མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་སྒེའུ་ཁུང་།

བོད་ཀྱི་དུས་བབ།
༢༠༠༩/༡༠/༣༠
Share on FacebookShare on TwitterShare on EmailShare on Whatsapp

འགོག་ཁབ་ལ་བློ་དོགས།
རྒྱ་ནག་དུ་མི་ཉིས་སྟོང་ལྷག་ལ་ H1N1 གྱི་རིམས་ནད་ཀ་བའི་འགོག་སྨན་སྐོར་མང་ཚོགས་ནང་བསམ་འཆར་བསྡུ་ལེན་བྱས་པར། མི་གྲངས་བརྒྱ་ཆའི་ ༧༦ གིས་འགོག་ནད་སྨན་ཁབ་བརྒྱག་པར་མོས་མཐུན་བྱས་མི་འདུག དེ་ནི་མང་ཚོགས་ཕལ་ཆེ་བས་འགོག་སྨན་དེར་ཡིད་ཆེས་ཡོང་གི་མེད་པར་མ་ཟད། འགོག་སྨད་དེས་ལྡོག་ཕྱོགས་ཀྱི་ནུས་པ་བསྐྱེད་སྲིད་པའི་བློ་འཚབ་ཀྱང་སྐྱེས་བཞིན་ཡོད་པ་རེད། པེ་ཅིན་དུ་ལས་ཀ་སྒྲུབ་བཞིན་པའི་རང་ལོ་ ༣༦ ཅན་གྱི་བུད་མེད་ཅིག་གིས་དེའི་ཐད་བཤད་དོན། འགོག་སྨན་དེའི་ཞིབ་འཇུག་གི་དུས་ཡུན་ཐུང་ལ་བཟོ་འགྲེམས་ཀྱི་མྱུར་ཚད་མགྱོགས་རྐྱེན། འགོག་སྨན་དེའི་སྡེབ་བཟོའི་སྤུས་ཚད་ལ་ཡིད་ཆེས་དཀའ་བ་དང་། དེ་མིན་འགོག་སྨན་དེའི་ནུས་པའི་ཐད་ལའང་བློ་དོགས་འདུག  དེར་བརྟེན་ངས་ལོ་ 8 ལ་སོན་པའི་རང་གི་བུ་ལ་སྨན་ཁབ་དེ་བརྒྱག་ཏུ་བཅུག་མེད་ཅེས་བརྗོད་ཡོད་པ་རེད།  རྒྱ་ནག་གི་འཕྲོད་བསྟེན་ཆེད་ལས་བ་དག་གིས། གལ་སྲིད་རིམས་ནད་སྔོན་འགོག་གི་བྱ་བ་མྱུར་ཏུ་མ་སྒྲུབ་ཚེ་མི་མང་ཁྲི་ཚོ་སྟོང་ཕྲག་བརྒལ་བར་འགོས་ཁྱབ་འགྲོ་རྒྱུ་ཡིན་པ་དང་། རིམས་ནད་ཀྱི་ཤི་ཚད་ཀྱང་འཕར་ངེས་པའི་ཉེན་བརྡ་བཏང་ཡོད་འདུག ཡིན་ནའང་། མང་ཚོགས་ཀྱིས་སྔར་བཞིན་འགོག་སྨན་དེར་བློ་འགེལ་མ་ཐུབ་པར་རིམས་འགོག་ནད་བཅོས་དང་ལེན་བྱེད་ཀྱིན་མེད་པ་རེད། ཉེ་སྔོན་རྒྱ་ནག་ཏུ་མི་གྲངས་ ༣༣༠༠༠ ལྷག་ལ་རིམས་ནད་བྱུང་ཡོད་པ་དང་། ཟླ་འདིའི་ནང་མི་ ༤ རིམས་ནད་ཀྱིས་ཤི་ཡོད་འདུག

ཨོ་བྷ་མར་ཞུ་ཡིག་ཕུལ་བ།
ཕྱི་ཟླ་ ༡༠ པའི་ཚེས་ ༢༣ ཉིན། ཕྱི་སྡོད་རྒྱ་རིགས་ཀྱི་བཙོན་པའི་ཐེབས་རྩ་ཚོགས་པ་དང་། རང་དབང་རྩོམ་པ་པོའི་ལྷན་ཚོགས། ཧོང་ཀོང་གསར་འགོད་མཐུན་ཚོགས། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པའི་ལྟ་རྟོག་ཚོགས་པ། ཧོང་ཀོང་ཡི་ཤུ་ཆོས་ལུགས་གཅེས་སྐྱོང་ཚོགས་པ། ཧོང་ཀོང་གནམ་བདག་ཆོས་ལུགས་ཞི་བདེ་བདེན་དོན་འཐུས་ཚོགས། ཉི་ཧོང་རྩོམ་པ་པོའི་མཐུན་ཚོགས་བཅས་མཚོ་འགག་ཕྱི་ནང་གི་ཚོགས་པ་འདྲ་མིན་ ༧༠ ལྷག་གི་འཐུས་མིས་ཨ་རིར་བཅའ་སྡོད་ཧོང་ཀོང་དོན་གཅོད་ཁང་བརྒྱུད་ནས་ད་ལོར་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ཨ་རིའི་སྲིད་འཛིན་ཨོ་བྷ་མར་ཞུ་ཡིག་ཅིག་ཕུལ་ཏེ། ཟླ་རྗེས་མར་ཁོང་རྒྱ་ནག་ཏུ་འཚམས་གཟིགས་ལ་ཕེབས་སྐབས་རྒྱ་ནག་སྲིད་གཞུང་ལ་ལིག་ཞའོ་པའོ་གཙོས། ཧའོ་ཀཱ། ཁྲིན་ཆོན། ཀྲུག་ཡོང་ཅོན་ལ་སོགས་པའི་ཉེས་མེད་བཙོན་འཇུག་བྱས་པའི་རྩོམ་པ་པོ་དང་ཆབ་སྲིད་བཙོན་པ་རྣམས་གློད་དགོས་པའི་བཀའ་མོལ་ཡོང་བར་རེ་སྐུལ་ཞུས་ཡོད་པ་རེད།

རྒྱ་ནག་གི་གསར་འགོད་རང་དབང་།

ཉེ་སྔོན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ ༢༠༠༨ ལོའི་ཟླ་ ༩ པའི་ཚེས་ ༡ ནས་ ༢༠༠༩ ལོའི་ཟླ་ ༩ པའི་ཚེས་ ༡ བར། འཛམ་གླིང་རྒྱལ་ཁབ་འདྲ་མིན་དུ་ཡོད་པའི་གསར་འགོད་པ་ ༡༣༠ ཡིས་གསར་འགོད་པར་འཇིགས་སྐུལ་དང་། གསར་ཁང་གི་སྒྲིག་གཞིར་བཀག་སྡོམ། གསར་འགོད་རང་དབང་གི་ཚད་ཐིག་སོགས་གཞི་རྩར་བཟུང་སྟེ། རྒྱལ་ཁབ་སོ་སོའི་ནང་གི་གསར་འགོད་རང་དབང་གི་གནས་ཚུལ་ཐད་ཞིབ་འཇུག་བརྒྱུད་རྒྱལ་སྤྱིའི་གསར་འགོད་རང་དབང་གི་ལོ་ཧྲིལ་བོ་གཅིག་གི་གནས་སྟངས་སྙན་ཐོ་ཞིག་བཏོན་ཡོད་པ་རེད། ཞིབ་འཇུག་སྙན་ཐོ་དེའི་ནང་རྒྱ་ནག་ནི་མཇུག་མཐའི་ཨང་བརྒྱད་པ་དེ་ཆགས་ཡོད་པ་དང་། ལོ་སྔོན་མ་དང་བསྡུར་ན་ཨང་རིམ་བཅུ་མར་ལྷུང་ཡོད་འདུག  དེ་བཞིན་ཐའེ་ཝན་ཡང་ཨང་རིམ་བཅུ་མར་ཆགས་ཏེ་ཨང་ ༥༩ པར་ལྷུང་ཡོད། ཧོང་ཀོང་ལོ་སྔོན་མ་ལས་ཨང་རིམ་བཅུ་འཕར་ཏེ་ཨང་ ༤༨ པ་ཆགས་ཡོད་འདུག

དངུལ་ཁང་ལས་བཟོ་བའི་ངོ་རྒོལ།
ཕྱི་ཚེས་ ༢༧ ཉིན་གྱི་ཞོགས་པར། རྒྱ་ནག་གི་ས་ཁུལ་སོ་སོའི་བཟོ་ཚོང་དངུལ་ཁང་དང་། འཛུགས་སྐྲུན་དངུལ་ཁང་སོགས་དངུལ་ཁང་ཆེན་པོ་བཞིའི་ལས་བཟོ་བ་ ༥༠༠ ལྷག་པེ་ཅིན་གྱི་ནུབ་གྲོང་ཁུལ་གྱི་རྒྱལ་སྤྱིའི་དངུལ་རྩའི་ལས་རིགས་ལྟེ་བའི་སྲང་ལམ་དུ་འདུ་འཛོམས་གྱིས་ངོ་རྒོལ་ཁྲོམ་སྐོར་བྱས་ཏེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་རྩ་ཁྲིམས་ལམ་ལུགས་གཞིར་བཟུང་ད་ལྟའི་དངུལ་ཁང་ལས་བཟོ་བའི་འཚོ་བའི་དཀའ་ངལ་ཐག་གཅོད་བྱེད་དགོས་པའི་སྐད་འབོད་བྱས་ཡོད་པ་རེད། ༡༩༩༥ ལོ་ནས་བཟུང་རྒྱ་ནག་གི་ས་ཁུལ་སོ་སོའི་དངུལ་ཁང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བའི་སྒོ་ནས་གཡོ་ཇུས་སྣ་ཚོགས་དང་། བཙན་དབང་སྣ་ཚོགས་སྤྱད་དེ་ལས་བཟོ་བའི་ལས་ཞུགས་ཞབས་ལོའི་ཡོང་འབབ་ཚོང་འཕྲོག་བྱས་པར་བརྟེན། ད་ལོའི་ཟླ་ ༢ དང་ ༣ པའི་ནང་རྒྱ་ནག་རྒྱལ་ཡོངས་ཀྱི་དངུལ་ཁང་ཆེན་པོ་ལྔའི་ལས་བཟོ་བ་པེ་ཅིན་དུ་འཛོམས་ནས་ལོ་ངོ་དུ་མའི་ཡར་སྔོན་ནས་ཞུ་གཏུགས་བྱས་པའི་གནད་དོན་དེ་ཐག་གཅོད་ཡོང་བར་རེ་སྐུལ་ཞུས་མོད་དོན་འབྲས་བྱུང་མེད་པ་རེད། ངོ་རྒོལ་དུ་ཞུགས་མཁན་བུད་མེད་ཞིག་གིས་བརྗོད་དོན། སྲང་ལམ་ཧྲིལ་བོར་ཉེན་རྟོག་དམག་མི་འབོར་ཆེན་བཀྲམས་ཏེ་བཀག་སྡོམ་ནན་མོ་བྱེད་ཀྱིན་འདུག ཡིན་ནའང་། ང་ཚོ་ཚང་མ་འཚོ་དགོས་པ་རེད། གནད་དོན་ཐག་གཅོད་མ་བྱས་ན་ང་ཚོས་མུ་མཐུད་ནས་ངོ་རྒོལ་བྱེད་ཀྱི་ཡིན་ཚུལ་བརྗོད་ཡོད་པ་རེད།

བཅིངས་འགྲོལ་དམག་མིའི་ངོ་རྒོལ།
ཟླ་འདིའི་ཚེས་ ༢༥ ཉིན། ཧྲན་ཏུང་དང་ཧི་ནན། ནང་སོག  ཧེ་ལུང་ཅང་། ཀན་སུའུ་སོགས་ཞིང་ཆེན་ས་ཁུལ་ ༡༠ ལྷག་ནས་ཐོན་པའི་དམག་ཞབས་ཟིན་ནས་ཕྱིར་ལོག་པའི་དམག་དཔོན་ ༡༠༠ ལྷག་གིས་པེ་ཅིན་གྱི་མི་དམངས་བཅིངས་འགྲོལ་དམག་ཆབ་སྲིད་སྤྱི་ཁྱབ་ལྷན་ཁང་གི་སྒོ་ཁར་འདུ་འཛོམས་ཀྱིས་ཞུ་གཏུགས་བྱས་ཏེ་གླ་ཕོགས་དང་ལས་གནས་གོ་སྒྲིག་མ་བྱས་པར་ངོ་རྒོལ་བྱས་ཡོད་པ་དང་། དེ་བཞིན་དམག་དཔོན་ ༡༠ ལྷག་གིས་ས་གནས་ཁུལ་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད།  རྒྱ་ནག་རྒྱལ་ཡོངས་སུ་དམག་ཞབས་ཟིན་རྗེས་ལས་གནས་མ་ཐོབ་པར་ལུས་ཡོད་པའི་དམག་མི་ཁྲི་ཚོ་སྟོང་ཕྲག་འགའ་ཡོད་འདུག ངོ་རྒོལ་བྱེད་མཁན་དམག་མི་དག་གིས་གནད་དོན་དེ་དྲང་བདེན་གྱིས་ཐག་གཅོད་བྱུང་བ་ཡིན་ན་རྗེས་ཕྱོགས་གནས་ཚུལ་དེའི་རིགས་འབྱུང་མི་སྲིད་པ་དང་། དེ་ལྟར་མ་བྱས་ཚེ་མ་འོངས་པར་སྔར་ལས་རྣོ་ངར་ཇེ་ཆེར་འགྱུར་ངེས་ལ། གནད་དོན་ཐག་གཅོད་དཀའ་བའི་གནས་སྟངས་འོག་ལྷུང་སྲིད་པ་ཞིག་རེད་ཅེས་བརྗོད་ཡོད་པ་རེད།

རྒྱའི་རིག་གཞུང་གི་ཁ་ཕྱོགས།
༢༠༠༩ ལོའི་རྒྱ་ནག་གི་མཐོ་རིམ་སློབ་གསོའི་དཔྱད་གླེང་ཚོགས་འདུ་དེ་ཕྱི་ཚེས་ ༢༦ ཉིན་ཧང་ཀྲིག་དུ་ཚོགས་ཡོད་པ་རེད། ཚོགས་འདུའི་སྟེང་སྲིད་འཛིན་སློབ་གསོའི་མགོ་ཁྲིད་དང་། མཐོ་རིམ་སློབ་གྲྭའི་སློབ་གཙོ། དེ་བཞིན་ཕྱི་ནང་གི་སློབ་གསོའི་ཆེད་མཁས་པ་དང་། རིག་གནས་པ་བཅས་མི་གྲངས་ ༥༠ གིས་ལྟ་ཚུལ་བཏོན་ཡོད་པ་རེད། རྒྱ་ནག་མི་དམངས་སློབ་གྲྭ་ཆེན་མོའི་སློབ་གཙོ་ཅིས་པའོ་ཁྲིན་གྱིས། རྒྱ་ནག་གི་མཐོ་རིམ་སློབ་གྲྭའི་རིག་གཞུང་གི་ནུས་ཤུགས་བེད་སྤྱོད་དེ་ནོར་འཁྲུལ་ཆེན་པོ་གསུམ་གྱི་ཕྱོགས་སུ་བསྐྱོད་ཡོད་འདུག རིག་གཞུང་གི་དབང་ཚད་དང་ཆབ་སྲིད་ཀྱི་དབང་ཚད་གཉིས་གཤིབ་བསྡུར་བྱས་ཏེ། རིག་གཞུང་གི་དབང་ཚད་དེ་རིག་གནས་པའི་དབང་ཚད་དུ་ངོས་འཛིན་གྱིས་སྲིད་དོན་གྱི་དབང་ཚད་ལ་འབྲེལ་བ་མེད་པ་བྱེད་དགོས་མོད། རྒྱ་གཞུང་གིས་རིག་གཞུང་གི་དབང་ཚད་དེ་ཆབ་སྲིད་ཅན་དུ་བསྒྱུར་ནས་མཐོ་རིམ་སློབ་གྲྭ་ཕལ་ཆེ་བར་རིག་གཞུང་གི་རིན་ཐང་དེ་རིག་གཞུང་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་ཁ་བྲལ་ཏུ་གྱུར་ཡོད།  སློབ་གྲྭའི་སློབ་མའི་ཡོང་ཁུངས་ཀྱང་སྲིད་དོན་རང་བཞིན་ཅན་དུ་གྱུར་ཡོད། འབྲེལ་ཡོད་སྲིད་འཛིན་དཔོན་རིགས་ཚོ་རིག་གཞུང་གི་ལམ་ལུགས་ལ་རྒྱུས་མངའ་མེད་པར་བརྟེན། སྟབས་བདེ་ལ་ཞིབ་ཆ་མེད་པའི་སྲིད་དོན་གྱི་དབང་ཆ་ཁོ་ནས་རིག་གཞུང་གི་གནད་དོན་ཐག་གཅོད་བྱེད་བཞིན་ཡོད། ངས་དེ་སྔོན་ན་གཞོན་ཁྲུའུ་ཀྲང་ཞིག་གིས་དགེ་རྒན་ཆེན་མོ་རྒན་པ་ཞིག་ལ་སྡུག་ར་སྐུལ་ནས་ངག་ཀྱང་ཁྲོལ་དཀའ་བའི་གནས་སུ་བསྐྱལ་བ་མིག་མཐོང་ལག་ཟིན་བྱུང་། དེར་བརྟེན། དེང་སྐབས་སློབ་ཆེན་དགེ་རྒན་དག་གིས་གོ་གནས་ཀྱི་དབང་ཤུགས་རྩོད་ལེན་གྱི་ཕྱོགས་ལ་འབད་དེ་སློབ་གསོའི་རྒྱུ་སྤུས་ལ་མཐོང་ཆེན་མི་བྱེད་པར་གྱུར་ཡོད། ད་ལྟ་རྒྱ་ནག་གི་འབུམ་རམས་པའི་དཔུང་སྡེ་ཁྱབ་ཆེ་ཤོས་དེ་མཐོ་རིམ་སློབ་གྲྭ་ཁག་ན་མེད་པར། སྲིད་འཛིན་དཔོན་རིགས་པའི་དཔུང་སྡེ་རུ་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད་འདུག

རྒྱུ་དང་དབང་གི་ལུས་རྩལ།
ཉེ་ལམ་རྒྱ་ནག་ཧྲན་ཏུང་ན་འཚོགས་བཞིན་པའི་རྒྱ་ནག་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་གཅིག་པའི་སྟེང་། ལས་རྩལ་བ་དག་གིས་ངར་ལངས་བྱེད་ཀྱི་སྨན་རྫས་ལ་བརྟེན་ནས་གསེར་གྱི་རྟགས་མ་རྩོད་ལེན་བྱ་བཞིན་པའི་གནས་ཚུལ་སྔ་རྗེས་སུ་ཐོན་ཡོད་པ་རེད། ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན། རྨིས་ ༡༠༠ ཅན་གྱི་བུད་མེད་རྐང་རྒྱུགས་འགྲན་སྡུར་གྱི་གསེར་གྱི་རྟགས་མ་ཐོབ་མཁན་ ཝང་ཅིན་ཞིན་ ཟེར་བས་རང་གི་ལུས་སྟེང་དུ་ངར་ལངས་བྱེད་ཀྱི་སྨན་རྫས་བརྒྱབས་ཡོད་པ་དང་།  ཕྱི་ཚེས་ ༢༤ ཉིན། ཧྲང་ཧེ་དང་ཧའོ་པེ་ལག་སྤོལ་རུ་ཁག་གཉིས་ཀྱིས་ལུས་རྩལ་པ་བསླུ་ཉོ་བྱས་ཡོད་པའི་དོགས་སློང་བྱུང་ཡོད། ཕྱི་ཚེས་ ༢༦ ཉིན་པེ་ཅིན་དང་ཐེན་ཅིན་རྐང་སྤོལ་རུ་ཁག་གཉིས་ཀྱི་ཤན་འབྱེད་པའི་ཕྱོགས་རེས་བྱས་པ་ལ་བརྟེན་ནས་རྒྱག་རེ་ཤོར་ཏེ་ཤན་འབྱེད་པ་སྨན་ཁང་དུ་བསྐྱལ་བ། ཆུ་འཛུལ་ལུས་རྩལ་རྣམ་གྲངས་ཀྱི་ཤན་འབྱེད་པས་ཤན་འབྱེད་ལས་ཀ་ཕྱིར་འཐེན་གྱིས་ཆུ་འཛུལ་ལུས་རྩལ་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་དག་སྔ་ས་ནས་གཏན་འབེབ་གྲུབ་ཟིན་པ་ཕྱིར་བསྒྲགས་བྱས་པ་བཅས་ལ་བརྟེན་ནས།  རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྔར་ལོའི་ཨོ་རྩལ་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་མང་ཤོས་ཐོབ་མཁན་གྱི་རྒྱ་ནག་གི་ལུས་རྩལ་རུ་ཚོགས་དེ་ནི། མ་གཞི་ཤོག་སྒོར་གྱི་འགྲན་ཚོགས་དང་། སྨན་རྫས་ཀྱི་འགྲན་ཚོགས། ཁྲམ་པའི་འགྲན་ཚོགས། དབང་ཤུགས་ཀྱི་འགྲན་ཚོགས་ཞིག་རེད་ཅེས་པའི་གླེང་ཕྱོགས་གང་སར་ཁྱབ་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

ཆུ་ཚོད་ ༡༧ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩

མཆན། 8

  1. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    གུས་པའི་ལྟ་གཏང་བྱས་ན་ཨ་རིའི་སྲིད་འཛིན་མཆོག་་་་ནད་པ་ལྗི་པོ་་་་ཁྱེ་ད་ཀྱིས་གསུངས་པ་ལྟར་ཡིན་རྒྱུ་མ་རེད་སམས་ཀྱི་འདུག་་་།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    http://www.youtube.com/watch?v=8cKLwtEZzlA&feature=related
    འབྲེལ་ཐག་འདི་ལ་ཚང་མས་གཟིགས་རོགས་ཞུ།

    Reply
  3. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    རྒྱ་ནག་སྲིད་གཞུང་གིས་བོད་རིགས་ཡོངས་རྫོགས་དུད་འགྲོར་བསྒྱུར་རྒྱུ་ཞིག་ཡོད་ན་སྔོན་མ་ནས་བསྒྱུར་ཚར། དེ་མེད་ནས་རྒྱ་ནག་ལ་དཀའ་ངལ་ཕྲད་ཀྱི་འདུག ད་ཡིན་ན་བོད་རིགས་ཡོངས་རྫོགས་བསད་ན་ད་གཟོད་རྒྱ་ནག་སྲིད་གཞུང་གཙང་མ་ཆགས་སྲིད། དེ་མིན་ན་དཀའ་མོ་རེད།

    Reply
  4. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    དཀའ་མོ་ལ་

    Reply
  5. ནད་པ says:
    ལོ་ 16 སྔོན།

    ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་རྒྱ་ནག་ལ་མ་ཕེབས་པའི་སྔོན་དུ་སེམས་ཤུགས་གང་ཙམ་ཡོད་རྒྱུ་རེད་མོད་རྒྱ་ནག་ཏུ་སླེབས་རྗེས་རྒྱ་ཟས་ལེའོ་བཅོ་བརྒྱད་ཞལ་དུ་དྲངས་མ་ཐག་ངར་སློང་ཚང་མ་མར་ཞི་འགྲོ་རྒྱུར་དཀའ་ཚེགས་ཅང་མེད།

    མི་ལོ་ལྔ་སྟོང་དང་དྲུག་སྟོང་གི་ལོ་རྒྱུས་ཡོད་པའི་རྒྱ་ནག་གི་རྒྱ་ཟས་ལེའོ་བཅོ་བརྒྱད་དེ་ལས་སླ་པོ་ཞིག་གཏན་ནས་མ་རེད་དྲན་ཞིང་ཡོད། འཇིག་རྟེན་འདིའི་ནང་འཚོ་གནས་དངོས་ཀྱི་སྐབས་སུ་ཞིག་ཡིན་ཀྱང་མཐར་མར་སོ་སོའི་ཁེ་ཕན་དེ་རྩ་ཆེན་པོར་བརྩ་ངེས་རེད།

    ཆབ་སྲིད་པའམ་སྲིད་དོན་པ་ཟེར་བ་དེ་ཁེ་གྲགས་ཁོ་ནའི་ཆེད་དུ་འཚོ་དགོས་པ་ཞིག་རེད། དེ་འདྲ་སོང་ཙང་སྟོབས་དང་དཔུང་ངོམ་པའི་སྐབས་སུ་ཐ་མ་དེ་འགྲོ་ས་གཅིག་ལས་མེད་པ་རེད། དེ་ནི་སོ་སོའི་ཁེ་ཕན་གཙོར་བཞག་སྟེ་ཞོར་དུ་སྙན་གྲགསལ་བརྔམ་ནས་སྐད་ཆ་སྙན་པོ་ཚིག་ཁ་ཤས་ཤིག་བཤད་རྒྱུ་དང་འབོད་སྐུལ་ཞུ་རྒྱུ་དེ་རེད།

    Reply
  6. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    རྒྱང་རིང་ལགས།

    ངས་དུས་རྒྱུན་ངོ་ཤེས་ཚོ་དང་ནང་གཏམ་རེ་ཤོད་དུས་ཉིས་སྟོང་བཞི་བཅུ་ལྔ་བཅུའི་དུས་སྐབས་ཀྱི་འཇིག་རྟེན་ལ་བསམ་གཏོང་ཉན་ཞིག་མི་འདུག་ཅེས་བརྗོད་ཀྱི་ཡོད། གནས་ཚུལ་འདི་ཚོ་བློ་ལ་འཁོར་དུས་རང་གི་ཉེ་ཁོར་ན་རྒྱུ་བའི་བྱིས་གོག་འགྲོ་བ་འདི་ཚོར་སྙིང་རྗེ་རེ་སྐྱེ་ཡིན་འདུག

    དངོས་གནས་ཁོང་ཚོར་མདུན་ལམ་མི་འདུག

    Reply
  7. རྒྱང་རིང་ནས། says:
    ལོ་ 16 སྔོན།

    ལྷོ་ཕྲུག་ལགས་དངོས་གནས་རེདའདི་ཚོས་བྱ་སྤྱོད་ལ་བལྟ་ན་མི་རིངབ་གོ་ལ་ཟླུམ་པོ་འདི་གཏོར་ས་རེད།

    Reply
  8. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    དངོས་གནས་འཇིག་རྟེན་འདི་ཕྱིའི་སྣང་ཚུལ་དང་མཐོང་ཚུལ་ཇི་བྱུང་དེ་ག་ལ་ཡིད་རྟོན་རེ་བྱས་ནས་བསྡད་ན་སྐྱིད་ཤོས་རེད།
    ནང་ལོགས་ལ་བསྔོག་འགྲོ་དུས་རྒྱ་ནག་དང་ཨ་རི་ཟེར་རྒྱུ་མི་འདུག བོད་དང་རྒྱ་གར་ཟེར་རྒྱུ་མི་འདུག་ཚང་མ་ཕྲ་ལ་ཕྲུལ་ལེ། ཆ་ལ་ཆོལ་ལེ། ཉག་ག་ཉོག་གེ། འབར་ར་འབུར་རེ། རྡག་ག་རྡོག་གེ དངོས་གནས་མིའི་སྤྱི་ཚོགས་འདི་སུན་སྐྱེ་དགོས་ཡག་རང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese