ཁྱེད་ཀྱི་ལྷག་བསམ་ལ་གུས་པས་གུང་བཀུར་དང་རང་ནུས་གང་ཡོད་འདོན་ད་འདོན། ད་ལྟ་གུས་པས་འདས་ལོའི་ནང་བལ་སྡོད་བོད་མིའི་ཞི་རྒོལ་སྐོར་གྱི་བདེན་དཔང་འཚོལ་བཞིན་པའི་སྒང་ཡིན། བརྒྱ་ཆ་བརྒྱ་ཡི་གདེང་ཚོད་མེད་ན་གུས་པས་ཡིག་ཐོག་ཏུ་དགོད་ཀྱི་མ་རེད། ལོ་རྒྱུས་ལ་ལྷད་ཤོར་སོང་ན་ལོ་རྒྱུས་ཀྱི་ཉེན་ཅན་པར་ཆགས་པས། དྲ་གྲོགས་ལྷ་ཆབ་ཁྱེད་རྣམ་པ་གཉིས་ཀྱི་རེ་བ་ཆུད་ཟོས་སུ་མི་འགྲོ་བར་ཤུགས་རྒྱག་གི་ཡིན། ཡིན་ན་ནུས་པ་ཆུང་གི་རེད་ད།
སྐར་ཁྲི་བཙན་ལགས། ཁོ་བོས་ཁྱེད་ལ་རེ་སྐུལ་ཞཱུས་པ་ལྟར།
ཁྱེད་བལ་ཡུལ་ས་གནས་ཀྱི་དང་བླང་གསར་འགོད་པ་ཡིན།
ད་དུང་གནས་ཚུལ་གསར་བ་ཞིག་ལ་ཁ་རྩང་ང་ལ་རྟ་མང་གྲོགས་པོ་ཞིག་གིས་བལ་ཡུལ་གྱི་གསར་ཤོག་ཤིག་གི་སྟེང་་དུ་རྒྱལ་བ་རིན་པོ་ཆེའི་སྐུ་པར་དང་བོད་ཀྱི་རྒྱལ་དར་དེ་མིན་བོད་རང་བཙན་སོགས་བཀཽད་ཡོད་པའི་རིགས་་རྗེས་མར་བཙོང་མི་ཆོག་ཅེས་བལ་རྒྱལ་ནང་སྲིད་བློན་ཆེན་གྱིས་གསར་བསྒྲགས་བྱས་འདུག་ཟེར། ཡིན་ན་གུས་པས་བལ་ཡིག་མི་ཤེས་གསར་ཤོག་དེ་ལག་ཏུ་རེག་མ་སོང་།
འདས་པོར་བདེན་ཚིག་སྨོན་ལམ་དང་ད་ལྟར་འཚོ་བཞུགས་རྣམས་ཀྱིས་གཟབ་གཟབ་གནང་རོགས། ཤན་པ་དེ་དག་གི་རྒྱུད་ཀྱི་མ་རུང་བའི་སྡིག་སེམས་ཞི་སྟེ་བྱམས་པའི་སེམས་དང་ལྡན་འགྱུར་ཅིག