ང་ཚོས་སྔར་བྱུང་ཟིན་པའི་རང་བྱུང་ཁམས་ཀྱི་གནོད་འཚེ་རིགས་ལས་ཉམས་མྱོང་བསགས་ཏེ། མ་འོངས་པར་དེ་འདྲ་འབྱུང་བ་ཡིན་ན་ཉེན་སྐྱོབ་ཀྱི་གྲ་སྒྲིག་དང་ལས་འཆར་སྒྲིག་གིན་ཡོད་མོད། འཆར་གཞི་དང་སྨོན་ལམ་ཙམ་གྱིས་ཕན་མི་ཐོགས། ངེས་པར་དུ་ཁ་ཡོད་ལག་ཡོད་ཀྱིས་ལས་འགན་འཁུར་ཏེ་ལས་འགུལ་བརྩམ་རྒྱུ་གལ་ཆེན་པོ་རེད། ཅེས་དཔལ་རྒྱལ་བ་༧ཀརྨ་པ་མཆོག་གིས་གསུངས།
དེ་རིང་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་ཐོག་ངྷ་ས་ཉིན་མོའི་སློབ་གྲྭའི་ཚོགས་ཁང་དུ། བོད་གཞུང་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་དང་། ངྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཁོར་ཡུག་སྡེ་ཚན། གངས་ཏི་སེ་ཁོར་ཡུག་གོ་རྟོགས་ལས་འགུལ་ཁང་བཅས་ཀྱིས་མཉམ་དུ་བསྒྲུབ་པའི་༼ གནམ་གཤིས་འགྱུར་ལྡོག་ཐད་ཀྱི་རྒྱལ་སྤྱིའི་ལས་འགུལ་ཉིན་མོ་ ༽ ཞེས་པ་སྲུང་གཙི་བྱས་ཡོད་པ་དང་། མཛད་སྒོ་དེའི་སྐུ་མགྲོན་གཙོ་བོ་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་༧ཀརྨ་པ་མཆོག་ཆིབས་བསྒྱུར་བསྐྱངས་ཡོད་ལ། དེ་མིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་བཅས་མཉམ་ཞུགས་བྱས་ཡོད།
མཛད་སྒོའི་ལས་རིམ་ཐོག་མར་གངས་ཏི་སེ་ཁོར་ཡུག་གོ་རྟོགས་ལས་འགུལ་ཁང་གི་འགན་འཛིན་བུ་མོ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ལས་འགུལ་འདི་སྤེལ་དགོས་པའི་དམིགས་ཡུལ་ངོ་སྤྲོད་དང་སྦྲགས། ཉིན་འདིར་འཛམ་གླིང་གི་རྒྱལ་ཁབ་ ༡༧༠ ལྷག་གིས་གནམ་གཤིས་འགྱུར་ལྡོག་སྐོར་ལ་ལས་འགུལ་ ༤༠༠༠ ལྷག་སྤེལ་གྱིན་ཡོད་སྐོར་དང་། ལས་འགུལ་སྤེལ་མཁན་ཡོངས་ཀྱི་ཐུན་མོང་གི་དམིགས་ཡུལ་འཛམ་གླིང་འདིར་གནས་བའི་མི་དང་བཅས་པའི་སྐྱེ་འགྲོ་ཡོངས་ཀྱི་བརྟེན་གཞིར་གྱུར་བའི་སའི་གོ་ལ་འདི་སྲུང་སྐྱོབ་ཆེད་ཡིན་སྟབས། ང་ཚོས་ཀྱང་སའི་གོ་ལ་འདི་མིའི་བྱས་ཉེས་ཀྱིས་གཏོར་སྐྱོན་མི་གཏོང་བར་མུ་མཐུད་རྒྱུན་གནས་ཡོང་ཐབས་སུ་སོ་སོ་རང་ངོས་ནས་ལས་འགུལ་སྤེལ་དགོས་སྐོར་བརྗོད་སོང་ལ། དེའི་རྗེས་བོད་གཞུང་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་རྒྱལ་སྤྱིའི་ཁོར་ཡུག་ཉམས་ཞིབ་པ་ཁག་ཅིག་གིས་བོད་ནང་གི་གནམ་གཤིས་དང་ཁོར་ཡུག་ཐོག་ལ་ཉམས་ཞིབ་བྱས་པའི་གྲུབ་དོན་གྱི་པར་རིས་དང་སོགས་ངོ་སྤྲོད་གནང་སོང་།
སྐབས་དེར་ངྷ་ས་ས་གནས་མགོ་འཛིན་ཚེ་རིང་ཕུན་ཚོགས་མཆོག་གིས་ངྷ་སའི་ཁོར་ཡུག་སྡེ་ཚན་གྱི་ལས་རིམ་ཁག་ཅིག་ངོ་སྤྲོད་གནང་དོན། ང་ཚོའི་ངོས་ནས་རེ་གཟའ་ལྷག་པ་ནམ་ཡིན་ལ་ངྷ་སའི་མི་དམངས་ལ་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་གོ་རྟོགས་སྤེལ་གྱིན་ཡོད་ལ། ༡༩༩༤ ལོར་ངྷ་རམ་ས་ལར་༧གོང་ས་མཆོག་གིས། འགྲོ་བ་སེམས་ཅན་ཡོངས་ཀྱི་ཆེད་དུ་ཁོར་ཡུག་ལ་བདག་གཅེས་དགོས་པའི་བཀའ་སློབ་ཕེབས་དོན་ལྟར། བཞུགས་སྒར་ཁུལ་གྱི་ཁོར་ཡུག་གཙང་སྦྲ་སྔར་ལས་ཡར་རྒྱས་ཕྲན་བུ་ཕྱིན་ཡོད་ཀྱང་། ད་དུང་འགན་འཁྲི་རྒྱུན་མཐུད་ཐོག གད་སྙིགས་སྐམ་རློན་དབྱེ་འབྱེད་དང་། གད་སྙིགས་སྐམ་པོ་མེར་བསྲེག་མི་གཏོང་རྒྱུ་སོགས་ལ་ཚང་མས་ཐུགས་སྣང་གནང་རོགས།
ཞེས་དང་། ལོ་འདིའི་ཟླ་ ༡༢ ཚེས་ ༧ ནས་ ༡༨ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་འདུ་ཞིག་ཊན་མག་གི་རྒྱལ་སར་འཚོགས་རྒྱུ་རེད། དེ་ལ་རྒྱལ་ཁབ་ཁག་གི་གནམ་གཤིས་སྐོར་གྱི་ཚན་རིག་པ་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་མཉམ་ཞུགས་ཀྱིས་འཛམ་གླིང་གནམ་གཤིས་འགྱུར་ལྡོག་སྐོར་ལ་གྲོས་ཆོད་གཏན་འབེབས་བྱ་འཆར་ཡོད། སྐབས་དེར་བོད་མི་ཚོས་ཀྱང་སྤྱིར་འཛམ་གླིང་དང་སྒོས་བོད་གངས་ཅན་གྱི་གནམ་གཤིས་འགྱུར་ལྡོག་གི་ཉེན་ཁ་ལས་སྐྱོབ་ཆེད། རླུང་ཁམས་ནང་དུ་སོལ་རླུང་གི་དུག་རྫས་ ༣༥༠ ལས་བརྒལ་མི་ཆོག་པའི་འབོད་སྐུལ་དང་། བསམ་འཆར་ཞུ་རྒྱུའི་གོ་སྐབས་དེ་དམ་འཛིན་བྱ་དགོས། ཞེས་གསུངས་སོང་།
མཇུག་མཐར་དཔལ་རྒྱལ་བ་༧ཀརྨ་པ་མཆོག་གིས་བཀའ་སློབ་ལམ་སྟོན་གནང་དོན། ང་ཚོ་དམ་པའི་ཆོས་ཉམས་སུ་ལེན་མཁན་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མཁན་ཞིག་ཆགས་ཡོད་སྟབས། ང་ཚོས་སེམས་ཅན་ཡོད་ཚད་སྡུག་བསྔལ་ལས་ཐར་ཏེ། བདེ་བའི་གོ་འཕང་ལ་འགོད་ཐུབ་པ་ཞིག་དང་། གང་ལ་སྡུག་བསྔལ་ཡོད་པ་དེ་བདེ་བ་དང་བཏང་སྙོམས་སུ་འགྱུར་བའི་རེ་སྨོན་བྱེད་ཀྱིན་ཡོད་ཀྱང་། ད་དུང་ང་ཚོའི་བདག་འཛིན་གྱི་བསམ་པ་དེས་ཡང་ནས་ཡང་དུ་རེ་བ་དེ་བསྒྲུབ་པར་བར་ཆད་བྱེད་ཀྱིན་ཡོད། དངོས་གནས་བྱས་ན། ང་ཚོས་ང་ཟེར་བ་དེ་ཡང་ང་ཚོའི་ཉེ་འཁོར་གྱི་སྐྱེ་ལྡན་གྱི་དངོས་པོ་རྣམས་དང་ཁོར་ཡུག་ལ་མ་བརྟེན་པའི་ང་ཟེར་བ་ཞིག་ཡོང་ཐབས་མེད། ང་ཚོས་ཟ་མ་ཞིག་ཟོས་ན་འདྲ་ལ། ལ་བ་ཞིག་གྱོན་ན་འདྲ། དཔེ་དེབ་ཅིག་ཀློག་ནའང་འདྲ། དེ་དག་ཚང་མ་སྐྱེ་དངོས་གཞན་ལས་གྲུབ་པ་ཞེ་གཅིག་ཡིན། ཐ་ན་དབྱུང་རྔུབ་ཀྱི་དབུགས་དང་བཅས་པ་རྩི་ཤིང་ནགས་ཚལ་སོགས་ཕྱིའི་དངོས་པོ་ལས་བྱུང་བ་མ་གཏོགས་རང་སྟེང་ནས་བྱུང་བ་མེད་པ་ཚན་རིག་པས་རིགས་པས་ཁུངས་སྐྱེལ་བྱས་ཡོད། ཅེས་དང་།
ང་ཚོས་༧གོང་ས་མཆོག་གི་གསུང་ལ་དོ་སྣང་མ་བྱས་པ་རེད་མ་གཏོགས་ཁོང་གིས་དུས་རྒྱུན་བྱ་དངོས་ཚང་མ་རྟེན་འབྱུང་ཡིན། གཅིག་ལ་གཅིག་བརྟེན་ཡིན་གསུང་གིན་ཡོད། དེ་སངས་རྒྱས་ཀྱི་ལྟ་གྲུབ་ཀྱི་གཞུང་ཆེན་པོ་དང་གོ་ཁག་པོ་ཞིག་གསུང་གིན་ཡོད་པ་རེད་སྙམ་སྲིད་ཀྱང་། ང་ཚོའི་དངོས་ཡོད་གནས་བབ་དང་། དངོས་ཡོད་འཚོ་བ་དག་ཀྱང་བརྟེན་ཅིང་འབྲེལ་འབྱུང་གི་གནད་འགག་དེ་དང་འབྲེལ་ཡོད་པ་མཁྱེན་དགོས། དེར་བརྟེན། སྒེར་སོ་སོའི་བྱ་སྤྱོད་ལ་བརྟེན་ཏེ་འཛམ་གླིང་ལ་ཐད་ཀར་ཤུགས་རྐྱེན་སྤྲོད་ཐུབ་པ་ཞིག་དང་། བཟང་ངན་གྱི་འགྱུར་ལྡོག་གཏོང་ཐུབ་པ་ཞིག་ཆགས་ཡོད། དེ་ལྟ་བུའི་རྒྱུ་འབྲས་ཀྱི་ནུས་པ་དེར་ལས་འབྲེལ་ཟེར་བ་དེ་འཇོག་དགོས་པ་མིན་ནམ་སྙམ། ཞེས་གསུངས་བྱུང་།
ཁོང་གིས་ང་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་གཞན་ལ་ཕན་བདེ་བསྒྲུབ་རྒྱུའི་ཁས་ལེན་ཡོད་སྐོར་གསུངས་དོན། དེང་སང་འཛམ་གླིང་གང་སར་རང་བྱུང་གི་གནོད་འཚེ་ཆུ་ལོག་དང་། རླུང་འཚུབ། ས་འགུལ། ཐན་སྐྱོན་སོགས་ཇེ་མང་དུ་ཕྱིན་ཏེ། མི་མང་པོ་ཞིག་སྡུག་བསྔལ་གྱི་གནས་སུ་གྱར་ཡོད་པ་གསར་འགྱུར་བརྒྱུད་ལམ་ཁག་ནས་མཐོང་གསལ་རེད། དེ་འདྲའི་སྡུག་བསྔལ་རྒྱུན་མི་ཆད་པའི་འབྱུང་རྐྱེན་གང་ལ་ཐུག་ཡོད་ཟེར་ན། མིའི་བྱ་སྤྱོད་ལ་བརྟེན་ཏེ་འཛམ་གླིང་ཧྲིལ་བོ་ཉེན་ཁའི་མཚམས་སུ་སླེབས་པ་དང་། ཆག་འཇིག་གི་གནས་སུ་བསྐྱལ་བ་རེད། ང་ཚོས་དམ་པའི་ཆོས་ཉམས་སུ་བླངས་ཏེ་བྱ་བ་མི་དགེ་བའི་རིགས་སྤངས་ཤིང་། དགེ་བའི་རིགས་བསྒྲུབས་ཏེ་སྤངས་བླངས་བྱ་རྒྱུ་ཡིན་ཞེས་ཁས་བླངས་ཡོད་སྟབས། ང་ཚོས་གཞན་ལ་འཚེ་བ་དང་སེམས་ཅན་ཐམས་ཅད་ཀྱི་བརྟེན་གཞིར་གྱུར་བའི་འཛམ་གླིང་འདི་ཕོངས་བར་བྱེད་པའི་བྱ་བ་མི་དགེ་བ་རིགས་སྤངས་ཏེ། དགེ་པའི་ལས་སུ་འཇུག་དགོས་པ་ཞིག་དང་། ཕན་ནུས་ལྡན་པའི་ཐབས་ལམ་བཙལ་ཏེ་འཛམ་གླིང་འདིར་གནས་བའི་སྲོག་ཆགས་ཡོད་དོ་ཅོག་ལ་བདེ་ཐང་ཡོད་པ་དང་། ཀུན་ལ་སྙོམས་པའི་མ་འོངས་པ་ཞིག་བསྐྲུན་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད། ཅེས་བསྟན་བྱུང་།
༧ཀརྨ་པ་མཆོག་གིས་མུ་མཐུད་དུ་སངས་རྒྱས་ཀྱི་ཆོས་གཞུང་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བ་དམ་ཟབ་ཡོད་སྐོར་གསུངས་དོན། ཁོར་ཡུག་ཟེར་དུས་ཚིག་གསར་བ་འདྲ་བོ་ཞིག་ཆགས་ཡོད་ཀྱང་། ནང་དོན་གྱི་ཆ་ནས་ནང་ཆོས་དང་ཁོར་ཡུག་གཉིས་བར་འབྲེལ་བ་དམ་ཟབ་ཡོད། ངས་གོང་དུ་བཤད་པ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྟེན་འབྱུང་ལྟོས་གྲུབ་ཀྱི་གནས་སྟངས་ཤིག་གསུངས་ཡོད། བྱ་བ་བཟང་པོར་བརྟེན་ཏེ་འབྲས་བུ་བཟང་པོ་ཡོང་གིན་ཡོད་པ་དང་། བྱ་བ་ངན་པར་བརྟེན་ཏེ་འབྲས་བུ་ངན་པ་ཡོང་གིན་ཡོད་པའི་ལས་རྒྱུ་འབྲས་ཀྱི་འགྲོ་སྟངས་ཤིག་གསུངས་ཡོད། གཞན་ལ་དངོས་སམ་བརྒྱུད་དེ་གནོད་པ་ཞིག་ཡིན་ན་དེ་སྤངས་དགོས་པ་དང་། གཞན་ལ་དངོས་སམ་བརྒྱུད་དེ་ཕན་ཐོགས་ཡོད་པ་ཞིག་ཡིན་ན་དེ་བསྒྲུབ་དགོས་པའི་བླངས་དོར་གྱི་ཚུལ་ཁྲིམས་ཤིག་གསུངས་ཡོད། མདོར་ན། ཁོར་ཡུག་སྲུང་སྐྱོབ་ཀྱི་མ་རྩ་སངས་རྒྱས་ཀྱི་གཞུང་དུ་གསལ་བོར་གསུངས་ཡོད། ཅེས་དང་།
ང་ཚོས་སྔར་བྱུང་ཟིན་པའི་རང་བྱུང་ཁམས་ཀྱི་གནོད་འཚེ་རིགས་ལས་ཉམས་མྱོང་བསགས་ཏེ། མ་འོངས་པར་དེ་འདྲ་འབྱུང་བ་ཡིན་ན་ཉེན་སྐྱོབ་ཀྱི་གྲ་སྒྲིག་དང་ལས་འཆར་སྒྲིག་གིན་ཡོད་མོད། འཆར་གཞི་དང་སྨོན་ལམ་ཙམ་གྱིས་ཕན་མི་ཐོགས། ང་ཚོས་ངེས་པར་དུ་ཁ་ཡོད་ལག་ཡོད་ཀྱིས་ལས་འགན་འཁུར་ཏེ་ལས་འགུལ་བརྩམ་རྒྱུ་གལ་ཆེན་པོ་རེད། ངས་དུས་རྒྱུན་འདི་ལྟར་དྲན་གྱིན་ཡོད། ང་ཚོས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཟེར་ནས་སྨོན་ལམ་རྒྱག་གིན་ཡོད་མོད། དངོས་སུ་ཕན་བདེ་བསྒྲུབ་ཐུབ་པ་ཞིག་བྱུང་ན། ཐེ་ཚོམ་མེད་པར་བསྒྲུབ་དགོས་པ་རེད་མ་གཏོགས། འདི་ངས་ལྕོག་གིན་ཡོད་མེད་དང་། དུས་ཚོད་ཡོད་མེད་བསམས་ཏེ་དོགས་པ་བྱ་དོན་མེད། ཅེས་གསུངས་བྱུང་།
ལེགས་སོ། །ལེགས་སོ། །གཏམ་དེ་ལོས་བདེན། ལོས་བདེན། རྒྱལ་དབང་དེ་སྲིད་དོན་ནང་མི་ཚུད་པར་ཤོག རྒྱལ་བ་རིན་པོ་ལྟ་བུ་གངས་ཅན་ཆོས་སྲིད་གཉིས་ཀྱི་དོན་གྱི་རྒྱལ་པོ་ཡིན་རུང་ཁོང་ལ་འཚེ་བའི་ཕྱི་ནང་གི་དགྲ་བོ་ཤིན་ཏུ་མི་མང་ངམ།
སྲིད་དོན་ཟེར་བ་སྟོང་གི་འདོད་པ་གཅིག་གིས་མཚོན་པའི་སྐྱག་རྫུན་ཚད་མེད་ལ་གཞིར་བྱེད་ཞིག་ཡིན་པས། དྲང་བདེན་ཆོས་ཀྱི་ལམ་དང་གཅིག་སྒྲིལ་བྱའོ་བཟང་ཟེར་ན་སུས་ཡིད་ཆེས།
སྐྱབས་སུ་མཆི་ཀརྨ་པ་རིན་པོ་ཆེ་ཁོང་་་་་ངས་ལྟས་ན་གནས་སྐབས་ནང་དུ་བཞུགས་ཏེ་གསན་བསམ་མཐར་ཕྱིན་པ་ཞིག་གནང་ཐུབ་ན་སྤྱི་སངས་རྒྱས་དང་ཡང་དགོས་མཉམ་མེད་བཀའ་བརྒྱུད་པ་ཡོངས་ཀྱི་
བསྟན་པ་བཅས་ལ་ཕན་ཐོག་ངེས་་་་་་་་་་་་་གཞན་ཆབ་སྲིད་ཀྱི་ལྡིང་ཆ་འདྲ་མིན་སྟེང་ག་དུས་ཡིན་ན་ཕེབས་ན་ཉིན་གཅིག་རང་ཉིད་མཚན་མཐོང་མེད་པ་མ་ཟད་སྤྱི་ཚོགས་ནང་མཐོང་ཆུང་ཁྱད་གསོད་བྱེད་ཡུལ་ཞིག་ཏུ་མི་ཆགས་པ་ངེས་པ་ཏན་ནས་མེད་ལྷག་པར་དུ་གཞུང་འབྲེལ་མིན་པའི་ཚོགས་པ་དེ་ཚོ་ལ་འབྲེལ་བཏུབས་བྱེད་ཡ་མང་ན་ཉིན་གཅིག་རང་ཉིད་ཚོང་རྫས་བྱེད་ངེས་རེད་དེ་དོན་ལྷ་དགོངས་སུ་མངའ་བར་མཁྱེན་
དཔལ་་་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ། སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག
ངོ་མ་འཁོར་ཡུག་འདི་གལ་ཆེན་པོ་རེད་ཡ།
བོད་མི་རིགས་དང་རྒྱལ་ཁབ་གྱི་ཆེད་དུ་རྒྱལ་བ་ཀརྨ་པ་རིནཔོ་ཆེ་མཆོག་གི་་མཛད་འཕྲིན་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཡོང་བའི་སྨོན་འདུན་གྲངས་མེད་ཞུ།།
དྲ་ངོས་ཀྱི་མདུན་ཤོག་སྟེང་གི་བོད་པའི་ངོ་རྒོལ་བ་དེ་ཚོ་ནི་དངོས་གནས་འཇིགས་སུ་རུང་བ་ཞིག་འདུག་མཐོང་བ་ཙམ་གྱིས་
མི་ཡི་རིགས་སུ་གྱུར་པ་ཐ་དག་སྐྱི་གཡའ་དགོས་པ་ཞིག་འདུག་།།
དཔལ་རྒྱལ་བ་ཀརྨ་པ་མཆོག་གང་ཅན་སྟན་འགྲོའི་མགོན་དུ་ཞབས་པད་ཡུན་དུ་བརྟན་པའི་སྨོན་འདུན་དང་གསོལ་འདེབས་གྲངས་མང་ཞུ།
ད་ལོ་བོད་དོན་ལ་ལོ་ཡག་སྐལ་བཟང་ཞིག་མ་ཤར་ཐལ། ཨོ་བྷ་མས་ཏཱ་ལའི་བླ་མར་མཇལ་འཕྲད་མ་གནང་བ་དང་། ཨོ་བྷ་མ་རྒྱ་ནག་ལ་ཕེབས་རྒྱུའི་བདུན་ཕྲག་འགའི་སྔོན་ལ་རྒྱ་ནག་གཞུང་གིས་མི་བཞིའི་སྲོག་བླངས་ཏེ་ཨོ་བྷ་མར་སྣེ་ལེན་བྱས་སོང་། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ཞེས་འབོད་པའི་གནད་དོན་ཏེ། ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བའི་སྲོག་ཤིང་འདྲ་བོ་དེ་ཆགས་ཚར་འདུག
ཨ་རིའི་སྲིད་འཛིན་རྒྱ་ནག་ལ་ཡོང་སྐབས་རྒྱ་ནག་གིས་ཁོང་ལ་བོད་ཀྱི་གནད་དོན་ཐོག་ལག་པ་མ་འཆང་ཞེས་པའི་བརྡ་ལན་དུ་ལྷ་ས་ནས་མི་བཞི་ ༢༠༠༨ ལོའི་དོན་རྐྱེན་དང་སྦྱར་ནས་སྲོག་ཐོག་ལ་བཏང་འདུག འདིའི་ཐད་ཕོ་བྲང་དཀར་པོའི་གཞུང་གིས་མ་གོ་མདོག་གིས་ཁུ་སུམ་མེར་བཞུགས་པ་ནི་ཧ་ལས་དགོས་པའི་དོན་དག་ཅིག་མ་རེད་དམ།
ད་ལོ་བོད་དོན་ལ་ལོ་ཡག་སྐལ་བཟང་ཞིག་མ་ཤར་ཐལ། ཨོ་བྷ་མས་ཏཱ་ལའི་བླ་མར་མཇལ་འཕྲད་མ་གནང་བ་དང་། ཨོ་བྷ་མ་རྒྱ་ནག་ལ་ཕེབས་རྒྱུའི་བདུན་ཕྲག་འགའི་སྔོན་ལ་རྒྱ་ནག་གཞུང་གིས་མི་བཞིའི་སྲོག་བླངས་ཏེ་ཨོ་བྷ་མར་སྣེ་ལེན་བྱས་སོང་། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ཞེས་འབོད་པའི་གནད་དོན་ཏེ། ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བའི་སྲོག་ཤིང་འདྲ་བོ་དེ་ཆགས་ཚར་འདུག
ཨ་རིའི་སྲིད་འཛིན་རྒྱ་ནག་ལ་ཡོང་སྐབས་རྒྱ་ནག་གིས་ཁོང་ལ་བོད་ཀྱི་གནད་དོན་ཐོག་ལག་པ་མ་འཆང་ཞེས་པའི་བརྡ་ལན་དུ་ལྷ་ས་ནས་མི་བཞི་ ༢༠༠༨ ལོའི་དོན་རྐྱེན་དང་སྦྱར་ནས་སྲོག་ཐོག་ལ་བཏང་འདུག འདིའི་ཐད་ཕོ་བྲང་དཀར་པོའི་གཞུང་གིས་མ་གོ་མདོག་གིས་ཁུ་སུམ་མེར་བཞུགས་པ་ནི་ཧ་ལས་དགོས་པའི་དོན་དག་ཅིག་མ་རེད་དམ།
དཔལ་རྒྱལ་བ་༸ཀརྨ་པ་མཆོག་གི་མཛད་འཕྲིན་ལྷུན་གྱིས་འགྲུབ་པའི་སྨོན་འདུན།
རྒྱལ་བ་ཀརྨ་པ་འདི་བླ་མ་ཡག་པོ་ཞིག་འདུག མ་འོངས་པར་བོད་རིགས་རྣམས་ལ་ཅུང་ཟད་ཕན་ཐུབ་ན་སྙམ། འོན་ཀྱང་སྐུ་ཉིད་རྒྱ་ནག་དང་རྒྱ་ནག་གི་ལུགས་སྲོལ་རྣམས་ལ་ཐུགས་ཧ་ཅང་གི་བརྙེས་པོ་འདུག་ཟེར། དེ་འདྲ་གང་ཡིན་ནམ།
བོད་ཀྱི་དུས་བབ་ལགས།
གཤམ་གྱི་འདི་ཚོའང་ནོར་འདུག མ་གཞི་དེ་ཉིན་ང་རང་ཡང་ཚོགས་ཐོག་དེར་དངོས་སུ་ཞུགས་རྒྱུ་བྱུང་སྟབས། ཁྱེད་རང་ཚོས་ཡི་གེར་ཕབ་སྟངས་འདིས། བཤད་མཁན་དང་གསུང་མཁན་གྱི་ཚིག་ཁ་ཤས་གོ་ནོར་ཅན་དུ་བྱས་ནས་ཡོད་པའང་ཁ་ཤས་འདུག་སྟེ། གང་ལྟར་ང་རང་གི་རེ་བ་ནི། གཤམ་གྱི་འདི་ཚོ་བཟོ་བཅོས་ཤིག་ཞུ་རོགས་ཞེས་པ་འདི་ཡིན།
རྡ་ས་ཉིན་མོའི་སློབ་གྲྭ མེག་གྷན་ཉིན་མོའི་སློབ་གྲྭ
སྐུ་མགྲོན་གཙོ་བོ། སྐུ་མགྲོན་གཙོ་བོར།
གྲོས་མཆོད། གྲོས་ཆོད།
ལ་བ། ལྭ་བ།
ནགས་ཚུལ། ནགས་ཚལ།
ཆུ་སློག ཆུ་ལོག
སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་༧ཀརྨ་པ་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་བཅས།།