མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧིན་སྒོར་འབུམ་ ༧ ལྷག་གི་ཞལ་འདེབས།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༩
Share on FacebookShare on TwitterShare on EmailShare on Whatsapp

དུས་ནམ་ཡང་བོད་མིའི་མཚན་ཐོག་གམ་ཡང་ན་༧གོང་ས་མཆོག་གི་མཚན་ཐོག་ཏུ་གནས་སྲིད་པའི་སྡོད་ཁང་ཞིག་རྒྱག་ཐུབ་མ་སོང་ཟེར།

ཕྱི་ཚེས་ ༨ ཉིན་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་གཞིས་མགོའི་ལས་ཚབ་རྣམ་གཉིས་དང་མཉམ་འབྲེལ་ཚོགས་གཙོ་རྣམ་གཉིས། དགོན་སྡེ་ཁག་དང་གཞིས་གྲོང་ཁག་གི་སྤྱི་མི། གཞོན་ནུ་དང་བུད་མེད་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་བཞི་བཅུ་ལྷག་མཉམ་ དུ་འཛོམས་ཏེ། ཨན་ངྷ་ར་མངའ་སྡེ་དང་ཀར་ན་ཌ་ཀ་མངའ་སྡེའི་བྱང་ཕྱོགས་ཁུལ་གྱི་རྫོང་ཁག་འགའི་ཡུལ་མིར་ཆུ་ལོག་གིས་གནོད་སྐྱོན་ཕོག་པར་ཛ་དྲག་ཐོག་མི་མང་ནང་ཞལ་འདེབས་བསྡུ་རྒྱུའི་སྐོར་ལ་ གྲོས་བསྡུར་བྱས་ཏེ། ཞལ་འདེབས་བསྡུ་མགོ་བརྩམས་ཡོད་པ་དང་། ད་ལྟ་ལས་བྱེད་ཀྱི་ཉིན་གཅིག་གི་ཟས་དོད་ནས་ཞལ་འདེབས་སུ་ཡོང་བ་ཧིན་སྒོར་འབུམ་གཅིག་དང་བཞི་སྟོང་བདུན་བརྒྱ་དྲུག་ཅུ་རེ་ལྔ་ ༡༠༤༧༦༥ དང་། མི་མང་ནས་ཡོང་བ་ཧིན་སྒོར་འབུམ་ ༦ བཅས་ཡིན་འདུག་ལ། དེ་གཉིས་བསྡོམས་པས་ཧིན་སྒོར་ ༧༠༤༧༦༥ ཡི་ཞལ་འདེབས་བསྡུས་ཡོད་འདུག

ཐེངས་འདིར་ཞལ་འདེབས་སུ་བསྡུས་པའི་ཧིན་སྒོར་འདི་དག་ཕྱི་ཚེས་ ༢༢ ཉིན་མེ་སོར་རྫོང་དཔོན་དང་ཧོང་སོར་རྫོང་དཔོན་གཉིས་བརྒྱུད་ཀར་ན་ཌ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་ཕྱག་ཏུ་འབུལ་རྒྱུ་ཡིན་པ་དང་། ཉིན་དེར་ཀར་ན་ཌ་ཀའི་སྤྱི་ཁྱབ་བློན་ཆེན་གྱི་ལས་ཁུངས་གཡས་གཡོན་གྱི་སྤང་ཐང་དུ། གྲྭ་བ་ཉིས་བརྒྱ་ལྷག་གདན་ཞུས་ཀྱིས་བསྔོ་སྨོན་གསུང་རྒྱུའི་ལས་རིམ་ཞིག་ཀྱང་བསྒྲིགས་ཡོད་པ་མ་ཟད། ཞལ་འདེབས་ཀྱི་དངུལ་འཛིན་དང་མཉམ་དུ་སངས་རྒྱས་ཀྱི་སྐུ་བརྙན་ཞིག་ཀྱང་དྲན་རྟེན་དུ་འབུལ་རྒྱུ་ཡིན་འདུག དེ་བཞིན་ཐེངས་འདིར་ཧོང་སོར་གཞིས་ཆགས་སུ་བསྡུས་པའི་ཞལ་འདེབས་ཀྱང་ཉིན་དེར་མཉམ་དུ་འབུལ་རྒྱུ་ཡིན་འདུག

སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་མཉམ་འབྲེལ་ཚོགས་གཙོ་པདྨ་བདེ་ལེགས་མཆོག་གིས་འདིའི་ཐད་དུ་གསུངས་དོན། ང་ཚོས་འདི་ལྟར་ཞལ་འདེབས་བསྡུ་དགོས་པའི་དམིགས་ཡུལ་ནི། སྤྱིར་རྒྱ་གར་གཞུང་དང་ལྷག་པར་ཀར་ན་ཌ་ཀ་མངའ་སྡེ་ནི་ང་ཚོའི་དགོན་པ་གྲྭ་ཚང་ཁག་དང་གཞིས་ཆགས་ཁག་གི་མི་མང་སོགས་སེར་སྐྱ་སྟོང་ཕྲག་ ༣༥ ལྷག་ལ་བཀའ་དྲིན་ཆེན་པོ་ཡིན་སྟབས། ཡུལ་མི་རང་ལ་དཀའ་ངལ་བྱུང་བའི་སྐབས་འདིར་ང་ཚོས་ངོས་ནས་ཁོང་ཚོར་གདུང་སེམས་མཉམ་སྐྱེད་བྱེད་པ་དང་། བཀའ་དྲིན་དྲན་པའི་ཐོག་ནས་ཐེངས་འདིའི་ཞལ་འདེབས་འདི་དག་བསྡུས་པ་རེད་ལ། ཉེ་ཆར་སྐུ་སྒེར་ཡིག་ཚང་ནས་ཀྱང་གོང་གསལ་མངའ་སྡེ་གཉིས་ལ་ཧིན་སྒོར་འབུམ་ ༥ རེས་ཞལ་འདེབས་ཕུལ་ཡོད་འདུག དངོས་གནས་བྱས་ན་ཐེངས་འདིར་སྐུ་སྒེར་ཡིག་ཚང་ནས་ཕུལ་བའི་ཧིན་སྒོར་འབུམ་ ༡༠ དང་། སྦེལ་ཀོབ་ནས་བྱུང་བའི་ཧིན་སྒོར་འབུམ་ ༧ ། དེའི་སྟེང་དུ་གཞིས་ཆགས་གཞན་གསུམ་ནས་ཧིན་སྒོར་འབུམ་ ༣ བྱུང་བ་ཡིན་ན། ཧིན་སྒོར་འབུམ་ ༢༠ ཆགས་ཀྱི་ཡོད་ལ། དེའི་སྟེང་དུ་རྒྱ་གར་གཞུང་གིས་ཀྱང་ཧིན་སྒོར་འབུམ་ ༢༠ སྣོན་གི་རེད། དེ་ལྟར་བྱུང་ན་ཧིན་སྒོར་འབུམ་གཅིག་རེ་སྤྲད་དེ། ཐེངས་འདིར་གནོད་སྐྱོན་ཕོག་ཡུལ་གྱི་ས་ཁུལ་དུ་སྡོད་ཁང་བཞི་བཅུ་ཐམ་པ་བརྒྱབ་ཐུབ་ལ། སྡོད་ཁང་དེ་དག་ནི་བོད་མིས་མིང་ཐོག་གམ་ཡང་ན་༧གོང་ས་མཆོག་གི་མཚན་ཐོག་ནས་དུས་ནམ་ཡང་གནས་སྲིད་པ་ཞིག་རེད། འོན་ཀྱང་། གཞིས་ཆགས་གཞན་ཁག་ནས་བྱུང་བའི་ཞལ་འདེབས་ཀྱིས་ཧིན་སྒོར་འབུམ་ ༣ ལོངས་མི་འདུག་པས་དངུལ་འཛིན་སྤྲོད་རྒྱུ་ཙམ་ལས། ཁང་པ་རྒྱག་ཐུབ་ཀྱི་མི་འདུག་ཅེས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 4

  1. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    ཞལ་འདེབས་འདི་དག་ཆད་ལུས་མེད་པར་མི་དམངས་གི་ཐོག་ཏུ་གཏང་བ་ཡིན་ན་དངོས་གནས་ཡག་པོ་ཞིག་རེད་དེ་མིན་དཔོན་ངན་མང་པོའི་ལག་པ་རྒྱུད་ནས་མཐའ་མ་མི་དམངས་ལ་གསུམ་ཆའི་གཅིག་ཙམ་ལས་མ་དབང་ཚེ་དངོས་གནས་ཞལ་འདེབས་འབུལ་མཁན་གྱི་མི་དམངས་དེ་ཚོའི་ཁྲག་རྣག་ལས་བྱུང་བའི་དངུལ་འདི་དག་དོན་དུ་དམྱལ་བར་ལྷུང་ངེས་ཡིན་པས་དཔོན་ངན་ཚོ་ཟབ་དགོས། །

    Reply
  2. tenpagyatso says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས་ཞུ།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    སྐྱབས་བཅོལ་བོད་མིའི་ཞལ་འདེབས་ཕྲན་བུ་བྱུང་བ་དེ་དཔོན་ཆེན་ཕོ་ལུག་ཅིག་གི་ལྟོ་བའི་ནང་དུ་མི་འགྲོ་བར་ཡུལ་མི་ཉམས་ཐག་ཚོའི་གནས་སྐབས་ཀྱི་ལྟོ་གོས་ཀྱི་དཀའ་ངལ་ཕྲན་ཙམ་སེལ་ཐུབ་པར་ལྷ་དབང་ཕྱུག་ཆེན་པོས་གྲོགས་དན་མཛོད་ཅིག ལྷ་མོ་ཨུ་མས་གྲོགས་དན་མཛོད་ཅིག ཧཱ་ནུ་མན་ཐས་གྲོགས་དམ་མཛོན་ཅིག

    Reply
  4. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    མི་མང་ལ་གཞན་ཕན་གྱི་ལྷག་བསམ་མེད་པ་ཡིན་ནམ་ཞལ་འདེབས་བསྡུ་མཁན་ཚོར་མི་མང་གིས་ཡིད་ཆེས་མ་བྱས་པ་ཡིན་གང་ཤེས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese