ཁ་སང་ཕྱི་ཚེས་ ༢༥ ཉིན་ ཨི་རག་གི་རྒྱལ་ས་བྷ་གྷ་ཌི་ Bahdgad ནང་འཇིགས་སྐུལ་དྲག་སྤྱོད་པས་འབམ་རྫས་ཐེངས་གཉིས་ལ་གཡུགས་ཏེ། ཉུང་མཐར་མི་ ༡༣༢ ཀྱི་ཚེ་སྲོག་ཤོར་ཡོད་པ་དང་། གཞན་མི་ ༥༠༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག
ཐེངས་འདིའི་འབམ་རྫས་དེ་གཉིས་རྒྱལ་སའི་སྤྱི་སྤྱོད་རླངས་འཁོར་ནང་བཞག་ཡོད་པ་དང་། སྲིད་དོན་ཉམས་ཞིབ་པ་ཚོས་བརྗོད་ན། དེ་ནི་ཨི་རག་གི་རྒྱལ་ས་བྷ་གྷ་ཌིར་ཡོད་པའི་སྲིད་གཞུང་དང་ཁྲིམས་ཁང་ལ་དམིགས་ནས་གཏོར་རྒོལ་བྱས་པ་ཡིན་ཚུལ་ཚོད་དཔག་བྱེད་ཀྱིན་ཡོད་འདུག དོན་རྐྱེན་འདིའི་ཐད་ཨི་རག་ནང་སྲིད་ལས་ཁུངས་ཀྱིས་མྱུར་སྐྱོབ་ཀྱི་བྱེད་སྒོ་སྤེལ་གྱིན་ཡོད་ནའང་། མི་ཤི་ཚད་ཀྱི་གྲངས་འབོར་ད་དུང་མང་དུ་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག
ད་སྔ་དོན་རྐྱེན་འདིིའི་འབྱུང་རྐྱེན་དང་འབམ་རྫས་འཇོག་མཁན་སུ་ཡིན་གྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་མེད་ཀྱང་། ཨི་རག་གི་དྲག་སྤྱོད་དོན་རྐྱེན་ནི་ན་ནིང་ལས་ཅུང་ཉུང་དུ་ཕྱིན་ཡོད་མོད། ད་དུང་མུ་མཐུད་དྲག་སྤྱོད་ཚོགས་པས་ཨི་རག་གི་བདེ་འཇགས་དང་། མི་དམངས་ཀྱི་འཚོ་བར་ཕུང་དཀྲུག་སློང་གིན་ཡོད་འདུག
རྒྱ་མ་ཁྲི་ཁང་ལགས། བླ་མ་ཁྱེན་ནོ་་་་་་་་་་ཞེས་འབྲི་རྒྱུ་མ་ཡིན་པར། བླ་མ་མཁྱེན་ནོ། ཞེས་འབྲི་དགོས། ད་དུང་སྨྱོན་པ་རང་རེད་།། ཅེས་པའི་མཇུག་གི་ཚགས་ཤད་དག་ཀྱང་ནོར་འདུག འདི་ལྟར་འབྲི་དགོས། སྨྱོན་པ་རང་རེད། ད་ཤེས་སོང་ངམ།
བླ་མ་ཁྱེན་ནོ་་་་་་་་་་མི་དེ་འདྲའི་མང་པོ་འདས་གྲོངས་སུ་ཕྱིན་འདུག་ངྲག་སྤྱོད་པ་དེ་ཚོ་སྨྱོན་པ་རང་རེད་།།
དྲ་གྲོགས་བཤད་སྒྲུབ་ལགས། ཁྱེད་ཀྱིས་ཁ་ནས་མ་ཎི་རེ་བགྲང་བ་ལས།
ལག་ཐོག་ནས་འབྲི་བཞིན་པའི་རང་སྐད་དེ་གཙང་མ་ཞིག་སྤེལ་ཐུབ་ན་ཅི་མ་རུང་།
ནོར། བཅོས།
བཤད་སྒྲུབ བཤད་སྒྲུབ།
དཀོན་མཆོག་མཁྱིན་་། དཀོན་མཆོག་གིས་མཁྱེན།
གལ་སྲིད་བྱེད་སྒྲ་ཤུགས་བསྟན་གྱི་དབང་དུ་བྱས་ན། དཀོན་མཆོག་མཁྱེན།
གནས་ཚུལ་འདི་འདྲའི་སྡུག་པོ་ གནས་ཚུལ་འདི་འདྲའི་སྡུག་པོ།
མ་ནི་རེ་རེ། མ་ཎི་རེ་རེ།
ཐབས་གཞན་མི་འདུག་། ཐབས་གཞན་མི་འདུག
དྲ་གྲོགས་བཤད་སྒྲུབ་ལགས། ཁྱེད་ཀྱིས་ཁ་ནས་མ་ཎི་རེ་བགྲང་ལས། ལག་ཐོག་ནས་འབྲི་བཞིན་པའི་རང་སྐད་དེ་གཙང་མ་ཞིག་སྤེལ་ཐུབ་ན་ཅི་མ་རུང་།
ནོར། བཅོས།
བཤད་སྒྲུབ བཤད་སྒྲུབ།
དཀོན་མཆོག་མཁྱིན་་། དཀོན་མཆོག་གིས་མཁྱེན།
གལ་སྲིད་བྱེད་སྒྲ་ཤུགས་བསྟན་གྱི་དབང་དུ་བྱས་ན། དཀོན་མཆོག་མཁྱེན།
གནས་ཚུལ་འདི་འདྲའི་སྡུག་པོ་ གནས་ཚུལ་འདི་འདྲའི་སྡུག་པོ།
མ་ནི་རེ་རེ། མ་ཎི་རེ་རེ།
ཐབས་གཞན་མི་འདུག་། ཐབས་གཞན་མི་འདུག
དཀོན་མཆོག་མཁྱིན་་། གནས་ཚུལ་འདི་འདྲའི་སྡུག་པོ་ ད་མ་ནི་རེ་རེ་བགྲང་རྒྱུ་ལས་ཐབས་གཞན་མི་འདུག་།
འཁོར་བ་ནི་འཁོར་བ་རང་རེད།
ཕྱི་མར་ཨི་རག་ཏུ་མི་ལེན་པ་ཤོག
མི་མང་ལ་ཁ་ཡོད་ལག་ཡོད་ཀྱི་སྤྱི་ཚོགས་ཁེ་ཕན་དང་ཚོགས་སྡེའི་འཕེལ་རིམ། མི་སྒེར་གྱི་ཁེ་ཕན་བཅས་ཀྱི་འབྲེལ་བའི་གནད་དོན་ཚད་ཐིག་ཏུ་བཟུང་ནས་སློབ་གསོ་མི་སྤེལ་བར། ལག་ཟིན་ཏུ་མེད་པའི་སློབ་གསོ་ཉ་ཉོག་སྤྲད་བསྡད་ན་མཇུག་འབྲས་འདི་འདྲ་འཁོར་བ་རེད།
མི་འདི་ཚོ་ངོ་མ་རྒྱ་ལག་ལ་འཇོག་རྒྱུ་ཏག་ཏག་རེད། ཉེས་མེད་མི་མང་བསད་ཐུབ་པ་འདི་ངོ་མ་ཅིག་རྩོག་གི སྐུ་ངོ་བཟོད་རྒྱམ་གྱིས་བཀའ་བཏང་རན་རེད་འདུག་ཡ
འཇིགས་སྐུལ་བ་འདི་ཚོ་ཨ་རིའི་ཉུག་ཡོལ་ལ་མི་འགྲོ་བར་བྷ་གྷི་ཌ་ཌི་ནང་ནས་ཅི་བྱེད་ཀི་ཡོད་ན། རང་གི་མི་རིགས་ལ་རང་གིས་དེ་ལྟར་བྱས་ནས། ལར་ཞེན་མེད་པ་རང་རེད།