ཤེས་ཡོན་དང་སྤྱི་ཚོགས་ཀྱི་ལས་ཀ་གང་བྱས་ཀྱང་དཀའ་ངལ་ཕྲན་བུ་འཕྲད་པ་ཆོས་ཉིད་རེད། ངང་རྒྱུད་རིང་པོ་དང་བློ་ཁོག་ཡངས་པོས་གདོང་ལེན་བྱ་དགོས། གདོང་ལེན་བྱེད་སྟངས་དེ་བཅའ་ཁྲིམས་རིན་པོ་ཆེ་དང་༧་གོང་ས་མཆོག་གི་བཀའ་སློབ། བོད་གཞུང་གི་སྲིད་བྱུས་སོགས་སུ་དཀའ་ངལ་ལ་གདོང་ལེན་བྱེད་སྟངས་གསུངས་ཡོད། དཀའ་ངལ་གང་ལ་འཕྲད་ཀྱང་ལམ་སེང་རྙོག་དྲའི་ནང་མི་འགྲོ་བར་བདེན་པ་དང་འཚེ་བ་མེད་པ། ཡང་དག་པའི་དམངས་གཙོ་གསུམ་གཞི་རྩར་བཟུང་པ་ཡིན་ན་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཡོང་གི་རེད་ཟེར།
ཁ་སང་ཕྱི་ཚེས་ ༢༧ ཉིན་བཞུགས་སྒར་ཡོངས་གླིང་སྔོན་འགྲོའི་སློབ་གྲྭ་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་གཙི་བྱས་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་གཞུང་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཕེབས་ཡོད་ལ། བོད་མི་མང་སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག་དང་ངྷ་ས་ས་གནས་མགོ་འཛིན་ཚེ་རིང་ཕུན་ཚོགས། གཞན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཕེབས་ཡོད། མཛད་སྒོའི་ལས་རིམ་ཐོག་མར་སྒྲོལ་མ་ཤེལ་ཕྲེང་བཟོ་ལས་ཁང་དང་སློབ་གྲྭའི་པར་རིགས་འགྲེམས་སྟོན་ཞུས་ཡོད། དེའི་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་སློབ་གྲྭའི་ལོ་རྒྱུས་དཔེ་དེབ་དབུ་འབྱེད་དང་ལས་བྱེད་རྒན་གྲས་རྣམས་ལ་ལེགས་སྐྱེས་ཕུལ་ཡོད་ལ། སློབ་གྲྭའི་འགན་འཛིན་མཆོག་ནས་དུས་དྲན་ངོ་སྤྲོད་དང་སྦྲགས་ལས་བསྡོམས་སྙན་སྒྲོན་ཞུས་ཡོད།
སྐབས་དེར་སྒུ་མགྲོན་གཙོ་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གསུང་བཤད་གནང་དོན། ད་ལྟ་ཞབས་ཞུ་སྒྲུབ་བཞིན་པའི་དགེ་ལས་རྣམ་པར་འབྲེལ་བ་ཡོད་པའི་རེ་བ་ཞིག་ཞུ་རྒྱུ་ཡོད་པ་དེ་གང་ཡིན་ཟེར་ན། དགེ་རྒན་གྱི་བྱ་བར་ལྷག་བསམ་རྣམ་དག་དང་འབད་པ་བྱས་པ་ཡིན་ན། དགེ་རྒན་གྱི་ལས་ཀ་དེ་སྤྱི་ཚོགས་ནང་གི་ལས་རིགས་གཞན་དག་ལས་ལྡབ་འགྱུར་གྱི་ཕན་རླབས་ཆེན་པོ་ཡིན། ཆོས་ཕྱོགས་ནས་བཤད་ནའང་ཕར་ཕྱོགས་ནས་སོ་སོས་མི་ཚེ་བློས་བཏང་སྟེ། སྒྲུབ་པ་ཉམས་ལེན་བྱེད་མཁན་དང་ཚུར་ཕྱོགས་ནས་༧གོང་ས་སྐྱབས་མགོན་ཆེན་པོས་བཀའ་དགོངས་བཞིན་བོད་ཀྱི་ཤེས་ཡོན་ཐད་ཞབས་ཞུ་བསྒྲུབ་པ་གཉིས་བསྡུར་བ་ཡིན་ན། ངའི་བསམ་པར་ཕྱི་མ་དེ་ཕན་རླབས་ཆུང་བ་རེད་དྲན་གི་མེད། ཅེས་དང་།
གཉིས་པ། སློབ་གྲྭ་འདི་ངོ་བོའི་ཆ་ནས་སྔོན་འགྲོའི་སློབ་གྲྭ་རེད། གཞི་རིམ་ཤེས་ཡོན་སྲིད་བྱུས་གསར་བའི་ནང་སྔོན་འགྲོ་དང་དམའ་རིམ་དེ་ཧ་ཅང་གི་གལ་ཆེན་དུ་རྩིས་ཡོད། མཚམས་རེར་སློབ་གྲྭ་ཁག་ལ་ལྟ་སྐོར་ལ་འགྲོ་སྐབས། འཛིན་རིམ་ ༩ པའི་སློབ་མ་ཁ་ཤས་གནས་ཚད་ཧ་ཅང་སྐྱོ་བོ་ཡིན་པ་མཐོང་སོང་། སྐད་ཆ་འདྲི་དུས་དགེ་རྒན་ཚོས་སློབ་མ་དེ་དག་དང་པོ་ནས་གནས་ཚད་སྐྱོ་བོ་ཡིན་པའི་འགྲེལ་བཤད་བརྒྱབ་ཡོང་གིན་འདུག དེ་ལྟར་ཁུངས་གཏུགས་ནས་སོང་ན་སྔོན་འགྲོ་ལ་ཐུག་འདུག ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུང་སྔོན་འགྲོ་དང་། དམའ་རིམ་ལ་ཚན་རིག་དང་མཐུན་པའི་ཤེས་ཡོན་སློབ་སྦྱོང་སྤྲོད་ཐབས་སུ་དམིགས་བསལ་ཤུགས་སྣོན་རྒྱག་དགོས། ཞེས་གསུངས་བྱུང་།
ཁོང་གིས་མུ་མཐུད་དུ་གསུངས་དོན། ཡོངས་གླིང་སྔོན་འགྲོའི་སློབ་གྲྭ་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐད་སྐད་ཆ་ཁ་ཤས་བཤད་ན་བསམ་སོང་། ཤེས་ཡོན་སྲིད་བྱུས་ཀྱི་ལྟ་སྟངས་ཐོག་ནས་བསྔགས་བརྗོད་བྱ་དགོས་པ་ཞིག་ནི། ས་གནས་མི་མང་དང་དབུ་ཁྲིད་འགའ་ཤས་ཀྱི་རོགས་རམ་ལ་བརྟེན་ཏེ། ད་ལྟ་སློབ་གྲྭ་འདི་ཚགས་ཚུད་པོ་བྱུང་ཡོད། ཤེས་རིག་ལས་ཁུངས་ཀྱིས་འཛིན་སྐྱོང་བྱེད་ཀྱིན་མེད་མོད། མ་དངུལ་སྤྲད་ནས་སམ་བྷོ་ཊར་རོགས་རམ་ཞུས་ཟིན་ཡོད། ཡོངས་གླིང་སློབ་གྲྭ་ལྟ་བུ་ཡིན་ན་དེ་འདྲ་མི་ཡིན་པར་སྔོན་མ་ནས་ཚགས་ཚུད་པོ་དང་ཁུངས་འཁྱོལ་པོ་ཡོད་ལ། ད་ལྟའང་ཡར་རྒྱས་འགྲོ་བཞིན་པའི་གནས་སྟངས་ཆགས་ཡོད། འབྲེལ་ཡོད་དགེ་ལས་དང་ཕ་མ། དེ་བཞིན་མི་མང་ཚང་མར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཡོད། ཅེས་དང་།
ཤེས་ཡོན་སྲིད་བྱུས་ནང་ཚིག་གསལ་དོན་གསལ་འཁོད་ཡོད་པ་བཞིན་སྔོན་འགྲོའི་སློབ་གྲྭར་ང་ཚོ་རང་དང་འཚམ་པའི་ལངས་ཕྱོགས་ཤིག་མ་བྱུང་བར་སྔར་རྒྱུན་བཞིན་འགྲོ་དགོས་རྒྱུ་དང་། གཞན་པ་ཞིག་ལ་དེང་སང་ས་ཁུལ་མང་པོ་ཞིག་གིས་སྔོན་འགྲོ་དང་གཞི་རིམ་ནང་དགེ་རྒན་བུད་མེད་དགོས་པའི་བསམ་འཆར་འདོན་མཁན་འདུག ཡང་ཕ་མ་ཁ་ཤས་ཀྱིས་བུད་མེད་དགེ་རྒན་མང་དྲགས་ན་སྐྱོན་འདུག ངའི་བུའང་བུད་མེད་ཀྱི་གཤིས་ཀ་ཡོད་མཁན་ཞིག་ཆགས་འདུག་ཟེར། དེའི་ཕྱིར་དམའ་རིམ་དགེ་རྒན་རྣམས་ནས་སྔ་ས་ནས་སྔོན་འགྲོའི་སློབ་ཕྲུག་ཇི་ལྟར་བསྐྱང་དགོས་མིན་དང་། དམའ་རིམ་སློབ་མར་སློབ་སྦྱོང་ཇི་ལྟར་སྤྲོད་དགོས་མིན་ཐད་ཐུགས་བསམ་བཞེས་དགོས་ཀྱིན་འདུག
དོན་ཚན་གསུམ་པ། ཤེས་ཡོན་སྲིད་བྱུས་ནང་ཕ་མ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་ཆགས་ཡོད། ཕ་མ་དང་སློབ་གྲྭའི་འབྲེལ་བ་དང་བུ་ཕྲུག་དང་ཕ་མའི་འབྲེལ་བ། ཕ་མས་སློབ་གྲྭའི་གནས་སྟངས་ལ་དོ་སྣང་དང་འཛིན་སྐྱོང་ལ་གཟིགས་རྟོགས་བྱ་དགོས་ལ། སློབ་གྲྭའི་དོན་གནད་གང་འདྲ་ཞིག་ཡིན་ན་ཡང་འབྲེལ་ཡོད་ལ་དྲི་བ་དང་དོགས་འདྲི་བྱ་དགོས། དེ་ནི་ཡར་རྒྱས་ཕྱིན་ཟིན་པའི་སྤྱི་ཚོགས་ནང་རྒྱུན་ལྡན་ཞིག་ཡིན་ཡང་། རང་རེའི་སྤྱི་ཚོགས་ནང་ད་དུང་དེ་ཙམ་ཡར་རྒྱས་འགྲོ་ཐུབ་ཀྱིན་མི་འདུག སློབ་གྲྭ་འདི་གཞན་དང་མི་འདྲ་བ་ཞིག་ཡིན་པ། དེ་རིང་གི་གནས་སྟངས་ལ་བལྟས་ན་གསལ་བོར་ཤེས་ཐུབ་ཀྱིན་འདུག ཚང་མས་མུ་མཐུད་དེ་ཤུགས་རྒྱག་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཅེས་གསུངས་བྱུང་།
དྲུང་ཆེ་མཆོག་གིས་སློབ་གྲྭའི་དགེ་ལས་ཚོས་དཀའ་ངལ་ཁག་ལ་གདོང་ལེན་བྱེད་ཕྱོགས་ངོ་སྤྲོད་གནང་དོན། ང་ཚོས་དཀའ་ལས་བརྒྱབས་ཏེ་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱས་དོན་གང་ཡིན་ཟེར་ན། དེང་དུས་ཤེས་ཡོན་སློབ་སྦྱོང་དང་ཕ་མེས་ནས་ཡོད་པའི་སྲོལ་རྒྱུན་ཤེས་ཡོན། ཡ་རབས་བཟང་སྤྱོད་སོགས་ཉམས་ཆག་ཏུ་མི་འགྲོ་བར་སླར་གསོ་གཏོང་ཆེད་རེད། སྔོན་འགྲོའི་དཀའ་ངལ་དང་གཞི་རིམ་གྱི་དཀའ་ངལ་རིགས་འཕྲལ་སེལ་ཙམ་གྱིས་འདང་གི་མེད། རིམ་གྱིས་འཛིན་རིམ་ཚང་མའི་སློབ་ཚན་ལ་བཅོས་སྒྱུར་བཏང་སྟེ། བོད་ཀྱི་སྐད་ཡིག་ཡག་པོ་ཞིག་ཤེས་སུ་འཇུག་དགོས། དགེ་རྒན་དང་འབྲེལ་ཡོད་འཛིན་སྐྱོང་ཚན་པས་དེ་སྔོན་བོད་ལ་ཡོད་པའི་ཁོར་ཡིག་གི་ཁྱད་ཆོས་དེ་འདྲ་ཞིག་ཚང་བར་འབད་པ་བྱ་དགོས། འོན་ཀྱང་། མི་འདང་ས་ཡོད་ཀྱང་ཉམས་མྱོང་རིམ་བསགས་ཀྱིས་ཡར་རྒྱས་སུ་གཏོང་དགོས།
སློབ་གྲྭ་འདིའི་ཤེས་ཡོན་དང་འབྲེལ་བ་ཡོད་མཁན་ཚང་མར་མུ་མཐུད་ནས་ཤུགས་སྐྱོན་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། ཤེས་ཡོན་དང་སྤྱི་ཚོགས་ཀྱི་ལས་ཀ་གང་བྱས་ཀྱང་དཀའ་ངལ་ཕྲན་བུ་འཕྲད་པ་ཆོས་ཉིད་རེད། ངང་རྒྱུད་རིང་པོ་དང་བློ་ཁོག་ཡངས་པོས་གདོང་ལེན་བྱ་དགོས་པ་རེད། གདོང་ལེན་བྱེད་སྟངས་དེ་བཅའ་ཁྲིམས་རིན་པོ་ཆེ་དང་༧གོང་ས་མཆོག་གི་བཀའ་སློབ། དེ་བཞིན་བོད་གཞུང་གི་སྲིད་བྱུས་སོགས་སུ་དཀའ་ངལ་ལ་གདོང་ལེན་བྱེད་སྟངས་གསུངས་ཡོད། དཀའ་ངལ་གང་ཞིག་ལ་འཕྲད་ཀྱང་ལམ་སེང་རྙོག་དྲའི་ནང་མི་འགྲོ་བར་བདེན་པ་དང་འཚེ་བ་མེད་པ། ཡང་དག་པའི་དམངས་གཙོ་གསུམ་གཞི་རྩར་བཟུང་པ་ཡིན་ན་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཡོང་གི་རེད། ཅེས་གསུངས་སོང་།
བདེ་དོན་ཟླ་བ་ཚེ་རིང་གི་སྒེ་བདག་བྱེད་པས་སློབ་གྲ་དེ་དུས་ཆེན་བྱས་འདུག་་་་་་་་
ཤེས་རིག་དྲུང་ཆེ་གཡུ་ཐོག་ལགས།
གྲོ་མ་མིག་མེད་བདེ་བའི་ཕྱོགས་སུ་རྒྱུག བོད་པ་མགོ་ནག་པད་ཤས་ཕྱོགས་སུ་རྒྱུག མདོ་ན་བོད་རིགས་ཐམས་ཅད་བང་འགྲན་ནས། ཁྱེད་ལས་ང་མགྱོགས་ནུབ་ཕྱོགས་ཡུལ་དུ་སླེབས།
བོད་ཀྱི་སྐད་ཡིག་ནང་དུ་དུས་རབས་གསར་པའི་རིག་གནས་བསྒྱུར་མ་ཐུབ་པ་བོད་ཀྱི་སློབ་མ་རྣམས་ལ་ཤུགས་རྒྱབ་ཤུགས་རྒྱབ་གསུངས་པ་དེ་ཤེས་རིག་ལས་ཁུང་ངོས་ནས་ནོར་འཁྲུལརེད།
ཤུགས་རྒྱབ་དགོས་པའི་མི་དེ་ཁྱེད་རང་རེད། མཁྱེན་སོང་ངམ།
གུས་པ་ཅོ་རི་ཉི་མ་ནས
་
ཤེས་རིག་དྲུང་ཆེ་གཡུ་ཐོག་ལགས།
སྐུ་ངོས་ཟླ་བ་ཚེ་རིང་ལགས་དངོས་གནས་བྱས་རྗེས་ཆེན་པོ་རེད།
ཁཽང་ལ་བཀའ་དྲིན་ཧ་ཅང་ཆེ་ཞུ།
༧གོང་ས་མཆོག་གིས་ཁོང་ཐད་གད་སྤྱི་འཐུས་འཐད་བསྐོས་གནང་པ་རེད།
རྡ་ས་བདེ་དོན་གནང་གིས་བྱས་རྗེས་གཟེངས་ཐོན་མིག་གིས་མཐོང་ཡོང་གིན་འདུག་ག
ཡིན་ན་ཡང་ང་ཚོའི་སྤྱི་ཚོགས་ནང་ལ་མི་ཡག་མོ་འདི་འདྲ་ལ་སྐྱོན་འཛུགས་ཚབས་ཆེན་བྱས་རེད་དོ།ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ།
མང་མོས་འོས་བསྡུ།
༼དགེ་རྒན་ལས་རིཊ་གཞན་ལས་ལྡབ་འགྱུར་གྱི་ཕན་རླབས་ཆེ།
༽
དགེ་རྒན་ལས་རིགས་གཞན་ལས་ལྡབ་འགྱུར་གྱིས་ཕན་རླབས་ཆེ།
༽
ཡིད་མི་ཆེས་ན། ༼དགེ་རྒན་ལས་རིཊ་གཞན་ལས་ལྡབ་འགྱུར་གྱི་ཕན་རླབས་ཆེ།
༽ཞེས་པའི་ཁ་བྱང་འདིར་འགྲེལ་བཤད་ཞིག་རྒྱག་རོགས། ངས་བལྟས་ན་ཁ་བྱང་འདི་བོད་སྐད་བཤད་སྟངས་ཤིག་མ་རེད།
ཨེ་ཨེ། དོན་འགྲུབ་བཀྲ་ཤིས། དེ་འདྲ་ཞིག་ཨེ་ཡིན་ན། སྐད་ས་སོམས་ལ་ཤོད། རྩམ་པ་ལྡོད་ལ་མྱིད། ཁ་སང་དགེ་འདུན་རབ་གསལ་གྱིས་འདི་ལ་འགྲེལ་བཤད་ཅིག་བརྒྱབ་པ་དེ་བཀླགས་ཡོད་རྒྱུ་རེད། འདིའི་ལག་པར་ཡང་བསྐྱར་ཤོར་ན་ལངས་རྒྱུ་དཀའ་མོ་རེད་ད། མུ་གེའི་སྒང་ལ་ཟླ་ལྷག་བྱུང་དུས་ཚར་བ་རེད།
དོན་འགྲུབ་བཀྲ་ཤིས་ལགས།
ངས་གང་ནོར་བཅོས་ཀྱི་རེ་བ་ཞུས་པ་གཞན་གཉིས་ནི་གཤམ་གྱི་འདི་གཉིས་ཡིན། དེའི་ནང་བཅོས་ནོར་ཡོད་ན་སྟོན་རོགས་ཞུ་ཡི་ཡོད།
ཚེས་ ༢༣ ཉིན་གྱི་གསར་འགྱུར་༼དེ་རིང་ནས་རིག་གཞུང་ལ་བརྩེ་བ་ཡོང་བའི་ཐབས་ལམ་འཚོལ།
༽ནང་བཟོ་བཅོས་ཀྱི་རེ་སྐུལ་ཞུས་པ་གཤམ་གྱི་འདི་ཡིན།
གསར་འགྱུར་འདི་བམ་ཀློག་ཅིག་ཞུས་པ་ཡིན། གཤམ་གྱི་འདི་ཚོ་ནོར་འདུག དེ་ཚོ་སུ་ལ་འགན་ཡོད་པ་དེས་དག་བཅོས་ཤིག་གནང་རོགས།
རི་བརྒྱུད། རི་རྒྱུད།
ཆབས་གཅིག ཆབས་ཅིག
རྗེ་བཙན་པདྨ། རྗེ་བཙུན་པདྨ།
བཅུ་བ། བཅུ་པ།
རྒྱུན་འགྲོན། རྒྱུན་གྲོན།
རང་སྐྱ་ཐུབ། རང་རྐྱ་ཐུབ།
གཉིད་ཀ གཉིས་ཀ
རང་སྐྱ་འཕེར། རང་རྐྱ་འཕེར།
ངན་གོམ། ངན་གོམས།
འགན་འཁུར་ཆགས་ཡོད། འགན་ཁུར་ཆགས་ཡོད།
ཚར་ལོངས། འཚར་ལོངས།
བཏང་ཏེ། བཏང་སྟེ།
སྟིངས་ཆ། སྡིངས་ཆ།
བཟི་བརྗིད། གཟི་བརྗིད།
ཆེ་པོ། ཆེན་པོ།
ངོ་ནས། ངོས་ནས།
ཚེས་ ༢༣ ཉིན་གྱི་གསར་འགྱུར་༼གནམ་གཤིས་འགྱུར་ལྡོག་གི་རྒྱལ་སྤྱིའི་ལས་འགུལ་ཉིན་མོ།
༽ནང་བཟོ་བཅོས་ཀྱི་རེ་སྐུལ་ཞུས་པ་གཤམ་གྱི་འདི་ཡིན།
བོད་ཀྱི་དུས་བབ་ལགས།
གཤམ་གྱི་འདི་ཚོའང་ནོར་འདུག མ་གཞི་དེ་ཉིན་ང་རང་ཡང་ཚོགས་ཐོག་དེར་དངོས་སུ་ཞུགས་རྒྱུ་བྱུང་སྟབས། ཁྱེད་རང་ཚོས་ཡི་གེར་ཕབ་སྟངས་འདིས། བཤད་མཁན་དང་གསུང་མཁན་གྱི་ཚིག་ཁ་ཤས་གོ་ནོར་ཅན་དུ་བྱས་ནས་ཡོད་པའང་ཁ་ཤས་འདུག་སྟེ། གང་ལྟར་ང་རང་གི་རེ་བ་ནི། གཤམ་གྱི་འདི་ཚོ་བཟོ་བཅོས་ཤིག་ཞུ་རོགས་ཞེས་པ་འདི་ཡིན།
རྡ་ས་ཉིན་མོའི་སློབ་གྲྭ མེག་གྷན་ཉིན་མོའི་སློབ་གྲྭ
སྐུ་མགྲོན་གཙོ་བོ། སྐུ་མགྲོན་གཙོ་བོར།
གྲོས་མཆོད། གྲོས་ཆོད།
ལ་བ། ལྭ་བ།
ནགས་ཚུལ། ནགས་ཚལ།
ཆུ་སློག ཆུ་ལོག
དོན་འགྲུབ་བཀྲ་ཤིས་ལགས།
ལན་ཞིག་གཏགས་ནས་སླེབས་པར་ཐུགས་རྗེ་ཆེ་ཞུ། ༼བཅོས་ནོར་རེ་ཟུང་ལ་ནོར་བཅོས་ཀྱི་སྤོབས་པས་མ་འདང་བར་རང་སོར་བཞག་པ་རེ་ཟུང་ཡོད།༽ ཅེས་བཤད་དེ་འདུག དེ་ནི་ངེས་པར་ཡོད་སྲིད་པ་ཞིག་ལས། ཁྱོན་རང་ནས་བཅོས་ནོར་མེད་ཅེས་ཞུ་རྒྱུ་གང་ཡང་མེད། བཅོས་ནོར་དེ་ཚོ་གསལ་སྟོན་ཅིག་གནངས་རོགས། ང་ལའང་ཕན་ས་རེད་ལ། ང་འདྲ་བ་ཚོར་ཡང་ཕན་གྱི་རེད་སྙམ་དུ་འདོད། བཅོས་ནོར་བྱུང་བ་ནི་ནམ་རྒྱུན་ཡིག་ནོར་འབྲི་བ་ལས་ཀྱང་ཚབས་ཆེ་བ་ཡིན་པས། དེ་ཡིན་གཅིག་གསལ་སྟོན་ཞིག་གནང་རོགས་ཞུའོ།།
བསྟན་འཛིན་ཚེ་དཔག་ལགས། བློ་ཕམ་མ་མཛད་ཅིག (ལྷག་བསམ་རྣམ་པར་དག་པས་) ཡིག་ནོར་ལ་མཛུབ་མོ་རི་སྟོན་ཚུལ་གྱིས་ཐེར་འདོན་གནང་ན། མ་འཚམ་པ་དང་མ་རན་པ་ཡེ་ནས་མེད། འོན་ཀྱང་། བཅོས་ནོར་རེ་ཟུང་ལ་ནོར་བཅོས་ཀྱི་སྤོབས་པས་མ་འདང་བར་རང་སོར་བཞག་པ་རེ་ཟུང་ཡོད། གོང་གི་ནོར་ཆད་ལྷག་གསུམ་གྱི་ཡིག་སྐྱོན་དེ་དག་ཁྱེད་ཀྱི་གསུང་ལྟར་བཅོས་ཡོད།
བསྟན་འཛིན་ཚེ་དཔག་ལགས། བློ་ཕམ་མ་གནང་གནང་རོགས། ལྷག་བསམ་རྣམ་པར་དག་པས་ཡིག་ནོར་ལ་མཛུབ་མོ་རི་སྟོན་ཚུལ་གྱིས་ཐེར་འདོན་གནང་ན། མ་འཚམ་པ་དང་མ་རན་པ་ཡེ་ནས་མེད་མོད། བཅོས་ནོར་རེ་ཟུང་ལ་ནོར་བཅོས་ཀྱི་སྤོབས་པས་མ་འདང་བར་རང་སོར་བཞག་པ་རེ་ཟུང་ཡོད།
བཀུར་འོས་དུས་བབ་ཚང་གི་རྩོམ་སྒྲིག་པ་མཆོག་དང་གསར་འགོད་པ་ཡོངས་ལ་ཞུ་རྒྱུར།
ངེད་ཅག་གི་ངོས་ནས་བོད་ཀྱི་དུས་བབ་དྲ་རྒྱ་དང་ཚགས་པར་གཉིས་གཞན་ལས་ཀྱང་ཁྱད་དུ་འཕགས་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ལ། དེ་བཞིན་འཐུས་ཚང་ཞིག་གི་ངོ་བོར་འགྱུར་ཐུབ་པའི་རེ་བ་རྒྱག་བཞིན་ཡོད། འོན་ཀྱང་། ཁྱེད་ཅག་གི་ངོས་ནས་སྣང་མེད་ཀྱིས་ཡིག་ནོར་དང་ཆད་ལྷག་སོགས་ལ་མ་གཟབ་པར་འདི་ལྟར་མི་མཐུད་དེ་ཕྱིན་པ་ཡིན་ན། ང་ཚོས་གླེང་བཞིན་པའི་རིག་གཞུང་གཅེས་སྐྱོང་ཞེས་པ་དེ་ཁ་ཙམ་ཞིག་མ་རེད་དམ།
རྩོམ་སྒྲིག་པ་ལགས།
ཁྱེད་རང་ཚོས་གསར་འགྱུར་ནང་ཡིག་ནོར་སྤེལ་ནས་སླེབས་ཐེངས་རེར། ལྷག་བསམ་རྣམ་དག་གིས་མཛུབ་མོ་འཛུགས་མཁན་ཚོར་ཞེ་འཁོན་བཅངས་ཀྱི་ཡོད་པས་ཡིན་ནམ་ཅི། བཟོ་བཅོས་ཀྱི་འདོད་པ་ཡེ་མི་གནང་བར་བཞུགས་སྟངས་འདིས། ཚོར་བ་གཞན་ཞིག་སྤྲོད་ཀྱིན་འདུག་ན། ཅི་སྟེ་བཟོ་བཅོས་ཀྱི་རེ་སྐུལ་དག་ཁྱེད་རང་ཚོའི་ཐུགས་འདོད་དང་འཚམ་གྱི་མེད་པ་དང༌། རན་གྱི་མེད་པ་ཡིན་ན་ནི། དེ་ཚུལ་གྱི་ལྗགས་ལན་གསལ་པོ་ཞིག་གནོངས་དང༌། དེ་མཚམས་ནས་ང་ཚོས་ཕན་ཚུན་གྱི་ཡིག་ནོར་ཐེར་འདོན་འདི་མཚམས་འཇོག་ཞུས་ཆོག་གི་རེད་དྲན།
མ་གཞི་བྱས་ན། ང་ཚོས་ཕན་ཚུན་གྱི་ཡིག་ནོར་ཐེར་འདོན་བྱེད་པའི་གཞི་རིམ་གྱི་ལས་ཀ་འདི་བརྒྱུད། བོད་ཀྱི་རིག་གཞུང་ཡར་སྤེལ་དང༌། ཆུང་ས་ནས་བཤད་ན། དུས་བབ་འདི་ཡིག་ནོར་མེད་པ་ཞིག་ཏུ་གོམ་པ་སྤོ་བསྐྱོད་ཀྱི་ཆེད་དུའང་ཡིན་སྟབས། ངེས་པར་དགོས་རྒྱུ་ཞིག་ནི་རེད་སྙམ་དུ་འདོད། ད་དུང་གསལ་འདེབས་ཞུ་རྒྱུ་ཞིག་དྲན། རྩོམ་སྒྲིག་པ་མཆོག་ནས་འདི་ནི་ང་ཚོར་དགོས་ངེས་ཤིག་ཡིན་སྐོར་དྲ་ངོས་འདི་ནས་ལན་ཤས་གླེང་སོང་ཡང༌། ལག་ལེན་གྱི་སྐབས་སུ་རེ་སྐུལ་སྣང་མེད་གཡུག་འཇོག་གི་གནང་སྟངས་འདིས་རེ་སྐུལ་བ་ཚོར་གོ་བརྡ་ཅི་ཞིག་སྤྲོད་འདོད་ཡིན་པ་མིན་ནི་ཆ་མི་འཚལ་ཡང༌། དཔེར་ན། གུས་རང་ནས་ཚེས་ ༡༣ ཉིན་གྱི་གསར་འགྱུར་༼གནམ་གཤིས་འགྱུར་ལྡོག་གི་རྒྱལ་སྤྱིའི་ལས་འགུལ་ཉིན་མོ།
༽དང་༼དེ་རིང་ནས་རིག་གཞུང་ལ་བརྩེ་བ་ཡོང་བའི་ཐབས་ལམ་འཚོལ།
༽གཉིས་ནང་ཡིག་ནོར་གང་ཡོད་ཟུར་འདོན་ཞུས་པ་དེ། གསར་འགྱུར་ཨ་མའི་ནང་བཟོ་བཅོས་གང་ཡང་མ་གནང་བར་ཡོད་པ་ལྟ་བུ་རེད། དེ་རིང་འདིར་མཐའ་མའི་རེ་སྐུལ་ཞིག་ཞུ་རྒྱུར། གཤམ་གྱི་འདི་ཚོའང་ནོར་འདུག དེར་བཟོ་བཅོས་བཅོས་ཤིག་གནང་རོགས་ཞེས་མཐའ་མའི་རེ་སྐུལ་ཞིག་ཞུའོ།།
ལག་སྐྱེས། ལེགས་སྐྱེས
འགན་འཛིན་ཆོག འགན་འཛིན་མཆོག
ཡོང་ཀིན། ཡོང་གིན།
གང་འད། གང་འདྲ།
ཤུགས་བརྒྱག་རོགས། ཤུགས་རྒྱག་རོགས།
བསླར་གསོ། སླར་གསོ།
ཡོངས་གླིང་སློབ་གྲྭ་གསར་འཛུགས་བྱས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་ལ་བཀྲ་ཤིས་བདེ་ལེགས་ཞུ། བདེ་དོན་ཟུར་བ་ཟླ་བ་ཚེ་རིང་མཆོག་ནས་འདི་འདྲའི་རླབས་ཆེན་གྱི་བྱ་བ་སྒྲུབ་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
སློབ་གྲྭ་འདི་བཙུགས་དེ་ཤེས་ཡོན་སྤྲད་པ་དགའ་ཡོད། བོད་ཡིག་ལ་དོ་སྣང་མེད་པའི་བྱིས་པ་དག་འཚར་ལོངས་བྱུང་བ་དེར་སེམས་པ་སྐྱོ་གནས་བསྡད་ཡོད།
རེད་ཡ། གོང་དུ་གསུངས་པ་ཐམས་ཅད་བདེན་པ་རེད། སྔོན་འགྲོའི་སློབ་གྲྭ་ནས་བཟུང་སྟེ་གཞི་རིམ་སློབ་གྲྭའི་དབར་དུ་བོད་ཡིག་དགེ་རྒན་ཚོས་འཐུས་ཤོར་དུ་གཏོང་བཞིན་པ་མངོན་སུམ་རེད། བཙན་བྱོལ་ནང་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་སློབ་ཕྲུག་ཚོའི་ཁྲོད་ན་བོད་ཡིག་ལ་དོ་སྣང་བྱེད་མཁན་ཉུང་ལ། བོདཡིག་གི་གནས་ཚད་ཚད་ལྡན་ཡིན་མཁན་ཤིན་ཏུ་ཉུང་ཉུང་རེད། འདི་ནི་དགེ་རྒན་གྱི་འཐུས་ཤོར་ཙམ་མ་ཟད་ཁྱིམ་ཚང་གི་ཕ་མའི་འཐུས་ཤོར་ཞིག་ཀྱང་རེད། ད་དུང་ཡང། བོད་ཀྱི་སྤྱི་ཚོགས་ཁྲོད་ན་བོད་ཡིག་གིས་ལྟོ་སྤྲོད་མི་སྲིད་ཅེས་ཁ་གཡང་སྟོང་བ་སྒྲོག་མཁན་ཤིན་ཏུ་མང་། གང་ལྟར་གྱི་འཐུས་ཤོར་འདི་ནས་ཐར་བར་ང་ཚོས་དཔུང་པ་མཉམ་གཤིབ་ཀྱིས་བསྐྱོད་དགོས་དགོས་པར་བསམ།
Tahts very good