མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནོར་གླིང་གི་དཔལ་འབྱོར་རིག་པ་ཕར་ཕྱིན་དྲུག་དང་སྦྲཊ་ཡོད།

བོད་ཀྱི་དུས་བབ།
༢༠༠༩/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

སྐལ་བཟང་ཡེ་ཤེས་ལགས་ཀྱིས་སྙིང་རུས་ཆེན་པོས་ཧུར་བརྩོན་གནང་བའི་ཉེར་ལེན་ལ་བརྟེན་ཏེ་། དེ་རིང་འདིར་མཛད་རྣམ་གྱི་སྟོད་ཆ་ཕུན་སུམ་ཚོགས་པ་ཞིག་འགྲེམ་སྤེལ་གནང་ཐུབ་པ་བྱུང་བ་འདི། བོད་རིགས་ཙམ་མ་ཡིན་པར་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་གོ་སྐལ་དང་། བྱུང་རབས་ཀྱི་དོན་སྙིང་ལྡན་པའི་ཕྱག་ལས་རླབས་ཆེན་ཞིག་གྲུབ་པ་རེད་སྙམ་ཡོད། ཅེས་བཀའ་ཁྲི་མཆོག་གིས་གསུངས།

 

དེ་རིང་ཞོགས་པར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་བདེ་ལྡན་གཙུག་ལག་ཁང་དུ་༧གོང་ས་མཆོག་གི་མཛད་རྣམ་སྟོད་ཆ་ཕྱོགས་སྒྲིག་༼ མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ་ ༽ ཞེས་པ་དབུ་འབྱེད་ཀྱི་མཛད་སྒོ་གཟབ་རྒྱས་ཤིག་ཚོགས་ཡོད་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་སྤྱི་ནོར་༧གོང་ས་མཆོག་དང་གསར་དུ་བསྐོས་པའི་དགའ་ལྡན་ཁྲི་རིན་པོ་ཆེ། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ། དཔལ་རྒྱལ་བ་༧ཀརྨ་པ། སྨན་རི་ཁྲི་འཛིན་མཆོག དེ་བཞིན་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཀ་བ་གསུམ་གསུམ་གྱི་མཛད་གཙོ་རྣམ་པ་བཅས་ཕེབས་ཡོད།

མཛད་སྒོའི་ལས་རིམ་ཐོག་མར་དཔལ་ལྡན་གསང་ཆེན་སྟོད་རྒྱུད་གྲྭ་ཚང་གི་དགེ་འདུན་པ་རྣམས་ཀྱིས་ཞལ་འདོན་དབུ་བསྐུལ་དང་སྦྲགས། དགའ་ལྡན་ཁྲི་རབས་བརྒྱ་དང་གཉིས་པ་གསར་དུ་བསྐོ་བཞག་གིས་༧གོང་ས་མཆོག་ལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད། དེའི་རྗེས་དཔལ་རྒྱལ་བ་༧ཀརྨ་པ་མཆོག་གིས་མཛད་རྣམ་དཔེ་དེབ་དབུ་འབྱེད་གནང་ཡོད་ལ། དེ་དང་མཉམ་དུ་སྨན་རི་ཁྲི་འཛིན་མཆོག་གིས་ནོར་གླིང་མཐོ་སློབ་མཐར་ཕྱིན་རྣམས་ལ་རབ་འབྱམས་པའི་ལག་འཁྱེར་བསྩལ་ཡོད།

 

སྐབས་དེར་ནོར་གླིང་སྤྱི་ཁྱབ་འགན་འཛིན་སྒྲོལ་མ་སྐྱབས་ལགས་ཀྱིས་ནོར་བུ་གླིང་ཁའི་གཏོང་ཡོང་དངུལ་གྱི་རྩིས་ཁྲ་སྙིང་བསྡུས་སྙན་སྒྲོན་ཞུས་དོན། དང་པོ། ཕྱི་ལོ་ ༢༠༠༣ ནས་ ༢༠༠༤ བར་ཡོང་འབབ་ཧིན་སྒོར་འབུམ་ཉིས་བརྒྱ་བརྒྱ་དང་། ཕྱི་ལོ་ ༢༠༠༩ ནས་ ༢༠༡༠ བར་ཧིན་སྒོར་འབུམ་བདུན་བརྒྱ་དང་སུམ་ཅུ་སོ་བཞི་ཙམ་བྱུང་སྟེ། འདས་པའི་ལོ་ལྔའི་རིང་ལྡབ་ ༣ ཙམ་འཕར་འདུག གཉིས་པ། ཕྱི་ལོ་ ༢༠༠༣ ནས་ ༢༠༠༤ བར་བྱུང་ཧིན་སྒོར་འབུམ་ཉིས་བརྒྱ་དྲུག་ཅུ་རེ་གཅིག་དང་། སོང་ཧིན་སྒོར་འབུམ་ཉིས་བརྒྱ་སུམ་ཅུ་སོ་དྲུག་ཙམ་རེད། ཕྱི་ལོ་ ༢༠༠༩ ནས་ ༢༠༡༠ བར་བྱུང་ཧིན་སྒོར་འབུམ་བདུན་བརྒྱུ་བརྒྱད་ཅུ་གྱ་དགུ་དང་། སོང་ཧིན་སྒོར་འབུམ་དྲུག་བརྒྱ་བདུན་ཅུ་དོན་གཉིས་རེད།

གསུམ་པ། བོད་པའི་སྤྱི་ཚོགས་ནང་དཔལ་འབྱོར་རིག་པའི་ཤེས་ཚད་སྐྱོ་བོ་རེད། སྔོན་མ་ནས་བོད་པའི་ཞིང་འབྲོག་ཕལ་ཆེ་བ་སོ་སོའི་འཚོ་བ་སོ་སོར་བརྟེན་ཡོད་སྟབས། དངུལ་གྱི་འཁོར་རྒྱུག་ཡོད་པ་མ་རེད། ཚོང་ལས་ཅན་གྱི་སྤྱི་ཚོགས་ནང་གོམ་པ་རྒྱག་རྒྱུའི་གོ་སྐབས་ཤར་མེད། མ་འོངས་པར་བོད་པའི་མི་རིགས་རིག་གནས་གནས་ཐུབ་མིན་གྱི་གནད་འགག་གཅིག་དཔལ་འབྱོར་ལ་ཐུག་ཡོད་སྟབས། ང་ཚོ་ནོར་བུ་གླིང་ཁར་མཚོན་ན། དཔལ་འབྱོར་རིག་པ་དེ་ཕར་ཕྱིན་དྲུག་གི་ལྟ་བ་དང་སྦྲགས་ནས་འགྲོ་བཞིན་ཡོད། ཅེས་ངོ་སྤྲོད་གནང་སོང་།  

 

དེའི་རྗེས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། ནོར་བུ་གླིང་ཁ་འདིར་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་རྒྱུན་འཛིན་བྱེད་པ་དང་། རྒྱུན་འཛིན་དེ་ཡང་རགས་པ་ཙམ་དང་མིང་ཙམ་མ་ཡིན་པར་ཚད་དང་ལྡན་པ་སྤུས་ཚད་ཡོད་པ། སྲོལ་རྒྱུན་དང་མ་འགལ་བའི་ཐོག་ནས་བཟོ་སྐྲུན་དང་། རིག་པའི་གཞུང་ལུགས་འཆད་སྤེལ་གྱིས་སློབ་ཕྲུག་སྐྱེད་སྲིང་བྱས་པ། གཞན་ལས་ཁྱད་དུ་འཕགས་པའི་ལས་དོན་ཡག་པོ་སྒྲུབ་ཐུབ་ཡོད་སྟབས་བསྔགས་བརྗོད་ཞུ་འོས་པ་ཞིག་ཆགས་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཞན་བརྟེན་གྱི་བསམ་བློ་དོར་ཏེ། རང་ཁ་རང་གསོ་དང་། རང་གི་འདུ་འགོད་ཀྱིས་རང་གི་གནད་དོན་ཐག་གཅོད་ཐུབ་པ་དེ་ཞེ་དྲག་ཡག་པོ་རེད། འདི་ལ་བཙན་བྱོལ་གཞུང་གི་ངོས་ནས་ངོས་འཛིན་གསལ་བོ་ཡོད། མིག་དཔེར་འོས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།

 

གཞན། མཛད་རྣམ་གྱི་ལས་གཞི་འདི་གཞིས་བྱེས་བོད་མི་ཡོངས་ཀྱིས་ཧ་ཅང་གལ་ཆེན་དུ་རྩི་བཞིན་པའི་ལས་གཞི་ཞིག་རེད། ཐོག་མར་ང་རང་ལ་མཚོན་ན་ལས་གཞི་འདི་གང་འདྲ་ཆགས་ཡོང་སྙམ་པའི་དོགས་པ་སྐྱེས་མྱོང་། འོན་ཀྱང་། སྐལ་བཟང་ཡེ་ཤེས་ལགས་ཀྱིས་སྙིང་རུས་ཆེན་པོས་ཧུར་བརྩོན་གནང་བའི་ཉེར་ལེན་ལ་བརྟེན་ཏེ། དེ་རིང་འདིར་མཛད་རྣམ་གྱི་སྟོད་ཆ་ཕུན་སུམ་ཚོགས་པ་ཞིག་འགྲེམ་སྤེལ་གནང་ཐུབ་པ་བྱུང་བ་འདི། བོད་རིགས་ཙམ་མ་ཡིན་པར་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་གོ་སྐལ་དང་། བྱུང་རབས་ཀྱི་དོན་སྙིང་ལྡན་པའི་ཕྱག་ལས་རླབས་ཆེན་ཞིག་གྲུབ་པ་རེད་སྙམ་ཡོད། ཅེས་གསུངས་བྱུང་།

 

ཡང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་སྦྱར་ཀློག་གནང་དོན། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱེ་འགྲོའི་བདེ་སྐྱིད་ཀྱི་གཞི་རྩ་རིས་སུ་མ་ཆད་པའི་ཆོས་ལུགས་གྲུབ་མཐའ་ཁག་ཕན་ཚུན་འབྲེལ་འདྲིས་ཀྱིས་དག་སྣང་འབྱུང་ཐབས་དང༌། ལྷག་པར་ཏུ་བོད་རྒྱ་མི་རིགས་ཀྱི་དཀའ་རྙོག་གཉིས་སྨན་དབུ་མའི་ལམ་བརྒྱུད་སེལ་ཐབས་སོགས་འཇིག་རྟེན་ཀུན་ཁྱབ་གི་ཐུགས་ཁུར་བཞེས་བཞིན་ཡོད་པ་ས་རིས་ཐང་གསལ་ཡིན་ཡང་། རྒྱ་གཞུང་དབང་འཛིན་པ་ཚོས་རྒྱུ་དཔུང་ངོམ་ཁྱེར་གྱིས་འགན་ཁུར་དང་གཞི་རྩ་གང་ཡང་མེད་པའི་ཐོག་ྋགོང་ས་མཆོག་ལ་མཚན་སྨད་དང༌། མཛད་རྣམ་རྫུན་བཟོ། བོད་དོན་ལོག་འགྲེལ་སྣ་ཚོགས་ཀྱིས་འཛམ་གླིང་གི་སྐྱེ་བོ་རྣམས་མགོ་བོ་རྨོངས་སུ་འཇུག་གིན་ཡོད་པའི་སྐབས་འདིར། མཛད་པའི་རང་བཞིན་བརྗོད་པའི་རྣམ་ཐར་འདི་ལྟ་བུ་དཔར་བསྐྲུན་གནང་ཐུབ་པ་ནི་དུས་ཀྱི་དགོས་མཁོ་དང་རླབས་ཆེན་གྱི་མཛད་རྗེས་ཞིག་ཏུ་མཐོང༌།

མཛད་རྣམ་འདི་ཉིད་པར་བསྐྲུན་གནང་བ་ཙམ་མ་ཡིན་པར་དོན་གཉེར་ཅན་གྱི་ཕྱི་ནང་མི་རིགས་སྤྱི་དང༌། ལྷག་པར་ཤ་རུས་གདུང་རྒྱུད་གཅིག་པའི་རང་རེ་བོད་མི་རྒན་དར་གཞོན་གསུམ་ཀུན་གྱིས་ཞལ་མཇལ་དང་ལྗགས་ཀློག་ཐུབ་པའི་མཐུན་རྐྱེན་ཡང་བསྐྲུན་ཐབས་གནང་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན། ཞེས་དང་། ད་དུང་ཡང་དེ་ལས་ལྷག་པའི་མཛད་འགན་ཆེ་བཞེས་ཀྱིས་མཛད་རྣམ་གྱི་དེབ་ཕྲེང་ཕྱི་མ་རྣམས་ཀྱང་། ཀློག་པ་པོ་ཡོངས་ཀྱི་སྤྱན་ལམ་དུ་བསྟར་ཐུབ་པའི་ཡིད་ཆེས་དང་རེ་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང་།

 

 

མཇུག་མཐར་༧གོང་ས་མཆོག་གིས་བཀའ་སློབ་གསུང་བཤད་བསྩལ་དོན། དེ་རིང་འདིར་དགའ་ལྡན་ཁྲི་པ་རིན་པོ་ཆེར་ཞལ་མཇལ་གནང་བ་རེད། སྔོན་མ་ང་ལྷ་སར་ཡོད་སྐབས་ནས་རིན་པོ་ཆེ་དེར་བཞུགས་ཡོད་པ་རེད། སྐབས་དེ་དུས་ནས་སྨིན་མ་གཟེངས་པའི་ལ་དྭགས་པ་ཞིག་ཡོད་པ་ངས་དྲན་གྱིན་འདུག དེའི་རྗེས་ང་ཚོ་བཙན་བྱོལ་བ་ཆགས་ཏེ་རིན་པོ་ཆེས་འབྲས་སྤུངས་བློ་གསལ་གླིང་གི་མཁན་པོ་གནང་བ་རེད། དངོས་གནས་བསམ་པ་རྣམ་དག་དང་། ཁ་རུ་ཁ་ཐུག་གི་ཐོག་ནས་ཧུར་ཐག་གནང་སོང་། རིན་པོ་ཆེ་ལ་དྭགས་ནས་རེད། ལ་དྭགས་ལ་ང་ཚོ་སྔོན་མ་ནས་འབྲེལ་བ་ཡོད་པ་ཞིག་རེད་ལ། ང་རང་སྒེར་ངོས་ནས་ཀྱང་ལ་དྭགས་ཀྱི་དགེ་བཤེས་ཚོའི་མདུན་ནས་ཆོས་འབྲེལ་ཡོད། དེ་རིང་གསར་དུ་ཁྲི་འདོན་གནང་བའི་དགའ་ལྡན་ཁྲི་པ་འདི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་ཞིག་རེད།

 

དགའ་ལྡན་ཁྲི་པའི་འགྲོ་སྟངས་དེ་སོ་སོར་ལུང་རྟོགས་ཀྱི་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་པར་ཕེབས་རྒྱུའི་ལམ་ཁ་ཡོད། དེ་ཧ་ཅང་གི་རླབས་ཆེན་རེད། དེ་བཞིན། གདན་ས་ཁག་གི་མཁན་པོ་དང་རྒྱུད་སྨད་ཀྱི་མཁན་པོ་སོགས་ཀྱང་། མི་རིགས་ལ་དབྱེ་བ་ཡོད་པ་མ་རེད། སོག་པོ་ནས་ཡོང་གིན་ཡོད་ལ། རྒྱ་གར་ནས་ཡོང་གིན་ཡོད། དགེ་བཤེས་ནང་རྒྱ་རིགས་ཀྱང་ཡོང་གིན་ཡོད། དེ་རིང་ཧི་མ་ལ་ཡའི་རི་རྒྱུད་ནས་ཡོང་མཁན་ཞིག་གིས་དགའ་ལྡན་ཁྲི་པ་གནང་བ་རེད། དམིགས་བསལ་གྱིས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་བར་བོད་སྤྱི་བའི་དོན་ལ་ཐུགས་འཁུར་བཞེས་ཡོད་ལ། ད་དུང་ཡང་དགའ་ལྡན་ཁྲི་པའི་མཚན་ཐོག་ནས་བསྟན་པ་དང་འགྲོ་བའི་དོན་དུ་ཕྱག་ལས་གནང་རྒྱུའི་གོ་སྐབས་མང་པོ་ཡོད་པ་རེད། ཧུར་ཐག་གནང་རོགས་ཞུ་རྒྱུ་ཡིན། ཞེས་དང་།

 

ཉེ་ཆར་ལྷ་སར་མི་བཞི་སྲོག་ཐོག་ལ་བཏང་བ་རེད། ཚང་མ་ལོ་གཞོན་པ་ཤ་སྟག་རེད། ཧ་ལས་པའི་སེམས་པ་སྐྱོ་བོ་རེད། འོན་ཀྱང་། ང་ཚོར་བྱ་ཐབས་ཡོད་པ་མ་རེད། བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བུ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེ་སྐྱོང་བར་མཛོད། །ཅེས་སྨོན་ལམ་རྒྱག་རྒྱུ་དེ་རེད། དེ་ཙམ་དུ་མ་ཟད། ཉེ་ཆར་ཡུ་གུར་གྱི་མི་མང་པོ་ཞིག་ལ་སྲོག་ཐོག་གི་ཉེས་ཆད་བཅད་འདུག དེ་བཞིན་ཁ་སང་ཨི་རག་ནང་མི་བརྒྱ་ལྷག་བསད་ཅིང་ལྔ་བརྒྱ་ལྷག་རྨས་གནས་ཚུལ་འདུག དེ་དང་དེས་མཚོན་པའི་འཛམ་གླིང་འདིར་ཆགས་སྡང་གི་དབང་གིས་མི་མང་པོ་ཞིག་འཕུང་དུ་འཇུག་པ་ཞིག་ཡོང་གིན་ཡོད་སྟབས། ང་ཚོས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྨོན་ལམ་རྒྱག་གིན་ཡོད། ཅེས་གསུངས་བྱུང་།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 44

  1. zermarago says:
    ལོ་ 15 སྔོན།

    དུས་བབ་རྩོམ་སྒྲིག་འགན་འཛིན་ལ་ཞུ་རྒྱུར། སྨན་རི་ཁྲི་འ
    ཛིན་གྱི་རི་ལ་རིའི་ཞེས་འབྲེལ་སྒྲ་ངེས་ཅན་དུ་དགོས་པས་མ་འོངས་པར་གཟབ་ནན་གནང་གལ་ཆེ།

    Reply
  2. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    བེ་རི་འཇིགས་མེད་ལགས་ཀྱིས་ལོ་ཤས་སྔོན་ནས་ཚིག་བཅད་གཅིག་ལས་མ་བྲིས་ཀྱང་དེའི་མཇུག་བྱང་དུ་མཛད་རྣམ་རྩོམ་སྒྲིག་པ་ཞེས་ས་བསྒྲགས་གནམ་བསྒྲགས་བྱས་ཀྱང་དོན་ངོ་མ་འདི་ལོའི་མཛད་རྣམ་གྱི་རྩོམ་སྒྲིག་པའི་ཁོངས་སུ་ཟུར་ཙམ་ཡང་འཁོད་མེད་པ་སྙིང་རྗེ། དངོས་གནས་ནོར་གླིང་འགན་འཛིན་འདི་ཚོ་དྲང་པོ་དྲང་ཤག་རེད་འདུག་བསམ།

    Reply
  3. དགའ་དགའ། says:
    ལོ་ 16 སྔོན།

    གཡེར་ཁ་ཚ་ཟེར་བ་དེ་ག་བ་ནས་ཡིན་ཤེས་ཀྱི་མི་འདུག་དེ། ཁོ་པ་སྒྲོལ་མ་སྐྱབས་ལགས་ཀྱི་ཤེས་ཡོན་དང་འཇོན་ཐང་ལ་མ་དོ་ནས་ད་ཕྲག་དོག་གིས་མིག་ཚ། སྙིང་ན་ནས་མུར་མུར་མུར་ཅིག་བཤད་ཀི་འདུག མི་འཁྱམས་དེ་ཚོ་ལ་ཁ་གདངས་རྒྱུ་མ་གཏོགས་གཞན་ག་རེ་ཡོད། ཨ་མདོ་བ་ཞིག་ཡག་པོ་འཁྱོངས་སོང་ན་ཨ་མདོ་ལ་ཤ་ཞེན་དང་ལྷག་བསམ་ཡོད་མཁན་ཞིག་ཡིན་ན་དགའ་ན་འགྲིག་གི་འདུག་ག སྐུ་ངོ་སྐལ་བཟང་ཡེ་ཤེས་ཀྱིས་མི་འདེམ་པ་དངོས་གནས་ནོར་མི་འདུག གཞན་གཡེར་ཁ་ཚ་ཟེར་བ་ལྟ་བུ་ཞིག་ཐོན་ཡོད་ན་ད་་་་ ཨ་མདོ་བ་ཚང་མའི་གདོང་པ་ཆུ་ལ་གཡུག་ཚར་རེད།

    དེ་ནས། གསང་གཏོར་ཟེར་བ་དེ་ངས་ཏོག་ཙམ་ཤེས་སོང་། མི་དེ་རིགས་ལ་གཅར་བརྡུང་བྱས་ནས་ཤ་ཉོག་རུས་ཉོག་ཅིག་མ་བཟོ་ན་ཁ་རྒྱག་པ་རྐྱང་བཤད་མཁན་དེ་འདྲ་རེད། མི་དེ་མེཀ་ལོར་ལ་སྡོད་མཁན་ལྐོག་ཟ་བ་དེ་འདྲ་རེད། གོ་ཐོས་ལ་སྐུ་སྒེར་ཡིག་ཚང་ལ་མི་དེའི་སྤུན་སྐྱག་ཡོད་རེད་ཟེར། གསེར་རྐོང་དངུལ་རྐོང་ཚང་མ་བརྐུས་ནས་ཁྱེར་མཁན་ཞིག་ཡིན་ས་རེད། ད་དུང་བཤད་ཡ་མང་པོ་འདུག་ཏེ། འདི་ནས་བཤད་ཡ་མེད། སྐུ་ངོ་སྐལ་བཟང་ཡེ་ཤེས་ཁོང་དང་སྒྲོལ་མ་སྐྱབས་གཉིས་མི་དེའི་རིགས་འདྲ་བོ་ཅིག་མ་རེད། སོ་སོའི་འཇོང་ཏང་སྟོན་ན་མི་དེ་ཚོས་མིག་ཚ་གི་འདུག ད་ཡིན་ན་ཅིག་བརྡུང་ན་མ་གཏོགས་ཡོང་ས་མ་རེད།

    Reply
  4. snowboy says:
    ལོ་ 16 སྔོན།

    གསང་གཏོར་ལགས། ཁྱེད་ཀྱིས་ཀྱང་བདེ་ཆེན་རྣམ་རྒྱལ་གྱིས་ཉོས་པའི་མགྲོན་ཁང་ལྟ་བུ་ཞིག་ཉོས་ཆོག་གི་རེད། འཛམ་གླིང་གི་མི་ཚང་མ་རང་གི་མགྲོན་ཁང་དུ་བསུ་ཆོག་གི་རེད། དོན་མེད་གཞན་ལ་སྐྱོན་འཛུགས་བྱེད་ན་སུ་ལའང་ཡོང་རྒྱུ་མེད། ད་དུང་གཞན་གྱིས་ཅི་ཞིག་ཉོས་མིན་ལ་ཁ་གདངས་ནས་བསྡད་ན་ཕྲག་དོག་གི་མེ་ལྕེ་སེམས་ལ་འབར་རྒྱུ་ལས་གང་ཡང་མེད་པ་རེད།

    Reply
  5. snowboy says:
    ལོ་ 16 སྔོན།

    ན་ནིང་ནོར་གླིང་འགན་འཛིན་ལྷན་ཚོགས་ཀྱི་སྐབས་སུ་ཟམ་གདོང་སོགས་ལ་ཕུལ་ཡོད་པའི་ལས་སྡོམ་དེའི་ནང་དུ་ནོར་གླིང་གི་ལས་བྱེད་༤༣༨ལས་ཨ་མདོ་བ་༦༧ མ་གཏོགས་མེད་པ་གསལ་བོ་བཀོད་འདུག་པས། གསང་གཏོར་ཟེར་བའི་མི་དེས་ཀྱང་སྐྱག་རྫུན་བཤད་འདུག སྒྲོལ་མ་སྐྱབས་ལ་མ་རུང་ཁོག་བཅིངས་བྱེད་ཀྱིན་ཡོད་པ་གསལ་བོ་རེད། ལྷག་པར་དུ་ང་ཚོའི་བོད་པ་ཚོར་བསམ་བློ་གོ་རྟོགས་མེད་པ་རེད་ཟེར་དགོས་པའམ་ཡང་ན་ཕྲག་དོག་ཚ་བོ་ཟེར་དགོས་པ་གང་ལྟར། ཕོ་མོ་གཉིས་མཉམ་དུ་ཡོད་པ་དང་སྐད་ཆ་ཤོད་པ་སོགས་མཐོང་ན་ལམ་སང་འབྲེལ་བ་གཞན་ཞིག་གིས་ཆེན་པོ་ཆེན་པོ་ཞིག་བཟོ་རྒྱུར་གོམས་ཡོད་པ་འདྲ། ཐ་ན་མིང་སྲིང་བར་དུའང་དོག་གཞི་སྣ་ཚོགས་བྱས་པའི་གནས་ཚུལ་གང་མང་གོ་རྒྱུ་ཡོད་པ་རེད། དུས་ཚོད་མ་འཁྱོལ་བའི་མི་སྐོར་ཞིག་གིས་གཞན་ལ་ཕྲག་དོག་གིས་མ་བཟོད་ནས་གང་འབྲི་ཅི་འབྲི་ཤེས་ཀྱི་མེད་པ་འདྲ། སྙིང་རྗེ་དགོས་པ་རང་རེད།
    ཕྱོགས་གཞན་ཞིག་ནས་ནོར་གླིང་གི་མཛད་རྣམ་དབུ་འབྱེད་ཀྱི་མཛད་རིམ་སྟེང་གི་བརྫོད་གཞི་འདི་ཕར་བཞག་སྟེ་མི་སྒེར་གྱི་ཞེ་འཁོན་ལྟ་བུས་གཞན་ལ་དམའ་འབེབ་དང་ཚིག་རྩུབ། ཕྲག་དོག་སོགས་བྱས་ན་རང་གི་སེམས་པ་མ་སྐྱིད་པ་ཙམ་དང་དུས་བབ་ཀྱི་དྲ་ཚིགས་ལ་བསམ་བློ་མ་བཏང་བ་ཙམ་ལས་གང་ཡང་མེད་པར་འདོད།
    གོང་གི་blackཞེས་པ་དེས་བཤད་པ་ལྟར། སྐད་ཆ་དེ་འདྲ་བཤད་དགོས་ན་གདོང་ཐུག་ནས་བཤད་དགོས་པ་ལས། རླུང་གི་སྐད་ཆ་ལྟ་བུའམ་ཡང་ན་སྐྱེས་དམན་ཁ་རྒོད་ཚོའི་ལྐོག་ལབ་ལྟ་བུས་ཅི་ཞིག་བྱེད་དགོས་པ་རེད། སྒྲོལ་མ་སྐྱབས་སྔར་བཞིན་ནོར་གླིང་ལ་ཡོད་པ་རེད། དེར་སོང་ནས་སྐད་ཆ་ཤོད་དང་ངོ་གནོང་དགོས་པའི་ལས་ཀ་བྱས་མེད་ན་སྐྲག་དགོས་དོན་ཅི་ལ་ཡོད།

    Reply
  6. blackman says:
    ལོ་ 16 སྔོན།

    གསང་གཏོར་ངས་ཁྱོད་ངོ་ཤེས་ཐལ། ངས་ཁྱོད་མི་འདི་འདྲ་ཞིག་རེད་བསམ་བསམ་མེད། ཉིན་ཞིག་ཁྱོད་ཀྱིས་ང་ལ་བསམ་བཞིན་དུ་གཞི་མེད་སྐྱོན་བརྗོད་བྱེད་ངེས་རེད། དེ་དུས་ངས་སླ་བོར་འཇོག་གི་མིན་ད། ང་ནི་སྒྲོལ་མ་སྐྱབས་ལྟ་བུའི་ཁོག་རྒྱ་ཡངས་པོ་དེ་འདྲ་མིན་ད། ཁྱོད་ཀྱིས་བསམ་བཞིནདུ་མི་ཞིག་ལ་གཞི་མེད་སྐྱོན་བརྗོད་བྱས་ན་དགོས་ཕན་ག་རེ་འདུག དངོས་ཡོད་དང་མི་མཐུན་པའི་གནས་ཚུལ་སྤེལ་ན་ལག་འབབ་ཅི་ཞིག་ཡོད་ཀི། ཁྱོད་འདི་མི་ཁྲེལ་མེད་ད་རེད་ཡ། ང་ོ་མ་ཁྱོད་ཀྱི་བྱེད་སྟངས་འདི་ཚོ་རྣམ་རྟོག་ཟ་ནི་ཞིག་རེད། གལ་སྲིད་མི་ཞིག་ལ་འགྲན་འཛུགས་འདོད་ན་གདོང་བུད་ན་འཇོན་ཐང་དང་ཤེས་ཡོན་གང་ཐད་ནས་བསྡུར་དགོས་ཀི་རེད། རང་གི་མིང་ཙམ་ཡང་དངོས་སུ་འགོད་པའི་བློ་ཁོག་མེད་པའི་ཁྱོད་འདྲ་བའི་མི་ཞིག་འགྲན་ཐུབ་རྒྱུ་མ་རེད་ཡ། གཞན་གྱི་འཇོན་ཐང་ལ་ཕྲག་དོག་གིས་སེམས་མནར་ནས་མི་འདུག་རང་འདུག་ཡིན་རྒྱུ་རེད། དངོས་ནས་བཤད་རྒྱུ་ཞིག་ཡོད་བསམ་ན་གདོང་དང་་གདོང་གཏད་ནས་བཤད་ན་གསལ་བོ་ཆགས་འགྲོ་གི་རེད། ཁྱོད་ཀྱི་མུན་ནག་ནང་གི་བྱེད་སྟངས་འདི་ཇག་པ་དང་རྐུན་མའི་མི་གསོད་ཚུལ་དང་རྐུན་མ་རྒྱག་ཚུལ་ལས་མ་འདས་སོ། ངས་ཁྱོད་ཀྱི་ཐབས་རྡུག་གི་བྱེད་སྟངས་འདི་ཚོ་མཐོང་ན་དགོད་རྒྱུ་དང་ངུ་རྒྱུ་གཉིས་ཀ་ཡོང་གི་ཡ། ཨ་ངོ་ཤེས། བཟང་ས། དེ་འདྲ་མ་གནང་རོགས། ཆོ་ཡོད་པ་མ་རེད།

    Reply
  7. bear black says:
    ལོ་ 16 སྔོན།

    མིག་གསུམ་པའི་བཤད་པ་བདེན་པ་རེད། སྒྲོལ་མ་སྐྱབས་ལགས། རླབས་ཆེན་སྐྱེས་བུ་ཁྱེད་ལྟ་བུ་ཞིག་གིས་སྲིན་བྱའི་ཐད་ཡ་ལན་སྤྲོད་རིན་ཡོད་པ་མ་རེད། རང་ལ་བོད་བསྟན་སྲིད་སླད་འདི་བྱས་ཏིལ་འབྲུ་ཙམ་སྟོན་རྒྱུ་མེད་ཀྱང༌། གཞན་གྱི་རླབས་ཆེན་གྱི་བྱས་རྗེས་ལ་ཕྲག་དོག་མཁན་འདི་རིགས་རྒྱ་ནག་པོར་སོང་ནས་དོན་མ་འགྲུབ། བོད་ཁ་བ་ཅན་ནས་བཀྲ་མ་ཤིས་པ་ཞིག་ཡིན་པ་གོར་མ་ཆག་ན། གསང་གཏོར་ཟེར་བའི་མིང་རྫུན་འོག་གབ་པའི་མི་བུ་བདེན་དང་ཁོངས་བསྐྱེལ་ཡོད་མཁན་ཞིག་ཡིན་ན་གདོང་ལ་ཐོན་ཤོག་དང༌། ཨ་མའི་སུ་ཡིན་དང་རྒོད་མའི་རྟའུ་སུ་མགྱོགས་ལྟ་ཆོག་ སྐྱག་དོང་ནང་དུ་ཁྱི་ལབ་མ་རྒྱག་རོགས།

    Reply
  8. bear black says:
    ལོ་ 16 སྔོན།

    གཡེར་ཁ་ཚ་ལགས། དུས་བབ་ཚང་གི་དྲ་བའི་རིག་གནས་ཀྱི་ཁོར་ཡུག་ཅིག་ང་ཚོ་ཐུན་མོང་ལ་མཐུན་འགྱུར་གནང་བ་ཁྱོད་ཁོ་ནའི་གཏམ་འཆལ་དང་དཀྲོགས་གཏམ་སྤེལ་ས་མིན་པ་མཁྱེན་པར་མཛོད། གཞན་གྱི་རླབས་ཆེན་གྱི་བྱས་འབྲས་ལ་བསྔགས་བརྗོད་དང་ཡི་རང་མེད་པར། དོན་མེད་མགོ་ལ་བལྟས་ན་ཟི་ལིང་མཁར་གྱི་ཇག་རྐུན་འདྲ་བོ་འདུག་ཚུལ་དང༌། བདག་གིས་བསམ་ཚོད་ཡིན་ན་སྒྲོལ་མ་སྐྱབས་འདི་རྒྱུ་ལ་ཧམ་པ་ཆེ་མཁན་ཞིག་དང་མགོ་བདེ་བོ་ཞིག་ཡིན་པ་གདོན་མི་ཟའོ་ཟེར་བའི་གཞན་ལྡན་རྣམ་གཅོད་ཀྱིས་དཀྲོགས་གཏམ་སྤེལ་བསྡད་ན། དུས་ནམ་ཡང་དྲ་འབུ་དག་གི་སྐད་ཅོར་ལས་བོད་སྤྱི་བའི་རྩ་དོན་དང༌། བོད་ཀྱི་ཆོས་རིག་སྲུང་སྤེལ། དེ་བཞིན་ནོར་གླིང་གི་ལས་སློབ་བཞི་བརྒྱ་ལྷག་གི་ཁེ་ཕན་ལ་བཅས་ཕན་ཐོགས་གང་མེད་པས། གོང་ས་མཆོག་གི་བཀའ་གསུངས་ལྟར། གང་ཉིད་བསམ་ཕོད་པ་དང༌། བཤད་ཕོད་པ། སྒྲུབ་ཕོད་པ། ཕོད་པ་སུམ་ལྡན་གྱི་རྒྱལ་ཞེན་དང་ཤེས་ཡོན་གྱིས་ཕྱུག་པ་ཞིག་དངོས་འབྲེལ་ཡིན་ན། སྒྲོལ་མ་སྐྱབས་ཀྱིས་གཞུང་དངུལ་སྒེར་སྤྱོད་དང་ལས་འཛོལ་ཕྱོགས་ལྷུང་གང་བྱས་གདོང་ཐོན་གྱིས་མཛུབ་སྟོན་ཡོང་བར་དགའ་བསུ་ཡོད།
    སྒྲོལ་མ་སྐྱབས་ཀྱི་མགོ་ལ་བལྟས་ན་ཟི་ལིང་གི་ཇག་རྐུན་འདྲ་བོ་འདུག་ཟེར་ཚུལ་ལ་བསམ་ན། ཁྱེད་རང་ཟི་ལིང་ཇག་རྐུན་ཚོ་ལ་རྒྱུས་མངའ་ཆེ་ཚུལ་ལ་གཞིགས་ན་ཟི་ལིང་དུ་ཇག་ཕྲུག་བྱེད་མྱོང་མཁན་ཞིག་ཡིན་ཚོད་འདུག མཐའ་མཇུག་དྲ་གྲོགས་གཡེར་ཁ་ཚ་ལགས། མང་གཙོའི་སྤྱི་ཚོགས་སུའང་སྨྲ་བརྗོད་རང་དབང་ལ་ཁྲིམས་ལུགས་རང་བཞིན་གྱི་ས་མཚམས་ཡོད་པ་མཁྱེན་པར་མཛོད།

    Reply
  9. threeeyes says:
    ལོ་ 16 སྔོན།

    བསམ་བཞིན་དུ་བཤད་པའི་དངོས་ཡོད་དང་མི་མཐུན་པའི་སྐད་ཆ་ནི་ཐལ་རྡུལ་བཞིན་འདོར་བར་རིགས་སོ།། དཔྱོད་ལྡན་སུ་ཞིག་དེ་ལ་ཉན་པར་སྤྲོ།

    Reply
  10. threeeyes says:
    ལོ་ 16 སྔོན།

    སྒྲོལ་མ་སྐྱབས་ལགས། བསམ་བཞིན་དུ་ཀླན་ཀ་འཚོལ་གྱིན་ཡོད་དུས་ཁ་ཡ་མ་བྱས་ན་ཡག་གི་རེད། གསང་གཏོར་ཟེར་བ་འདི་ནི་ཆ་ཡོད་ངན་པའི་སྡིག་འདྲེ་བྱེད་མཁན་ཞིག་རེད། ངོ་ཐུག་དུས་སྐད་ཆ་སྙན་པོ་རེ་བཤད། རྒྱབ་འཁོར་དུས་ངན་བཤད་བྱེད་མཁན་དེ་འདྲ་རེད། དགེ་འདུན་ཆོས་འཕེལ་གྱིས། དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ།། བསམ་ཞིང་ངུ་མ་དགོད་ཀྱི་སྣང་བ་ཞིག་སྐྱེས་སོང།། ཟེར་བ་ལྟར་རེད། གང་ལྟར་སྐུ་ངོ་སྐལ་བཟང་ཡེ་ཤེས་དང་ཁྱེད་ཅག་གིས་འབད་བརྩོན་གྱིས་བོད་ཀྱི་རིག་གཞུང་ལ་ཕན་ཐོགས་འདུག སྐྱབས་བཅོལ་བོད་མིའི་འཚོ་བ་ལ་ཕན་ཐོགས་འདུག ༸གོང་ས་མཆོག་ཐུགས་དགྱེས་པའི་རྒྱུ་་རུ་གྱུར་འདུག བཀའ་བློན་ཁྲི་བའི་བསྔགས་པའི་གནས་སུ་གྱུར་འདུག ཚོགས་པ་དང་སྒྲིག་འཛུགས་གཞན་གྱི་མིག་དཔེ་འོས་པ་རེད་ཅེས་གསུངས་འདུག
    མི་འདི་འདྲ་སྤྱི་ཚོགས་ཁྲོད་མང་པོ་ཡོད་ནི་རེད། གདོང་འབག་རེ་གྱོན་ནས་ནག་ཁུང་ལ་འཛུལ་བཞིན་འདྲེ་སྐད་བཤད་མཁན་མང་ནི་རེད། གད་སྙིགས་བཞིན་གཡུག་ཞག་ན་འགྲིག་གི་རེད།

    Reply
  11. གསང་གཏོར། says:
    ལོ་ 16 སྔོན།

    ལོ་རྒྱ་ཐུབ་པའི་སྨན་ཞིག་ཟས། འཆི་ཁ་ལ་ཁ་དུག་ཅིག་མཐུང༌།
    སྐལ་བཟང་ཡེ་ཤེས་ལགས་དོན་དངོས་བྱས་རྗེས་ཅན་གྱི་མི་ཞིག་རེད་མོད། མདོར་བསྡུས་ཏེ་བཤད་ན་ཁོས་ལོ་རྒྱ་ཐུབ་པའི་སྨན་ཞིག་ཟས། འཆི་ཁ་ལ་ཁ་དུག་ཅིག་མཐུང་སོང་བ། གང་ཡིན་ཟེར་ནོར་བུ་གླིང་ཁ་དེ་བཙན་བྱོལ་བདོ་གཞུང་ཆོས་དོན་ལས་ཁུངས་ཀྱི་འོག་གི་ལས་གཞི་ཞིག་ཡིན་མ་ཟད། གོང་ས་མཆོག་ཀྱང་སློབ་སྟོན་པའི་མཚན་གནས་ཡོད་པ་ཞིག་རེད།། ཡིན་ནའང་མི་ལོ་མང་པོ་མགོ་བདེ་དྲན་འཕྲུལ་ཅན་གྱི་སྒྲོལ་མ་སྐྱབས་ཀྱིས་སྐལ་བཟང་ཡེ་ཤེས་ཀྱི་བཟའ་ཟླར་དང་མཉམ་དུ་ཐེངས་ཉལ་བའི་རྐྱེན་དང༌། དུས་ཡུན་དེའི་རིང་ཞབས་ཕྱི་ཧོར་ཐག་ཞུས་པའི་བཀའ་དྲིན་ལས་བརྟེན་ནས་ད་ཆར་སྒྲོལ་མ་སྐྱབས་ཀྱིས་གང་བྱས་ཆགས་ཡོད། སྐལ་བཟང་ཡེ་ཤེས་ནག་ཁུང་ལ་གཡོགས་ཡོད་པ་རེད། སྙིང་རྗེས་སྐལ་བཟང་ཡེ་ཤེས་ཁག་ག་ལ་ཡོད། ཁོའི་སྐྱེ་དམན་དང་བུ་མོ་གཉིས་ཀ་སྒྲོལ་མ་སྐྱབས་ཀྱི་གང་བྱས་ཆགས་ཚར་དུས། ནོར་གླིང་དེ་སྒྲོལ་མ་སྐྱབས་ལ་མ་བསྤྲད་རང་བསྤྲད་ཆགས་པ་རེད། སྒྲོལ་མ་སྐྱབས་ཀྱི་དབང་ཆ་ཟིན་ནས་བཟུང་ནས་དབུས་གཙང་དང་ཁམས་པའི་ཤེས་འཇོན་གཉིས་ཀྱི་མི་ཚང་མ་ཕྱིར་ཕུར་བྱེད་མགོ་ཚུགས་ཡོད་ཅིང༌། ད་ཆར་ཁོ་པའི་ལག་འོག་ཚང་མ་ཨ་མདོ་བ་ཞེ་གཅིག་རེད། ལྷག་པར་དུ་ཁོ་པའི་གྲོགས་པོ་དང་ཕ་ཡུལ་གཅིག་པ་དེ་ཚོ་གང་ཡང་ཤེས་ཀྱི་མེད་ནའང་མིང་ཆེན་པོ་རེ་དང་གླ་ཆེན་པོ་སྤྲད་ཀྱི་ཡོད་པ་རེད། སྒྲོལ་མ་སྐྱབས་ཁོ་རང་ལ་རྡ་སར་མེ་ལོག་ལ་ས་ཁང་གཉིས་ཙམ་ཉོས་ཟིན་པ་མ་ཟད། བོད་ནང་ཡང་བཟོ་གྲྭ་ཞིག་བརྒྱབ་ཡོད་སྐད་འདུག་ ནོར་གླིང་དང་ཆོས་ནོར་མོ་ཌ་ཡང་ཟླ་རེར་ཐེངས་རེ་བརྗེ་པོ་རྒྱག་གི་ཡོད་པ་དང༌། མོ་ཌ་དེ་ཡང་ཧིན་གོང་ཧིན་སྒོར་བཅུ་ཡན་ཤ་སྟགས་ཡིན་པ་རེད། ནོར་གླིང་འགན་འཛིན་གཞོན་པ་ཟེར་བདེ་ཆེན་རྣམ་རྒྱལ་ལ་མེ་ལོག་ལ་མགྲོན་ཁང་ཞིག་ཉོས་ཟིན་ཞིང༌། ཆོས་ནོར་མགྲོན་པ་ཚང་མ་དང་པོ་ཁོ་པའི་མགྲོན་ཁང་ནང་འཁྲིད་འགྲོ་ཀྱི་ཡོད་པ་རེད། དོན་དངོས་ཐོག་སྐལ་བཟང་ཡེ་ཤེས་ལ་གནད་ཡོད་མི་སྣ་མང་པོས་གནད་དོན་དེའི་སྐོར་བསམ་ཚུལ་དང་སྙན་ཞུ་ཐེངས་མང་ཕུལ་ཡོད་པས། སྐལ་བཟང་ཡེ་ཤེས་ལ་ཐབས་ལམ་གང་ཡང་མེད་པ་མཐོང་དུས་ཡར་མེད་བཏང་ཡོད་པ་རེད། ལོ་ཤས་སྔོན་ནས་བཟུང་ནོར་བུ་གླིང་ཁའི་ལས་བྱེད་བཅོས་མ་ཚོར་གླ་ཆ་སྤྲོད་ཐུབ་ཀྱི་མེད་པས་དགོངས་ཞུ་དང་གླ་མེད་ཀྱི་གུང་སེང་འགྲོ་རོགས་ཞེས་འབོད་བསྐུལ་དང་བཙན་བཤད་སོགས་བཟུང་འབྲེལ་བྱས་ཡོད་པ་རེད། མ་འོངས་གཉིས་གསུམ་ནང་ནོར་བུ་གླིང་སྒོ་རྒྱག་ངེས་ཡིན་པ་ཐེ་ཚོམ་གང་ཡང་མི་དགོས།

    Reply
  12. threeeyes says:
    ལོ་ 16 སྔོན།

    གཡེར་ཁ་ཚ། འུ་གཉིས་ངོ་ཤེས་རེད། དེ་བས་ངས་ཁྱོད་ལ་ལྷག་བསམ་རྣམ་དག་གི་སྙིང་གཏམ་ཞིག་བཤད་རྒྱུ་ཡིན། ཁྱོད་ཀྱིས་སྒྲོལ་མ་སྐྱབས་ཀྱིས་ཁྲིམས་འགལ་བྱས་སོང་ཟེར་བ་ལ་རྒྱུ་མཚན་མེད་ན་ཁྱོད་ཀྱིས་ཁྲིམས་འགལ་བྱས་པ་རེད། ཁྱོད་ཀྱིས་བསམ་པར་ངས་འདི་ལྟར་བཤད་ན་མི་ཚོས་ང་ངོ་ཤེས་རྒྱུ་མ་རེད་བསམ་ན་དེ་ནི་ཁྱོད་ཀྱི་ནོར་འཁྲུལ་རེད། ད་དུང་མི་ཞིག་གིས་འཇོན་ཐང་དང་ལྷག་བསམ་གྱིས་བསྐྲུན་པའི་བྱ་བཞག་རླབས་ཆེན་ཞིག་ལ་ཁྱོད་ཀྱིས་གཞི་མེད་ངན་སྨྲོས་བྱས་ན་ཁྱོད་རང་ཉིད་ཀྱིས་ལས་རྒྱུ་འབྲས་ས་ལ་བརྡབས་པ་མ་ཡིན་ནམ། ཨ་རོགས་དེ་འདྲ་མ་བྱས་ན་ཡག་པོ་ཡོད་པ་རེད། དོན་སྙིང་ཅི་གང་ཡོད་པ་མ་རེད། སྒྲོལ་མ་སྐྱབས་ནི་ཁྱོད་ལྟ་བུའོ་བསམ་པ་ནག་པོ་ཞིག་ཡིན་རྒྱུ་མ་རེད་མ་གཏོགས། བདེན་དཔང་ཡོད་མེད་ཀྱི་ཐད་ནས་ཁྲིམས་ལ་གཏུགས་པ་ཡིན་ན་ཁྱོད་ལ་དཀའ་ངལ་འཕྲད་རྒྱུ་མ་གཏོགས་མེད། མི་ཞིག་གི་ཤེས་ཡོན་དང་འཇོན་ཐང་ལ་ཕྲག་དོག་མ་བྱས་ན་ཡག་པོ་ཡོད་པ་རེད་བསམ་གི། གཡེར་ཁ་ཚ་འདི་ནི་འུ་གཉིས་ངོ་ཤེས་ཅུང་ཙམ་ཡིན་པས་ཁྱོད་ལ་སྙིང་གཏམ་བཤད་པ་ཡིན་ད།

    Reply
  13. བློ་གྲོས་རྣམ་རྒྱལ། says:
    ལོ་ 16 སྔོན།

    དྲ་གྲོགས་གཡེར་ཁ་ཚ་ལགས། ཁྱེད་ལ་སྒྲོལ་མ་སྐྱབས་ཀྱིས་གཞུང་རྒྱུ་ལྐོག་ཟ་བྱས་པའི་དཔང་རྟགས་ཁུངས་ལྡན་ཞིག་སྟོན་རྒྱུ་ཡོད་དམ། དེ་ལྟར་མེད་ཚེ་རང་གི་དངོས་མིང་ཀྱང་བྲི་མི་ནུས་པ་ཁྱེད་ལྟ་བུ་ཞིག་གིས་བསམ་ཚོད་ལ་ཡིད་བརྟན་རུང་པའི་རྒྱུ་མཚན་ཅི་ཡོད།

    Reply
  14. གཡེར་ཁ་ཚ says:
    ལོ་ 16 སྔོན།

    གྲོགས་པོ་ལགས་།་བདག་གི་་ནམ་ཡང་གཞན་གྱིས་འཇོན་ཐང་ལ་ཕྲག་དོག་བྱེད་གྱིན་མེད་།་་་་ཡིན་ནའང་།་གཞུང་གི་རྒྱུ་དངོས་སོ་སོའི་ཨམ་ཕྲག་ནང་ལ་བླུགས་ན།་ཆོས་ཕྱོགས་ནས་བཤད་ན་ཉེས་བ་དང་།་ཁྲིམས་ཐོག་ནས་བཤད་ན་ཁྲིམས་འགལ་རེད་།་་དེའི་རྐྱེན་གྱིས་ལས་རྒྱུ་ཟེར་བའི་ཚིག་དེ་མ་བརྗེད་ན་ཡག་པོ་ཡོད་རེད་།

    Reply
  15. threeeyes says:
    ལོ་ 16 སྔོན།

    ནོར་བཅོས།་ཁྲོག་དོག་སྦྲུལ་གྱི་ཟེར་བ་ཕྲག་དོག་སྦྲུལ་་གྱི་ཞེས་པར་བཅོས་རོགས།

    Reply
  16. threeeyes says:
    ལོ་ 16 སྔོན།

    བདེན་པ་གང་ཡང་བཤད་རྒྱུ་མེད་པའི་གཡེར་ཁ་ཚ་ཟེར་བ་འདི་ནི་ཕྲག་དོག་མེ་དཔུང་་གིས་འཚིག་གི་ཡོད་ས་རེད། བསམ་ཚོད་མི་ལ་སྐྱོད་བརྗོད་བྱེད་པ་འདིས་གཡེར་མ་ཁ་ཚའི་ཕྱི་ནང་གསལ་བོ་མཐོང་ད། གཞན་གྱི་ཕུན་ཚོགས་བློས་མི་བཟོད་པའི་རིགས་ནི་ཕྲག་དོག་གིས་བཟི་ནས་ཡོད་པ་ཐག་གིས་ཆོད། གཞན་གྱི་ཕུན་ཚོགས་མཐོང་ཚད་མི་བཟོད་པའི།། ཁྲོག་དོག་སྦྲུལ་གྱི་འཇིགས་པ་སྐྱབ་ཏུ་གསོལ།།

    Reply
  17. གཡེར་ཁ་ཚ says:
    ལོ་ 16 སྔོན།

    བློ་གྲོས་རྣམ་རྒྱལ་ལགས་།་་་ངས་ནམ་ཡང་གཞན་གྱིས་འཇོན་ཐང་དང་།་སྙིང་སྟོབས་ལ་ཕྲག་དོག་བྱེད་གྱིན་མེད་།་་ཡིན་ནའང་བདག་གིས་་བསམ་ཚོད་ཡིན་ན་།་སྒྲོལ་མ་སྐྱབས་ཟེར་བ་འདི་རྒྱུ་ལ་ཧམ་པ་ཆེ་མཁན་དང་མགོ་བདེ་བོ་ཞིག་ཡིན་པ་གདོན་མི་ཟའོ།་
    ངའི་རེ་བ་ལ་ཁྱེད་ཀྱིས་ནམ་ཡང་བླན་རྒན་ཟེར་བའི་ཚིག་དེ་བེད་སྤྱེད་མ་གཏོང་རོགས་

    Reply
  18. བློ་གྲོས་རྣམ་རྒྱལ། says:
    ལོ་ 16 སྔོན།

    སྙིང་རྗེ་་་་་་གཡེར་ཁ་ཚ་ཟེར་པ་འདི་ཡང་རང་གིས་མི་འཇོན་པའི་ཡུས་ཁྱེར་ཏེ་གཞན་གྱི་འཇོན་ཐང་ལ་སྙིང་ན་མཁན། བླུན་རྒན་ཕྲག་དོག་གིས་ཚོས་པ་ཞིག་རེད་འདུག་ག

    Reply
  19. གཡེར་ཁ་ཚ says:
    ལོ་ 16 སྔོན།

    ཁ་མཁས་ནོ་སྲིད་པ་རྒན་པོ་རེད་།་་་་་མགོ་བདེ་བོ་འདྲེ་རྒན་རྐང་དོ་རེད་།་
    བློ་རིག་པ་རལ་གྲི་རྣོན་མོ་རེད་།་་་ཚིག་སྙན་མོ་རྗེ་བཙུན་མགུར་མ་རེད་།

    Reply
  20. གཡེར་ཁ་ཚ says:
    ལོ་ 16 སྔོན།

    ་་་གཡེར་ཁ་ཚ་།་་་་་སྒྲོལ་མ་སྐྱབས་ཀྱིས་མགོ་ལ་བལྟས་ན་ཟི་ལིང་མཁར་གྱི་ཇག་རྐུན་ཞིག་འདྲ་བོ་འདུག་་་་་་་་་་་་ཆེས་ཇག་རྗག་རྐུན་བཟོ་བལྟ་ཅན་ཞིག་རེད་སྙམ་།་་་་་ཧ་་་་་་་་་་་་་ཧ་་་་་་ཧ་་་
    ཁ་བདེ་བོ་བཤད་ནས་གཞུང་གི་དངུལ་ཨམ་ཕྲག་ནང་ལ་མ་འཇུག་རོགས་།་་་་་་ཞུ་བ་་འཐེན་ནས་་་་་་་་སྐུ་ཞབས་སྒྲོལ་ཁོ་ལགས་

    Reply
  21. གཡེར་ཁ་ཚ says:
    ལོ་ 16 སྔོན།

    སྒྲོལ་མ་སྐྱབས་ཀྱིས་མགོ་ལ་བལྟས་ན་ཟི་ལིང་མཁར་གྱི་ཇག་རྐུན་ཞིག་འདྲ་བོ་འདུག་་་ཆེས་ཇག་རྐུན་བཟོ་བལྟ་ཅན་ཞིག་རེད་སྙམ་།་་་་་་་་་་་་ཧ་་་་་་ཧ་་་་་་་ཧ་་་་་་་ཧ་་་་
    ད་ཁ་བདེ་བོ་བཤད་ནས་གཞུང་གི་དངུལ་ཨམ་ཕྲག་ནང་ལ་མ་འཇུག་རོགས་་་་་་་་་་་་་་་་་ཞུ་བ་འཐེན་་་་་་་་་
    མཐོ་ལོ་བཤགས་

    Reply
  22. threeeyes says:
    ལོ་ 16 སྔོན།

    ལས་གཞི་གང་ཡིན་ཡང་རིག་གཞུང་གི་རྒྱབ་རྟེན་དང་ཁུངས། སྤྱི་ཚོགས་ཀྱི་ཕན་བདེ་སོགས་ཀྱི་ཁྱད་ཆོས་ལྡན་ན་ད་གཟོད་འགྲིག་རེད། ཕར་ཕྱིན་དྲུག་དང་སྦྱོར་ནས་དཔལ་འབྱོར་ཡར་རྒྱས་དང་འདུ་འགོད་བྱེད་ཐབས་དེས་སྤྱི་ཚོགས་ལ་མི་གནོད་པ་དང། རང་བྱུང་ཁོར་ཡུག་ལ་མི་གནོད་པ། བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་སྲུང་སྐྱོབ། དར་སྤེལ་བྱེད་ཐུབ་པ། ད་དུང་བོད་ཀྱི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་རིགས་གསར་གཏོད་བྱེད་ཐུབ་པ། ད་ལྟའི་གནས་བབ་ཀྱི་ཆ་ནས་བོད་སྤྱི་ཚོགས་ཀྱི་འཚོ་བའི་དགོས་མཁོ་དང་མཐུན་པའི་ཡར་རྒྱས་སོགས་ཀྱི་ཕྱོགས་ལ་ཕན་ཐོགས་ཡོད་པ་ཡིན་ན་དགེ་མཚན་མི་ཆེའམ།ཕྱོགས་གཞན་ཞིག་ནས་གཡེར་ཁ་ཚ་ལགས་ཁག་མི་འདུག གསར་འགྱུར་ཆ་ཚང་ཞིག་བཀོད་མི་འདུག འོག་ནས་ནོར་གླིང་གིས་ཤེས་ཡོན་གྱི་ཐོག་ལ་འགྲོ་སོང་གཏོང་བའི་སྐོར་གྱི་གནས་ཚུལ་དེ་གསར་འགྱུར་དུ་གསལ་བོ་མེད་པ་རེད། ཕྱོགས་གཞན་ཞིག་ནས་གཡེར་ཁ་ཚ་ལགས་ཀྱིས་རྩིས་ཀྱི་འགྲོ་སྟངས་དང་དཔལ་འབྱོར་གྱི་སྒྲོམ་གཞི་སོགས་ལ་མཁྱེན་རྟོགས་མེད་པས་རེད། ཡང་ན་བསམ་བཞིན་དུ་གླན་ཀ་འཚོལ་བ་རེད། དེ་འདྲ་ཞིག་མིན་ན་སྐད་ཆ་དེ་འདྲ་ཞིག་བཤད་དགོས་དོན་གཏན་ནས་མེད་པར་འདོད་ཀི། མ་གཞི་ནས་ཁྱོད་རང་་གི་འདོད་པ་རེད། འོན་ཀྱང་ནོར་གླིང་གི་ཕྱོགས་ཡོངས་ཀྱི་གནས་ཚུལ་ཡག་པོ་ཞིག་མཁྱེན་རྟོགས་ཡོང་བའི་རེ་བ་ཡོད།

    Reply
  23. བློ་གྲོས་རྣམ་རྒྱལ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོར་ཞུ་རྒྱུར། བོད་ཡིག་གི་དྲ་གནས་འདི་ཚོའི་ནང་ན་ཁྱི་སྨྱོན་བཞིན་རྒྱུག་ཏེ། བླ་ཆེན་དང་མི་ཆེན་ཚོ་ལ་མཚན་སྨད་དང་སྐུལ་འདེབས། ཆོལ་ཁ་དང་ཆོས་བརྒྱུད་པར་ལ་དབྱེན་སྦྱོར་དང་དཀྲུག་ཤིང་། ཐ་ན་རང་རིགས་འཇོན་ཐང་ཅན་ཚོའི་གཉའ་གཅོག་ཐབས་སོགས། མདོར་ན་བོད་རྒྱལ་ཁབ་དང་མི་རིགས་ལ་གནོད་གཞིའི་ལས་ཁོ་ན་རྩོམ་མཁན་འདི་དག་གི་དམིགས་ཡུལ་ངོས་ཟིན་པའི་ཐོག་ནས། དེར་དོགས་ཟོན་དང་དོ་སྣང་ངེས་པར་དུ་བྱེད་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

    Reply
  24. བློ་བཟང་དར་རྒྱས་འོད་ཡུག་པ། says:
    ལོ་ 16 སྔོན།

    སྒྲོལ་མ་སྐྱབསས་ལགས་ཐུགས་རྗེ་ཆེ་ཁྱེད་ཀྱིས་ཕྱག་རྗེསི་་གླིང་འདིར་མཐོང་རྒྱུ་འདུག་པ་མ་ཟད་རང་རེའི་སྤྱི་ཚོགས་ལ་ཡང་ཕན་ཐོག་གནང་བཞིན་པ་ནི་ཉི་ཤར་འབར་མོས་ཁེབས་དཀའ་བ་རེད།་འོན་ཀྱང་རང་ཉིད་ཀྱིས་གང་ཡང་མི་འཇོན་པའི་བོད་པའི་ཁྱི་ངན་འགས་སྐུ་ཉིད་ལ་མཆོངས་བཞིན་ངན་སྨྲས་བྱེད་པ་ནི་གདོང་ལ་ཤ་མེད་པའི་རྟགས་གསལ་པོ་རེད།་

    Reply
  25. བློ་བཟང་དར་རྒྱས་འོད་ཡུག་པ། says:
    ལོ་ 16 སྔོན།

    སྒྲོལ་མ་སྐྱབསས་ལགས་ཐུགས་རྗེ་ཆེ་ཁྱེད་ཀྱིས་ཕྱག་རྗེསི་་གླིང་འདིར་མཐོང་རྒྱུ་འདུག་པ་མ་ཟད་རང་རེའི་སྤྱི་ཚོགས་ལ་ཡང་ཕན་ཐོག་གནང་བཞིན་པ་ནི་ཉི་ཤར་འབར་མོས་ཁེབས་དཀའ་བ་རེད།་འོན་ཀྱང་རང་ཉིད་ཀྱིས་གང་ཡང་མི་འཇོན་པའི་བོད་པའི་ཁྱི་ངན་འགས་སྐུ་ཉིད་ལ་མཆོངས་བཞིན་ངན་སྨྲས་བྱེད་པ་ནི་གདོང་ལ་ཤ་མེད་པའི་རྟགས་གསལ་པོ་རེད།་

    Reply
  26. བློ་བཟང་དར་རྒྱས་འོད་ཡུག་པ། says:
    ལོ་ 16 སྔོན།

    མཛད་རྣམ་ཀློག་རྒྱུར་སྒུག་ནས་ཡོད་ཀྱང་ལམ་ཏུ་མེད་པས་བསྟོད་པ་ཞུ་ཐབས་བྲལ་སོང་།་འོན་ཀྱང་མིང་དོན་མཚུངས་པའི་མཛད་རྣམ་ཞིག་ཡིན་པའི་སྨོན་འདུན་ཞུ།

    Reply
  27. བློ་བཟང༌། says:
    ལོ་ 16 སྔོན།

    སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་འདི་འདྲ་ཞིག་གསུང་འདུག ནོར་བཅོས་ཕྲན་བུ་བྱས་ཡོད།

    དེ་རིང་འདིར་དགའ་ལྡན་ཁྲི་པ་རིན་པོ་ཆེ་ཞལ་སྔ་ནས་ཁོང་སྔོན་མ་ང་ལྷ་སར་ཡོད་སྐབས་ནས་ཡོད། སྐབས་དེ་དུས་སྨིན་མ་ཟིང་ཟིང་ཅན་གྱི་ལ་དྭགས་པ་ཞིག་ཡོད་པ་ངས་དྲན་གྱི་འདུག དེའི་རྗེས་ང་ཚོ་བཙན་བྱོལ་བ་ཆགས་ཏེ་རིན་པོ་ཆེས་འབྲས་སྤུངས་བློ་གསལ་གླིང་གི་མཁན་པོ་གནང་བ་རེད། དངོས་གནས་བསམ་པ་རྣམ་དག་དང་། ཁ་རུ་ཁ་ཐུག་གི་ཐོག་ནས་ཧུར་ཐག་གནང་སོང་། རིན་པོ་ཆེ་ལ་དྭགས་ནས་རེད། ལ་དྭགས་དང་ང་ཚོ་སྔོན་མ་ནས་འབྲེལ་བ་ཡོད། ང་རང་སྒེར་ངོས་ནས་ཀྱང་ལ་དྭགས་ཀྱི་དགེ་བཤེས་ཚོའི་མདུན་ནས་ཆོས་འབྲེལ་ཞུས་ཡོད། དེ་རིང་གསར་དུ་ཁྲི་འདོན་གནང་བའི་དགའ་ལྡན་ཁྲི་པ་འདི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རེད།

    དགའ་ལྡན་ཁྲི་པའི་འགྲོ་སྟངས་དེ་སོ་སོར་ལུང་རྟོགས་ཀྱི་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་པར་ཕེབས་རྒྱུའི་ལམ་ཁ་ཡོད། དེ་ཧ་ཅང་གི་རླབས་ཆེན་རེད། དེ་བཞིན། གདན་ས་ཁག་གི་མཁན་པོ་དང་རྒྱུད་གྲྭ་སྟོད་སྨད་ཀྱི་མཁན་པོ་སོགས་ཀྱང་། མི་རིགས་ལ་དབྱེ་བ་ཡོད་པ་མ་རེད། སོག་པོ་ནས་ཡོང་གི་ཡོད་ལ། རྒྱ་གར་ནས་ཡོང་གི་ཡོད། དགེ་བཤེས་ནང་རྒྱ་རིགས་ཀྱང་ཡོང་གི་ཡོད། དེ་རིང་ཧི་མ་ལ་ཡའི་རི་རྒྱུད་ནས་ཡོང་མཁན་ཞིག་གིས་དགའ་ལྡན་ཁྲི་པ་གནང་བར་ དམིགས་བསལ་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་བར་བོད་སྤྱི་བའི་དོན་ལ་ཐུགས་འཁུར་བཞེས་ཡོད་ལ། ད་དུང་ཡང་དགའ་ལྡན་ཁྲི་པའི་མཚན་ཐོག་ནས་བསྟན་པ་དང་འགྲོ་བའི་དོན་དུ་ཕྱག་ལས་གནང་རྒྱུའི་གོ་སྐབས་མང་པོ་ཡོད་པས་ཧུར་ཐག་གནང་རོགས་ཞུ་རྒྱུ་ཡིན། ཞེས་དང་།

    ཉེ་ཆར་ལྷ་སར་མི་བཞི་སྲོག་ཐོག་ལ་བཏང་བ་ཚང་མ་ལོ་གཞོན་ཤ་སྟག་ཡིན་པས་ཧ་ཅང་སེམས་པ་སྐྱོ་བའི་གནས་རེད། འོན་ཀྱང་། ང་ཚོར་བྱ་ཐབས་གཞན་ཡོད་པ་མ་རེད། བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །ཅེས་སྨོན་ལམ་རྒྱག་རྒྱུ་འདི་རེད། དེ་ཙམ་དུ་མ་ཟད། ཉེ་ཆར་ཡུ་གུར་གྱི་མི་མང་པོ་ཞིག་ལ་སྲོག་ཐོག་གི་ཉེས་ཆད་བཅད་འདུག དེ་བཞིན་ཁ་སང་ཨི་རག་ནང་མི་བརྒྱ་ལྷག་བསད་པ་དང་ལྔ་བརྒྱ་ལྷག་རྨས་པའི་གནས་ཚུལ་འདུག དེ་དང་དེས་མཚོན་པའི་འཛམ་གླིང་འདིར་ཆགས་སྡང་གི་དབང་གིས་མི་མང་པོ་ཞིག་འཕུང་དུ་འཇུག་པ་ཡོང་གི་ཡོད་སྟབས། ང་ཚོས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྨོན་ལམ་རྒྱག་གི་ཡོད། ཅེས་བཀའ་སྩལ།།

    Reply
  28. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད༎
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ༎
    དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས༎
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད༎

    ཉེ་ཆར་གཞིས་ལུས་སྤུན་ཟླ་བཞི་སྔ་ལོའི་ཞི་རྒོལ་བའི་ཉེས་མིང་འོག་རྒྱ་གཞུང་གིས་སྲོག་ཐོག་བཏང་བར་གོང་གི་ཚིགས་བཅད་འདི་གདན་དྲངས་པའོ༎

    Reply
  29. ནད་པ says:
    ལོ་ 16 སྔོན།

    ༸ རྒྱལ་བའི་མཛད་རྣམ་གྱི་ཆ་ཤས་ཤིག་ལེགས་གྲུབ་ཟིན་པར་རྗེས་སུ་ཡིད་རངས་ཞུ་རྒྱུ་དང་སྦྲགས་ལ་དྭགས་ནས་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་ཞིག་བྱོན་ཐུབ་པར་བཀྲིས་བདེ་ལེགས་ཞུ།

    གཅེས་པའི་གཞི་ལུས་ཀྱི་སྤུན་ཟླ་བཞི་རྒྱ་མིས་སྲོག་ཐོག་ཏུ་བཏང་བར་༸ གོང་ས་མཆོག་དང་། བཀའ་ཁྲི་ཟམ་དོང་རིན་པོ་ཆེ། དགའ་ལྡན་ཁྲི་པ། རྒྱལ་བ་ཀརྨ་པ། སྨན་རི་ཁྲི་འཛིན་སོགས་ཀྱིས་ཐུགས་སྨོན་སྐྱབས་འཇུག་མཛད་པ་དེས་འདས་སོན་བོད་རིགས་ཡོངས་ལ་སེམས་ཀྱི་ངལ་གསོ་ཞིག་ཏུ་འགྱུར་བར་སྨོན།

    རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར། །སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི། །འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན། །བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་རྒྱུར་ཅིག །

    Reply
  30. གཡེར་ཁ་ཚ says:
    ལོ་ 16 སྔོན།

    གཡེར་ཁ་ཚ།
    ་སྒྲོལ་མ་སྐྱབས་ལགས།་་ནོར་གླིང་གི་དཔལ་འབྱོར་རིག་པ་་དེ་ཕར་ཕྱིན་་དྲུག་གི་ལྟ་བ་་ལ་སྦྲགས་དགོས་དོན་གང་ཡིན་ནམ།
    གལ་སྲིད་ཕར་ཕྱིན་དྲུག་གི་ལྟ་བ་ལ་མ་སྦྲགས་པ་ཡིན་ན་ནོར་གླིང་གི་དཔལ་འབྱོར་རིག་པ་དེ་ཉམས་འགྲོ་བའི་ངེས་བ་ཡོད་དམ་།་་ཕྱི་ལོ་༢༠༠༣ནས་༢༠༠༤བར་ཡོང་སྒོར་ཧིན་སྒོར་འབུམ་གཉིས་བརྒྱ་དང་དྲུག་ཅུ་རེ་གཅིག་དང་འགྲོ་སོང་ཧིན་སྒོར་འབུམ་གཉིས་བརྒྱ་དང་སུམ་ཅུ་སོ་དྲུག་སོང་ཡིན་ན་།་འབུམ་ཉི་ཤུ་རྩ་ལྔ་ག་བར་འགྲོ་སོང་།་ནོར་གླིང་ལ་ལོ་གཅིག་གི་ནང་ལ་ཡོང་སྒོར་ཧིན་སྒོར་འབུམ་གཉིས་བརྒྱ་དང་དྲུག་ཅུ་རེ་གཅིག་མ་བྱས་ཡོད་པ་མ་རེད།་་་་ཕལ་ཆེར་ཁྱེད་ཀྱིས་ཨམ་ཕྲག་ནང་ལ་་་་་་་་་་་་་་་་་་་་་་ཧྲག་་་་་་་་་ཧྲག་་་་་་་ཧྲག་་་་་་་་་་་་་་་

    Reply
  31. བོད་པ་ཚང་། says:
    ལོ་ 16 སྔོན།

    མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ་དབུ་འབྱེད་གནང་ཐུབ་པར་དགའ་ཚོར་ཆེ། འོན་ཀྱང་དཔེ་དེབ་སྤུས་ལེགས་དང་ཞན་པ་གཉིས་ཀ་བསྡོམས་པའི་ཁ་གྲངས་ ༥༠༠ ལས་བཏབ་པ་ཉུང་དྲགས་པས། འབྲེལ་ཡོད་ཀྱིས་ཕྱིན་ཆད་དེ་ཉིད་སླར་ཡང་པར་སྐྲུན་གནང་བའི་རེ་བ་ཡོད། དེ་བཞིན་དགའ་ལྡན་ཁྲོ་ཐོག་བརྒྱ་དང་གཉིས་པ་ལ་དྭགས་ནས་ཡིན་པའི་ལུང་རྟོགས་དཔལ་ལ་མངའ་བའི་སྐྱེས་ཆེན་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  32. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    བྱང་ཆུབ་སེམས་དཔའ་རྣམ་ལ་སྐུར་པ་བཏབ༎
    དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས༎
    ཆགས་མེད་བདེ་སྨོན་ལས།

    Reply
  33. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    དྲ་གྲོགས་བཀྲ་ཤིས་ཟླ་བ་དང་ནོར་བུ་གླིང་ཁ་གཉིས་ཀྱི་སྐད་ཆའི་དོན་ལ་མོས་མཐུན་ཡོད། འོན་ཀྱང་སྐད་ཆ་བཤད་དུས་ཚིག་ནག་པོའམ་ཚིག་ངན་དེ་འདྲ་བེད་སྤྱོད་མ་བཏང་ན་མི་བཟང་ངམ། ཀརྨ་པ་ཁྱི་འཁྱམས་ནང་བཞིན་ཟེར་བ་ལྟ་བུ། འཁོར་ཞབས་བླུན་རྒན་མི་ནག་པ་ཁྱུ་གཅིག་ཟེར་བ་ལྟ་བུ། བླ་རྫུན་འཛག་རྒན་ཟེར་བ་འདི་ཚོ་ཕན་མེད་རྙོག་དྲ་སློང་བའི་ཚིག་ངན་རྐྱང་ལས་ཅི་ཡང་ཕན་གི་མ་རེད། དེ་བས་སྐད་ཆ་ཡང་དག་ཅིག་དང་སྒྲུབ་བཤད་རྣལ་མ་ཞིག་བཀོད་ཐུབ་ན་དེས་ཕན་གི་རེད། མ་གཞི་ནས་དེང་གི་གཞོན་སྐྱེས་མང་པོ་ཞིག་གིས་མི་ཆེན་བླ་ཆེན་ཚོར་ཁ་ཆེན་པོ་དང་ཚིག་ངན་བཤད་པར་ཐེ་ཚོམ་ཅུང་ཙམ་ཡང་མི་འདུག་པ་འདི་ཡག་པོ་རང་དུ་མཐོང་མ་སོང་། དེ་ཙམ་ཡིན།

    Reply
  34. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    དྲྭ ་གྲོགས་བཀྲ་ཤིས་ཟླ་བའི་དགོངས་ཚུལ་དེ་མི་བདེན་རྒྱུ་མི་འདུག། འོན་ཀྱང་རྒྱལ་དབང་ཀརྨ་པ་ཁོང་ལ་གཅིག་ནས་རང་དབང་ཚད་ལྡན་ཞིག་མེད་པས་ལན་པ་རེད། གཉིས་ནས་ཞབས་འཁོར་བླུན་པོ་མི་ནག་པ་ཁྱུ་གཅིག་སོང་ཙང་དབུ་འོག་དཔུང་འདེགས་བྱེད་མཁན་མེད་པས་རེད། གསུམ་ནས་ཕྱག་མཛོད་ཟོག་པོ་དེས་རང་ཉིད་དཔེ་ཆ་ལྟ་མྱོང་མེད་པའི་རྐྱེན་གྱིས་བླ་མ་ལའང་དཔེ་ཆ་གཟིགས་རྒྱུའི་མཐུན་རྐྱེན་སྦྱོར་རྒྱུ་དེ་ཙམ་ཐུགས་འདོད་མེད་པ་མངོན་གསལ་རེད། སྔོན་མ་ཡིན་ན་བཀའ་བརྒྱུད་དགོན་སྡེ་ཁག་ནས་མཚན་ཞབས་པ་ལེགས་འདེམས་ཀྱིས་གྲྭ་གཞོན་རྟགས་གསལ་བ་གང་མང་ཞིག་ཡོད་སྐད་འདུག་ཀྱང་། ཕྱིས་སུ་ཕྱག་མཛོད་སོག་པོ་འདི་སླེབས་ནས་བཟུང་མཚན་ཞབས་པའང་ཕལ་ཆེར་སྟོངས་ལ་ཉེ་བའི་ལོ་རྒྱུས་འདུག འདི་འདྲའི་བླ་ཆེན་ཞིག་གི་སྐུ་ན་གཞོན་པའི་དུས་སུ་གཞུང་ཆེན་ཁག་ལ་གསན་བསམ་ལྷོད་གཡེང་ཤོར་ན་བོད་སྤྱི་དང༌། ལྷག་པར་བཀའ་བརྒྱུད་པའི་བསྟན་པ་རྨང་ནས་བཤིག་པ་དང་གཅིག་མཚུངས་མ་ཡིན་ནམ། གང་ལྟར་གནད་དོན་འདི་ཚོ་གཙོ་བོ་བླ་རྫུན་འཛག་རྒན་སྒྲུབ་དཔོན་ཟེར་བ་དེའི་མཛད་རྗེས་རང་རེད།

    Reply
  35. གངས་ཅན། says:
    ལོ་ 16 སྔོན།

    ནང་ཆོས་དང་འབྲེལ་ཏེ་དཔལ་འབྱོར་རིག་པའི་གཞུང་ལུགས་གསར་བཏོད་བྱེད་ཐུབ་ན་དེ་རླབས་ཆེན་རེད། དེ་སྔོན་ཕྱི་རྒྱལ་མི་ཞིག་གིས་ནང་ཆོས་སྦྱངས་ཏེ་རྡོ་རྗེ་གཅོད་པ་གཞི་ལ་བཞག་སྟེ་དཔལ་འབྱོར་རིག་པའི་འགྲོ་སྟངས་ཤིག་སྒྲུབ་སྟེ་ཚོང་བརྒྱབ་པའི་འཛམ་གླིང་གི་ཕྱུག་པོ་ཆགས་ཡོད་པ་དྲ་གནས་སྟེང་དུ་སླེབས་སོང་། དེ་ལྟར་སྒྲུབ་ཐུབ་ན་དེ་ནི་འཚེ་བ་མེད་པའི་དཔལ་འབྱོར་རིག་པའི་གཞུང་ལུགས་དང་སྤྱི་ཚོགས་ཕན་བདེ་སྒྲུབ་པའི་དཔལ་རིག་པ་ཞིག་ཡོང་བ་གདོན་མི་ཟ།

    Reply
  36. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    ཕར་ཕྱིན་དྲུག་དང་ལུས་སྦྱར། ནོར་བུ་གླིང་ཁ་དེ་ཉིད་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་དང་ཕ་རོལ་ཏུ་ཕྱིན་ཚར་རེད།

    Reply
  37. རང་བཙན་གཙང་མ། says:
    ལོ་ 16 སྔོན།

    དཔལ་འབྱོར་རིག་པ་ཕར་ཕྱིན་དྲུག་དང་སྦྲགས་དགོས་པ་ལ་རྒྱུ་མཚན་གང་ཡོད། དོན་མེད་ལ་མགོ་ན་ཡའི་ལས་ཀ་དེ་ཚོ་ལ་མོས་མཐུན་མེད། དཔལ་འབྱོར་རིག་པ་ཕར་ཕྱིན་དྲུག་དང་སྦྲགས་ན་དཔལ་འབྱོར་ལ་ག་རེ་ཕན་ཐོགས་ཡོད་རེད། ཆོས་ལ་ག་རེ་ཕན་ཐོགས་ཡོད་རེད། ཕན་ཐོགས་གང་ཡང་མེད་པའི་རིག་པ་ཞིག་རེད།

    Reply
  38. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་ཀརྨ་པ་མཆོག དེང་སང་ཁྱི་འཁྱམས་བཞིན་གང་སར་ཕེབས་ཀྱི་འདུག ཁོང་གིས་རིག་པའི་གཞུང་ལུགས་དང་འབྲེལ་བའི་ཕྱག་དཔེ་རྣམས་གཟིགས་ཀྱི་ཡོད་དམ། དངོས་གནས་དགུང་ལོ་ཆུང་ངུ་དུས་སུ་གཟིགས་འདོད་མེད་ན་ཕམ་པོ་རེད། འགྱོད་པ་རྗེས་སུ་སྐྱེས་ཡོང་།

    Reply
  39. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    མཛད་རྣམ་འདི་དག་ཀློག་ཐུབ་རྒྱུར་རེ་བ་ཤུགས་ཆེན་པོ་ཡོད་ལ། མཛད་རྣམ་འདིའི་མགོ་སྔ་བར་གཞུག་ཚང་མ་ལ་དངོས་ཤུགས་རྒྱུད་གསུམ་ནས་ཕྱག་ལས་གནང་མཁན་གང་ན་སུ་ཡོད་པ་དག་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་བ་དང་འབྲེལ། སྐལ་བ་བཟང་བོ་དང་ཚོགས་རྒྱ་ཆེན་པོ་བསགས་པ་དེར་རྗེས་སུ་ཡི་རང་བྱེད།

    Reply
  40. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    སྤུན་ཟླ་བསེ་རུ་ལགས། འདི་ལྟར་ཁྱེད་ཀྱིས་དྲ་ངོས་ཀྱི་ཁ་བྱང་སྣ་ཚོགས་ཤིག་ཁོ་བོའི་མིག་མདུན་ན་སྤུངས་པ་དང་། དགའ་སྐྱོ་ཟུང་འབྲེལ་གྱིས་ཁྱེད་ལ་འཚམས་འདྲི་ཡོད། སྐྱོ་དགོས་བ་ནི་མི་ལོ་ལྔ་བཅུའི་རིང་ཡུལ་གྱར་བའི་འཚོ་བ་བསྐྱལ་དགོས་བྱུང་བ་དང་། གཞིས་བཞུགས་སྤུན་ཟླ་ཚོས་རང་ཉིད་དགའ་མོས་ཀྱི་དྲ་ངོས་དེ་དག་ལ་བལྟ་ཀློག་ཙམ་བྱ་རྒྱུའི་རང་དབང་གི་གོ་སྐབས་ཙམ་ཡང་མེད་པས་སྐྱོ་དགོས་བྱུང་།
    དགའ་དགོས་པ་ཞིག་ལ། ཁྱོད་ཀྱི་ང་ལ་མཁོ་བའི་ནོར་བུ་མང་པོ་ཞིག་ངའི་མིག་མདུན་ན་སྤུངས་འདུག་པས་ངའིོ་ཡིད་རབ་དབང་མེད་དུ་འཕྲོག་སོང་། ཅི་སྟེ་ཁྱོད་ཀྱི་ང་བོད་ཡིག་དང་རྒྱང་ཐག་ཧ་ཅང་རིང་བའི་ས་དོང་མོ་ཞིག་ན་བསྡད་ཡོད་པ་ཤེས་ཀྱིན་ཡོད་ པ་འདྲ། ངོ་མ་ཐུགས་རྗེ་ཆེ། ད་དེ་རང་དེ་མུ་ཟི་ཡིན། ད་ཅང་བཤད་རྒྱུ་མེད།

    Reply
  41. བསེ་རུ། says:
    ལོ་ 16 སྔོན།

    དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་མཆོག་འདི་ལྟར་ཁྲི་འདོན་གྱིས་བསྟན་སྲིད་ཀྱི་མགོན་དུ་བྱོན་པ་དང་། ༸རྒྱལ་བའི་མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ་སྟོད་ཆ་ལེགས་གྲུབ་བྱུང་བའི་བཀྲ་ཤིས་དུས་བཟང་ལ་འཚམས་འདྲི་ཞུ།།

    Reply
  42. གངས་གླག says:
    ལོ་ 16 སྔོན།

    པུཎྡ་རི་ཀ་རབ་ཏུ་བཞད་པའི་ཞལ་གྱི་དཀྱིལ་འཁོར་མཛེས་སྟོན་ཅིང་།།
    དྲི་མེད་དུང་དང་ཆུ་ཤེལ་ལྟར་དཀར་ལྟ་ན་སྡུག་པའི་ལང་ཚོ་ཅན།།
    བསམ་ཡས་མཆོག་སྤྲིན་རྒྱས་པའི་དབུས་ན་སྒྲོལ་མཛད་སྒྱུ་མའི་རྩེད་འཇོ་དང་།།
    བདེ་གཤེགས་རྒྱལ་སྲས་ཁྲོ་བོའི་དཔུང་སོགས་གྲངས་མེད་འཁོར་གྱི་དབུས་ན་བརྗིད།།
    ༧གང་གི་སྐུ་ཚེ་སྐལ་བརྒྱར་བརྟེན་ཅིང་བོད་དང་སྒོས་སུ་འཛམ་གླིང་སྤྱི་ལ་བདེ་སྐྱིད་ཀྱི་ཉི་མ་མགྱོགས་ནས་མྱུར་ཏུ་ཤར་བའི་སྨོན་འདུན་དང་བཅས་ད་ཐེངས་ནོར་གླིང་ལས་སློབ་ཀུན་གྱིས་འབད་འབུམ་ཚད་མེད་ལས་བྱུང་བའི་རླབས་ཆེན་གྱི་མཛད་རྗེས་འདི་ལ་རྗེས་སུ་ཡི་རངས་དང་བཀྲིས་བདེ་ལེགས་ཞུ་རྒྱུ་དང་།མྱུར་ཏུ་བདེ་ཕྲེང་དེ་དག་ལྟ་ཀློག་ཐུབ་པར་སྨོན།

    Reply
  43. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    ཁྱེད་ཀྱིོ་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་བོད་ཀྱི་བདེན་འཐའ་དེ་རིང་སང་ཉིན་ཞིག་ལ་སེལ་བར་ཤོག

    Reply
  44. བཤད་སྒྲུབ says:
    ལོ་ 16 སྔོན།

    བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་ལགས་ཀྱིས་སྙིང་རུས་ཆེན་པོས་ཧུར་བརྩོན་གནང་བའི་གྲུབ་འབྲས་ལས་མཛད་རྣམ་གྱི་སྟོད་ཆ་ཕུན་སུམ་ཚོགས་པ་ཞིག་འགྲེམ་སྤེལ་གནང་ཐུབ་པ་བྱུང་བ་འདི། བོད་རིགས་ཙམ་མ་ཡིན་པར་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་གོ་སྐལ་དང་། བྱུང་རབས་ཀྱི་དོན་སྙིང་ལྡན་པའི་ཕྱག་ལས་རླབས་ཆེན་ཞིག་གྲུབ་པ་རེད་སྙམ་ཡོད། ཅེས་བཀའ་ཁྲི་མཆོག་གིས་གསུངས་པ་བཞིན་སེམས་གཏིང་ནས་དགའ་བསུ་ཡོད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese