མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་སར་ཟས་བཅད་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཕྱི་ཚེས་ཉི་ཤུ་ཉིན་རྒྱལ་ས་ལྷ་སར་བོད་རིགས་ན་གཞོན་བློ་བཟང་རྒྱལ་མཚན་དང་ལོ་ཡག སྤེན་སྐྱིད། ལོ་རྒྱུས་གསལ་ཁ་མེད་པ་ཞིག་བཅས་མི་བཞི་རྒྱ་གཞུང་གིས་སྲོག་ཐོག་ཏུ་བཏང་ཡོད་པ་དེར་ངོ་རྒོལ་དང་གདུང་སེམས་མཉམ་སྐྱིད་ཆེད་བཞུགས་སྒར་ངྷ་རམ་ས་ལར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད།

དེ་རིང་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་ཐོག་ངྷ་ས་ས་གནས་གཞོན་ནུའི་གོ་སྒྲིག་འོག བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་སྒོ་འགྲམ་དུ་བོད་མི་སྐྱ་སེར་ ༣༠ ཡིས་ཉེ་ཆར་ཕྱི་ཚེས་ཉི་ཤུ་ཉིན་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཉེས་མེད་ ༤  སྲོག་ཐོག་ལ་བཏང་ཡོད་པར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད། ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་ཞོགས་པའི་ཆུ་ཚོད་ ༦ ནས་དགོང་དྲོའི་ཆུ་ཚོད་ ༦ བར་ཆུ་ཚོད་བཅུ་གཉིས་རིང་ཡིན་པ་དང་། སླར་ཉེས་མེད་བོད་མི་དམར་གསོད་མི་གཏོང་ཆེད། མི་མང་ལ་མཚན་རྟགས་བསྡུ་རུབ་བྱས་ཏེ། ཨ་རིའི་སྲིད་འཛིན་དང་ཡུ་རོབ་མཐུན་ཚོགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན། འཛམ་གླིང་ཆོས་ལུགས་ཁག་གི་དབུ་ཁྲིད་བཅས་ལ་འབུལ་འཆར་ཡོད་འདུག དེ་བཞིན། ཉིན་རྒྱབ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གསོལ་འདེབས་མཆོད་འབུལ་ཞིག་ཞུ་རྒྱུ་ཡིན་པ་དང་། དགོང་མོ་མར་མེ་ཁྲོམ་སྐོར་ཅིག་ཀྱང་གོ་སྒྲིག་གནང་ཡོད་འདུག  

 

སྐབས་དེར་ས་གནས་གཞོན་ནུའི་རྒྱུན་ལས་འཕྲིན་ལས་ལགས་ཀྱིས་ཐེངས་འདིའི་ཟས་བཅད་ངོ་རྒོལ་གྱི་དམིགས་ཡུལ་སྒྲོག་སྦྱོང་གནང་དོན། ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༢༠ ཉིན་རྒྱ་གཞུང་གིས་སྐྱེས་ཡུལ་ལྷ་ས་ཀླུ་སྦུབ་ནས་ཡིན་ཞིང་རང་ལོ་ ༢༧ ཡིན་པའི་རང་རིགས་རྒྱལ་གཅེས་དཔའ་བོ་བློ་བཟང་རྒྱལ་མཚན་དང་། སྐྱེས་ཡུལ་ལྷ་ས་ཞོལ་ནས་ཡིན་ཞིང་རང་ལོ་ ༢༥ ཡིན་པའི་ལོ་ཡག སྐྱེས་ཡུལ་ས་སྐྱ་ནས་ཡིན་ཞིང་རང་ལོ་ ༢༡ ཡིན་པའི་སྤེན་སྐྱིད། གཞན་སྐྱེས་ཡུལ་དང་རང་ལོ། མཚན་སོགས་ཤེས་རྟོགས་མ་ཐུབ་པ་གཅིག་བཅས་ལ། ཁྲིམས་མེད་ལུགས་མེད་དང་མ་ཉེས་ཁག་གཡོག་གིས་ཕྱི་ལོ་ ༢༠༠༨ ལོའི་ཆོལ་གསུམ་གཅིག་ཏུ་སྒྲིལ་གྱི་ཞི་རྒོལ་ཆེན་མོའི་སྐབས། རྒྱ་གཞུང་གིས་གོ་སྒྲིག་ལྡན་པའི་ངན་བྱུས་ལྐོག་གཡོའི་ལས་འཆར་བསྒྲིགས་ཏེ། ཆེད་མངགས་ཀྱིས་བཟོས་པའི་ལྷ་སའི་ཁྲོམ་གཞུང་གི་ཚོང་ཁང་འགར་མེ་བརྒྱབས་པ་དེ་ཉེས་མེད་བོད་མི་ཁོང་བཞི་ལ་ཉེས་འཛུགས་བྱས་ཤིང་། ངོས་ལེན་ཡོད་མེད་ཀྱི་ཁྲིམས་གཏུག་དང་ཁྲིམས་བཤེར་སོགས་ཀྱི་གོ་སྐབས་འཕྲོག་སྟེ་དམར་གསོད་བཏང་ཡོད། ཐེངས་འདིའི་རྒྱ་གཟུང་གི་བྱེད་སྤྱོད་དེ་ལ་ང་ཚོ་ངྷ་ས་ས་གནས་གཞོན་ནུའི་ཚོགས་མི་ཡོངས་ནས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད། ཅེས་བརྗོད་སོང་།

 

ཡང་བསྒྲགས་གཏམ་དེའི་ནང་དགོས་འདུན་དོན་ཚན་ ༣ བཀོད་དོན། དང་པོ། ཉེས་མེད་ཉེས་འཛུགས་ཀྱི་སྲོག་ཁྲིམས་བཅད་པའི་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཕུན་ཚོགས་དང་རྐང་བཙུགས་གཉིས་དམར་གསོད་གཏོང་མི་ཆོག་ལ། ཚེ་བཙོན་ཁྲིམས་ཐག་བཅད་ཟིན་པ་རྣམས་ཀྱང་མགྱོགས་མྱུར་གློད་གྲོལ་གཏོང་དགོས། གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་དང་ཡུ་རོབ་མཐུན་ཚོགས་བཅས་ནས་རྒྱ་ནག་གི་དམར་གསོད་མཚམས་འཇོག་བྱ་དགོས་པའི་གནོན་ཤུགས་སྤྲོད་དགོས། གསུམ་པ། ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་རྒྱ་ནག་ལ་ཕེབས་སྐབས། ཉེས་མེད་ཉེས་འཛུགས་ཀྱིས་བཙོན་དུ་བཅུག་པ་རྣམས་གློད་གྲོལ་དང་། ཁྲིམས་མེད་ལུགས་མེད་ཀྱིས་ཁྲིམས་ཐག་བཅད་མི་ཆོག་པའི་རེ་འདུན་འདོན་རྒྱུ། ཞེས་བཀོད་འདུག

 

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༡༤ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༡༩ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 13

  1. བཀྲ་ཤིས། says:
    ལོ་ 17 སྔོན།

    དངོས་གནས་བཤད་ན་ཡག་པོ་རེད་དེ།
    བོད་ནང་གི་གནས་སྟངས་ལ་ལྟས་ན་ཧ་ཅང་གི་ཉེན་ཁ ཡོད་པ་དང་དཔེ་མི་སྲིད་པ་གང་ཡང་མ་རེད། བོད་ནང་དུ་རང་སྲོག་བློས་གཏང་ནས་ལས་དཀའ་མང་པོ་བྱེད་བཞིན་ཡོད་པ་དེ་ཚོའི་ཆེད་དུ་ང་ཚོས་གང་ཡིན་ན་བྱེད་ཕོད་པ་དང་བྱེད་ཐུབ་པ་དགོས་ངེས་རེད།

    Reply
  2. བཙན་པོའི་བུ། says:
    ལོ་ 17 སྔོན།

    སྨར་དྷི་ཟེར་ལགས།
    ཁྱེད་ཀྱིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་ཡིད་ཆེས་བྱེད་མ་ཐུབ་པ་བཞིན། ངས་ཀྱང་ཁྱེད་ལ་ཡིད་ཆེས་མེད་ཅེས་བརྗོད་འདོད་བྱུང་།

    ངས་ཁྱེད་ལ་དྲི་བ་ཞིག་འདྲི།
    “བོད་ནང་སྐུ་སྲོག་ཤོར་བས་རྒྱལ་བཅེས་དཔལ་བོ་དཔལ་མོ་”
    ཞེས་པའི་བོད་ཡིག་འབྲི་སྟངས་འདི་སུ་ཞིག་གིས་ཁྱེད་ལ་བསླབ་སོང་ངམ། ཁྱེད་ལྟར་ན་བོད་ཡིག་ཅེས་པ་དེ་གང་དགར་ཅི་བྱུང་གིས་འབྲི་ཆོག་པ་ཞིག་ཏུ་འདོད་ཀྱང་། ངའི་རེ་བ་ལྟར་ན། ད་དུང་ཁྱེད་ཀྱིས་བོད་ཡིག་འབྲི་རྩོམ་ཀྱི་ཕྱོགས་ལ་ཐུགས་གཟབ་ནན་མོ་ཞིག་གནང་དགོས་པར་སེམས།

    Reply
  3. བཙན་པོའི་བུ། says:
    ལོ་ 17 སྔོན།

    བཤད་སྒྲུབ་ལགས།
    དོན་གྱི་སྡོང་བོ་ཚིག་གི་ལོ་མས་བརྒྱན།
    ཚིག་གི་ལོ་མ་སད་དང་སེར་བས་བཅོམ།
    གབ་ཚིག་འདི་ཁྱེད་ཀྱིས་ཁེད་སོང་ན། ཁྱོད་ལ་འགྱུར་བ་ཞིག་འགྲོ་ངེས་ཡིན།

    Reply
  4. འདྲེ་ཤིག་གསོན་པོ། says:
    ལོ་ 17 སྔོན།

    ང་ཚོའི་ཚེ་སྲོག་གི་རིན་ཐང་གཞན་ལས་མི་དམན་པ། དྲང་བདེན་དང་རང་དབང་ལ་དུངས་བའི་ས་སྒང་འདིའི་མི་བུ་ཁྱོད་ཚོས་ཤེས་ཀྱིན་ཨེ་ཡོད། ཉེས་མེད་ཚེ་སྲོག་དུ་མ་དགྲ་བོའི་མཚོན་འོག་ནས་འདི་ལྟར་ལམ་ལ་ཆས་དགོས་སོང་། ཇི་འདྲའི་ཡིད་ཕམ་པ་ཞིག་རེད་ཨང་། བདེན་དོན་ལ་རྩི་འཇོག་བྱེད་པའི་མི་རྣམས་ཀྱིས་རྒྱབ་རྐྱོར་བྱེད་རོགས།

    Reply
  5. སྨར་དྷི་ཟེར། says:
    ལོ་ 17 སྔོན།

    བོད་ནང་སྐུ་སྲོག་ཤོར་བས་རྒྱལ་བཅེས་དཔལ་བོ་དཔལ་མོ་དེ་དག་ལ་སྙིང་ནས་གུས་འདུད་ཞུ།
    དེ་རིང་དྷ་ས་གཞོན་ནུ་ཚོགས་པས་སེར་མོ་ཚོ་ཚོང་རྫས་བྱེད་འདུག་ལྟོས་དང་དྲ་གྲོགས་ཚོ་་་་་་་་་་་་་་་་་་་་་་་་ཟས་བཅད་ངོ་རྒོལ་ནང་མཉམ་གཞུགས་བྱེད་གཞོན་ནུ་ཚོགས་མི་ཅིག་ཀྱང་ཡོད་མདོགས་མི་འདུག་་་་་་་་་་་་་་་ད་དུང་ཁོང་ཚོ་ལས་འགུལ་སྤེལ་རབས་བཀའ་ལས་ཁག་རབས་རྐྱང་གི་སྙན་ཐོ་ཞིག་འདོན་ངེས་
    ད་ནི་གཞུང་འབྲེལ་མ་ཡིན་པས་ཚོགས་པ་ལ་ཡིད་ཆས་ཏན་ནས་མེདདདདདདདདདདདདདདདདདདདདདདདདདདདད་

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    མི་རིགས་ཤིག་གི་ལས་འགུལ་ཟེར་ནས་ཆུ་ཚོད་ཁ་ཤས་ཤིག་གི་རིང་གི་ཆབ་བསྒྲགས་ལྟ་བུ་ཞིག་དུ་གྱུར་བ་ནས་བཟུང་དེ་བྱེས་པ་དག་འདི་ལྟར་གཉིད་དུ་གཡུར་བའི་ལས་འགུལ་རེ་ལ་གོམ་ཡོད་པ་དེ་དག་གིས་རྐྱེན་གྱིས་རྒྱའི་སྲིད་གཞུང་གི་སེམས་པ་བདེ་ནས་བསྡད་ཡོད་པ་རེད།

    Reply
  7. བཤད་སྒྲུབ says:
    ལོ་ 17 སྔོན།

    ང་ཚོ་བཙན་བྱོལ་དུ་སྡོད་རིང་གྲུབ་འབྲས་ཐོན་མིན་ལ་མ་ལྟོས་པར་སེམས་ཤུགས་དང་ལྷག་བསམ་ལ་འགྱུར་བ་མེད་པར་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་མིང་ཐོག་ནས་ཆབ་སྲིད་ཀྱི་ལས་འགུལ་ཐེངས་མང་སྤེལ་ཏེ་ལོ་ཟླ་ཇི་ཙམ་ཞིག་འགྲོ་ཟིན་པ་ནི་ངོ་མ་སྐྱབས་བཅོལ་བོད་མའི་གཟི་བརྗིད་དང་གཞིས་བཞུགས་བོད་རིགས་སྤུན་ཚོ་ལ་ངོམ་རིན་ཆོག་པའི་ལི་རྒྱུས་ཞིག་རེད་འདུག་སྙམ། དེས་ན་བོད་རིགས་ཡོད་ཚད་ལ་རང་ཉིད་བོད་རིགས་ཞིག་ཡིན་པའི་ཆ་ནས་བོད་མི་རིགས་འདི་གནས་ཐུབ་དང་མི་ཐུབ་པའི་ས་འཚམ་ཞིག་ལ་སླད་ཡོད་པར་ངོས་འཛིན་ལྡན་པའི་ཐོག་སོ་སོ་རང་ཉིད་ཀྱི་ནུས་པས་གང་འགྱོན་སྒྲུབ་དགོས་པའི་བོད་བསྟན་པ་ཆབ་སྲིད་ལ་འགན་ཞིག་ཡོད་ངེས་ཀྱང་ད་བར་ཆབ་སྲིད་ཀྱི་ལས་འགུལ་སྣ་ཚོགས་ཞིག་སྤེལ་བའི་ཁྲོད་ཕྱིར་མིག་ཅིག་ལྟས་ན་བོད་རིགས་རྒན་གཞོན་བར་གསུམ་ནང་ཤེས་འགྱོན་ཅན་ཞིག་ཡིན་ཟེར་མཁན་དང་དུས་རྒྱུན་མི་མང་ལ་ལམ་ལྟོན་གནང་མཁན་སྐུ་ངོས་ཚོ་གཙོའི་གུས་བསྐུལ་ཆེ་བའི་མི་སྣ་མང་པོ་ཞིག་ཆབ་སྲིད་ཀྱི་དགོས་དམིགས་ལ་ཐུགས་ཞིབ་ཟབ་ཆེ་བས་ཡིན་ནམ་མཁྱིན་རྒྱར་ལེ་བ་ལྟོང་ཁྲག་བརྒལ་བ་ཡོད་པའི་ཁོང་རྣམས་པས་རྣམ་དཔྱད་ལས་གྲུ་པའི་མན་ངག་གསར་པ་ཞིག་བརྙེད་པ་ཡིན་མི་ཤེས་། གང་ལྟར་བདག་འདྲ་བ་ཞིག་གི་དཔྱད་མི་བཟོད་པས་ནམ་ཡང་དགའ་སྒྲུབ་བྱེད་པའི་ཚིག་དོན་ལ་ངལ་བ་བྱེད་དགོས་མ་མཐོང་བས་རང་ངོས་ནས་ལྟ་སྟངས་ཞིག་ལ་དེ་ནི་སྤྱི་ཚོགས་ནང་གི་བདེ་སྐྱེད་དང་ཞི་བདེ་ལྷིང་འཇག་ལ་གནོད་པའི་དབྱིན་དཀྲུགྶ་ཀྱི་ལས་དོན་ཞིག་ལས་ངོས་འཛིན་མེད་། འོན་ཀྱང་སོ་སོའི་གནས་ཚུལ་གང་ཞིག་དགག་བྱ་མེད་པར་དངོས་ཡོད་དུ་མཐོང་ན་བདེན་པའི་རྒྱབ་ལང་བྱེད་རྒྱུ་འོས་འཚམ་ཡིན་པ་མཐོང་བས་ལྟ་སྟངས་འདི་གཉིས་ཁ་གསལ་ཡིན་། དེས་ན་ཉིན་འཆར་དབུས་གྲོས་ཚོགས་ཀྱི་ལྡིང་ཆས་སྟིང་འཛིན་ཟོན་མེད་པར་ཕྱོགས་ཞེན་ཀྱི་གཏམ་བཤད་གནང་མཁན་སྐུ་འོས་བོད་མི་མང་སྤྱི་མཐུས་རྣམས་པས་ངར་ཤུགས་ཆེ་བའི་དགྲ་དགའ་གཉིན་སྡུག་གྱི་བརྩོད་རྙོག་དེ་འདྲ་ཞིག་ལས་ལྷག་པར་ཆབ་སྲིད་ཀྱི་དགོས་མཁོར་ཆེ་ལ་འོས་འཚམ་ལྡན་པའི་ལས་འགུལ་འདི་འདྲ་ཞིག་གི་ནང་གཉམ་ཞུགས་བྱེད་ན་དགའ་བར་ཐེ་ཚོམ་མེད་པ་རང་གཞན་ཚང་མས་བཤད་ཐུབ་པ་ཞིག་རེད་། མ་ཚད་ད་བར་ངོ་རྒོལ་ཀྱི་ལས་འགུལ་རྣམས་སུ་ཞུགས་མཁན་འཕེལ་ཆེ་བར་དགེ་འདུན་པ་དང་བརྩོན་མ་ཡིན་པའི་དངོས་ཡོད་མཐོང་སྣང་དང་ལོ་རྒྱུན་ཞིག་དཀྲུན་ཡོད་། དོན་འདིར་རྣམས་པ་ཚོའི་འཆན་འདི་མ་གཟིགས་པའི་སྔོན་ཏུ་གོང་གི་འདྲ་པར་ནང་ཡོད་པའི་ངོ་རྒོལ་ལས་འགུལ་བ་རྣམས་ཀྱི་བརྙེས་པ་ལ་གཟིགས་དུས་ནས་འཚོ་སྣང་འདི་འདྲ་ཞིག་ཤར་ངེས་ཡིན་།

    Reply
  8. དཀོན་མཆོག says:
    ལོ་ 17 སྔོན།

    རྒྱལ་གཅེས་དཔའ་བོ་ཁྱེད་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཡོད།

    Reply
  9. བཀྲ་ཤིས་ཟླ་བ། says:
    ལོ་ 17 སྔོན།

    སྲིད་འཛིན་ཨ་བྷ་མ་གྲུབ་པ་ཐོབ་ཚར་བོད་པའི་སྐོར་རེ་བ་བྲལ་ཚར།

    སྤྱི་འཐུས་རྣམ་པ་ཚོ་ལ་རེ་བ་ཞིག་མ་བྱེད་ན་ཐབས་མེད། གང་ཡིན་ཞིག་ན་ཁོང་ཚོ་སུ་གང་ལ་སྐྲག་གི་མེད་པ་རེད། རིགས་རུས་དང་དཔལ་འབྱོར་ཡོད་མཁན་ཡོད་མཁན་ཤ་སྟག་རེད།

    Reply
  10. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    ཟས་བཅད་ངོ་རྒོལ་བྱས་ན་ཕན་ཐོགས་ཡོད་ས་ཞིག་དང་མེད་ས་ཞིག་གཉིས་ཡོད། ཡོད་ས་དེ་ནི་རྒྱ་གར་དབང་སྒྱུར་བྱེད་མཁན་དབྱིན་ཇིའི་གཞུང་དེ་རེད། ཕན་ཐོགས་མེད་ས་དེ་ནི་བོད་པར་དབང་སྒྱུར་བྱེད་མཁན་རྒྱ་ནག་གཞུང་འདི་རེད། ང་ཚོའི་ཆབ་སྲིད་པ་ཚོས་འདི་གཉིས་ཀྱི་ཁྱད་པར་མ་ཤེས་ནས་མི་དམངས་ཚོ་ལྟོགས་ཤིར་གཏོང་རྩིས་རེད། ང་ཚོའི་མི་དམངས་ལ་མཚོན་ན་ཟ་རྒྱུ་ཡོད་ཚད་དེ་ཟོས་གྱོན་རྒྱུ་ཡོད་ཚད་དེ་གྱོན་ནས་སྐད་ཤུགས་དང་ལུས་ཤུགས་ཆེན་པོའི་སྒོ་ནས་ཁ་འཛམ་གླིང་ལ་གཏད་དེ་ངོ་རྒོལ་ལས་འགུལ་སྤེལ་དགོས་པ་རེད་མ་གཏོགས། ཁ་ནང་ལ་ཆུ་ཐིགས་གཅིག་ཀྱང་འགྲོ་རུ་མ་བཅུག་ནས་ཁ་མུག་མུག་མ་ཎི་འདོན་བཞིན་སྤེལ་རྒྱུའི་ལས་འགུལ་ཞིག་མ་རེད། བསྙུང་གནས་བསྲུང་གི་ཡིན་ན་ཁྲོམ་ལ་ཡོང་དགོས་ཀྱི་མ་རེད། རང་རང་གནས་སའི་དགོན་པ་རུ་བསྲུང་ཆོག་གི་རེད། གྲྭ་རྐྱང་ཚོ་སྙིང་རྗེ། མི་སྐྱ་ཚོ་སྐྱིད་དུས་གྲྭ་པས་ཅིག་བྱས་སོང་མུག་ལས་སོང་ཟེར་གི་རེད། སྡུག་དུས་ཁྲོམ་ལ་བཤམས་ནས་ལྟོགས་སྐོམ་མྱོང་གི་འཇུག་གི་རེད། ད་གྲྭ་རྐྱང་ཚོ་སྙིང་རྗེ། བོད་བསྟན་པ་ཆབ་སྲིད་ཀྱི་དོན་ཡིན་ན་ཅིག་ཟེར་གི ཧུན། ཨོ་ན་མགོ་བཀའ་བློན་སྤྱི་འཐུས་ཚོ་རང་རང་གི་སྐྱེས་དམན་ཚོའི་ལྟུ་ལྡག་ནས་མ་ཁོམ་པར་ཡོད་དམ།

    Reply
  11. མི་ཉག་སྐལ་བཟང་། says:
    ལོ་ 17 སྔོན།

    ཁ་བདེ་པོ་ཚོས་སྐད་ཆ་རྫིག་པོ་རེད་ཤོད། མགོ་བདེ་པོ་ཚོས་སྦྱིན་བདག་རེ་གཉིས་རེ་འཚོལ། ལག་བདེ་པོ་ཚོས་སྒྱུ་རྩལ་གྱི་རིས་མོ་མི་འདྲ་བ་རེ་ཕྲིས། ང་ལྟ་བུའི་སེམས་ཤུགས་ཡོད་མདོག་མདོག་བྱེད་མཁན་ཚོས་མི་མང་པོར་སེམས་ཤུགས་སྣོན་མ་རེ་བྱིན་པའི་ཚུལ་གྱིས་སྒེར་ལངས་ལས་འགུལ་ཆེན་མོ་ཞིག་སྤེལ་ཐུབ་ན་ཐག་ཅིག་ཆོད་ངེས་རེད།

    Reply
  12. མི་ཉག་སྐལ་བཟང་། says:
    ལོ་ 17 སྔོན།

    དགའ་བསུ་ཡོད། ཡིན་ན་ཡང་པར་རིས་དེར་བལྟས་དུས་ཆུ་ཚོད་ཁ་ཤས་རིང་ཁྲལ་རྒྱུགས་པ་ལྟ་བུ་ལས་ཚོར་སྣང་གཞན་གང་ཡང་མཐོང་མ་སོང་། གྲོད་ཁོག་སྟོང་པ་བསྡད་མཁན་ཚོར་དགོངས་འགལ་མེད་པར་གྱིས། ཞུ་འདོད་པ་ནི། ལུགས་སྲོལ་ལྟ་བུའི་འོག་ནས་སྐར་མ་འགའ་ཤས་མྱ་ངན་གྱིས་བསྡད་པ་དང་། ཚོུད་འགའ་ཤས་ཟས་མེད་ངོ་རྒོལ་བརྩམས་པ་ཙམ་གྱིས་ང་ཚོས་ནུས་པ་ཐོན་གྱིན་མི་འདུག ད་ནི་གཞིས་བྱེས་གཉིས་སུ་ཆོལ་གསུམ་སྤུན་ཟླ་ཡོངས་རྫོགས། སྐྱ་སེར་ཁྱད་མེད། བླ་སྤྲུལ་ཁྱད་མེད། བུ་དང་བུ་མོ་ཁྱད་མེད། རྒན་གཞོན་བར་གསུམ་ཡོངས་རྫོགས་ཀྱིས་སླར་ཡང་སྒེར་ལངས་ལས་འགུལ་ཆེན་མོ་ཞིག་སྤེལ་རན་འདུག

    Reply
  13. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    ཧོར་དམག་ཁྲོས་པའི་རལ་གྲིའི་རྣོ་ཁ་ནས། །
    ཀླུང་ཆེན་ཁྲག་ལ་འགྱུར་བའི་བྱུང་བ་དེ། །
    བརྩེ་མེད་གུང་ཁྲན་ཏང་གི་སྒོ་ཁ་རུ། །
    དུས་འདིར་ལན་གཅིག་ཤར་ན་ཆོག་པ་ལ། །

    ང་གུང་ཁྲན་ཏང་ལ་འཚིག་པ་ཟ་གིས།

    ཨཱོ། སྨོན་ལམ་འདི་འདྲ་རང་བཏབས་ན་འགྲིག་གི་མི་འདུག

    འགྲོ་མགོན་འཕགས་པའི་ཐུགས་ལ་འཁྲུངས་པ་ཡི། །
    ཚད་མེད་སྙིང་རྗེའི་སྦྲང་ཆར་སིལ་མ་དེ། །
    ཁྲོ་སྡང་སེམས་ཀྱིས་རང་རྒྱུད་འཚིགས་པ་ཡི། །
    རྒྱར་རྒན་རྒན་པོའི་རྒྱུད་ལ་འབབ་པར་སྨོན། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese