བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་དགག་ལན་གསལ་འདེབས་གནང་ཡོད་པའི་ཡིག་ཆ་དེའི་ནང་། ཉེ་ལམ་རྒྱ་ནག་གིས་༼ཏཱ་ལའི་བླ་མས་བོད་མིའི་ངོ་ཚབ་མཚོན་མི་ཐུབ་༽ཅེས་པའི་ལོག་འགྲེལ་དེ་བོད་རྒྱ་གཉིས་ཀྱི་བྱུང་རབས་ལོ་རྒྱུས་ནང་དངོས་ཡོད་གནད་དོན་ལས་ཡོངས་སུ་འགལ་ཡོད་ཚུལ་བརྗོད་ཡོད་འདུག
ཉིན་ཤས་གོང་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་དགག་ལན་དུ་བྲིས་པའི་ཡིག་ཆའི་ནང་བཀོད་དོན། བོད་མི་རྣམས་ཀྱིས་༧གོང་ས་མཆོག་གང་དུ་བཞུགས་པའི་གནས་དེ་ཉིད་རང་བཞིན་གྱིས་བོད་གཞུང་གི་ལྟེ་གནས་ཡིན་པའི་ངོས་འཛིན་ཞུ་བཞིན་ཡོད། ༧གོང་ས་མཆོག་ནས་བཙན་བྱོལ་བོད་མིའི་སྲིད་གཞུང་དང་སྤྱི་ཚོགས་དེ་ཡང་དག་པའི་མང་གཙོའི་ལམ་ལུགས་སུ་བསྒྱུར་གནང་མཛད་ཡོད་པ་མ་ཟད། རྒྱལ་ཁབ་གཞན་ཕལ་མོ་ཆེའི་ནང་བཞིན་མང་གཙོའི་ཐོབ་ཐང་དང་དབང་ཆ་འཐབ་རྩོད་བྱས་པའི་ལོ་རྒྱུས་ནང་། མི་མང་ནས་ལུས་སྲོག་དང་ཁྲག་ལ་བརྟེན་ནས་འཐབ་རྩོད་བྱེད་མ་དགོས་པར་མང་གཙོ་ལག་བསྟར་བྱེད་བཞིན་ཡོད། ༸གོང་ས་མཆོག་ནས་ཁོང་ཉིད་ཀྱི་ཁྲིམས་མཐུན་འགན་དབང་ཡོངས་རྫོགས་བོད་མི་མང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་རྩིས་སྤྲོད་གནང་ཐབས་སྔ་རྗེས་ལན་མང་གནང་ཡོད་ཀྱང་། བོད་མི་མང་དང་གྲོས་ཚོགས་ནས་དེ་ལྟར་ངོས་ལེན་མ་ཞུས་པར། ༧གོང་ས་མཆོག་ནས་མུ་མཐུད་དེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཀྱི་འགན་དབང་བཞེས་གནང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་བཏབས་ཡོད།
༧གོང་ས་མཆོག་ནས་བོད་མིའི་སྐུ་ཚབ་མཚོན་ཐུབ་དང་མི་ཐུབ་ཀྱི་དཔེ་མཚོན་གཞན་ཞིག་ནི། སྔ་ལོར་བོད་ནང་དུ་མི་མང་སྒེར་ལངས་བྱས་སྐབས། བོད་མི་མང་གིས་ ༼རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་དགོས་༽ཞེས་བོད་མི་རྒན་དར་གཞོན་གསུམ་གྱིས་མགྲིན་དབྱངས་གཅིག་གྱུར་གྱིས་རང་སྲོག་འབེན་ལ་བཞག་ནས་གཞི་རྒྱ་ཆེ་བའི་སྐད་འབོད་བྱས་ཡོད་པ། འཛམ་གླིང་དུ་ཁྱབ་ཡོད།
༼ཐམས་ཅད་མཁྱེན་པ་འཛམ་གླིང་དུ་ཉི་མ་ཤར་བ་ལྟ་བུ་སྦར་མོས་འགེབ་ཐུབ་བ་མི་ཡོང་། ཁོང་རང་གི་ཐུགས་རྗེ་དང་། འཕྲིན་ལས་ཀྱི་འོད་ཟེར་ས་སྟེང་ཐམས་ཅད་ལ་ཁྱབ་པས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་བ་བྱུང་ཡོད་།༽ཞེས་གསལ་བ་ལྟར། ༧གོང་ས་མཆོག་གིས་ནང་བ་སངས་རྒྱས་པའི་ཆོས་དང་། ཁོང་སྐུ་ཉིད་ཀྱིས་དངོས་སུ་མི་སོ་སོའི་འཚོ་བ་སྐྱེལ་སྟངས་ཐོག་མིག་དཔེ་སྟོན་གནང་མཛད་ཡོད་པ་དེས། འཛམ་གླིང་མི་མང་གི་འཚོ་བའི་ནང་འཕོ་འགྱུར་དང་། ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པས། ཁོང་གི་བཀའ་སློབ་མང་བོ་ཡང་རྒྱ་ནག་དམར་ཤོག་གི་ས་ཕྱོགས་གང་སར་ཡང་ཁྱབ་ཡོད།
འདི་ལོར་འཇི་ནི་ཝར་ཚོགས་པའི་ ༼ རྒྱལ་སྤྱིའི་རྒྱ་བོད་མི་སྣ་མཉམ་འདུས་ཀྱི་ཚོགས་ཆེན༽ གྱི་དངོས་གཞིའི་ཡིག་ཆའི་ནང་ཡོངས་ཁྱབ་གསལ་བསྒྲགས་བྱས་དོན། ༼༧གོང་ས་མཆོག་རང་ཡུལ་དུ་ཕྱིར་ལོག་གནང་རྒྱུ་ནི་ཁོང་གི་གཞི་རྩའི་ཁེ་དབང་ཡིན་སྟབས། དེར་གུས་བརྩི་ཞུ་དགོས། ༽ ཞེས་དང་། ཡང་༼༧གོང་ས་མཆོག་གིས་རྒྱ་རིགས་མི་མང་རྣམས་ལ་ཆོས་ཀྱི་བྱིན་རླབས་སྩོལ་ཆེད་བཙན་བྱོལ་བོད་གཞུང་ནས་དེའི་ཆེད་ཁོར་ཡུག་བསྐྲུན་དགོས་༽ཞེས་ཀྱང་བཀོད་ཡོད།
༧གོང་ས་མཆོག་གིས་བོད་མི་མང་གི་ངོ་ཚབ་མཚོན་ཐུབ་མིན་དེ། འདི་ནའང་གསལ་འདེབས་ཤིག་ཡོད། དེ་ནི་ཕྱི་ལོ་ ༢༠༠༦ ལོར་ཁོང་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་ཨམ་ར་ཝ་ཏིར་དུས་འཁོར་དབང་ཆེན་བསྩལ་སྐབས། འཛམ་གླིང་གི་མི་སྣ་མི་མང་བོ་འདུ་འཛོམས་བྱུང་ཡོད་ལ། དེའི་ཁྲོད་ཆེད་དུ་བོད་ནས་ཕེབས་པའི་དད་ལྡན་བོད་མི་ ༨༠༠༠ ལྷག་ཅིག་དང་། རྒྱ་ནག་སྐམ་ས་ཆེན་མོ་ནས་ཀྱང་རྒྱ་རིགས ༢༥༠ ལྷག་ཙམ་ཕེབས་ཡོད། སྐབས་དེར་ཁོང་གིས་བོད་མི་སྤྱི་དང་སྒོས་སུ་བོད་ནང་གི་བོད་མི་རྣམས་ལ་སྟག་ལྤགས་དང་གཟིག་ལྤགས་སོགས་ཀྱི་རིགས་བོད་མིའི་རྒྱན་ཆར་མ་སྤྲོས་ན་འོས་པའི་བཀའ་སློབ་ཚིག་གཅིག་གནང་བ་དེས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་མ་སྐུལ་དང་བླངས་ངང་སྟག་ལྤགས་དང་གཟིག་ལྤགས་སོགས་ཀྱི་རྒྱན་ཆའི་རིགས་མེར་སྲེག་བཏང་བའི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པས་ཀྱང་གསལ་བོ་མཚོན་ཐུབ་ཅེས་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་དགག་ལན་ལུང་འདྲེན་དང་། རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་ཀྱང་གསལ་འདེབས་རྒྱས་པ་ཞིག་གནང་ཡོད་འདུག
ཁྱོད་ཕག་སྣ་མ་ཟེར་ཅོ་རི་ལགས།།
ཕག་སྣ་མ་རེད་མི་སྣ་རེད།།
མི་སྣ་འབུར་དུ་དོད་ཅིག་ཡིན།།
སྨན་བུ་མོའི་མིག་དབང་འཁོར་ས་རེད།།
ཁྱོད་ཅོ་རི་མིག་གཟེར་མ་ལངས་ལཱོ།།
ཉིན་གསུམ་གྱི་རིང་ནོར་སོང་བ་ཞིག་མེད་སྙམ་ཡིན།
འོན་ཀྱང་མི་ཨུ་ཚུགས་ཅན་རིགས་རྟུལ་ཁྱོད་འདྲ་ཞིག་ཐུག་པ་དེས་བྱིས་པར་ཡི་གེ་སློབ་པ་ནང་བཞིན་གྱི་གོ་བརྡ་སྤྲོད་དགོས་པ་ཞིག་བྱུང་།
མི་ཚེའི་ནང་དགེ་ཕྲུག་མི་གཟུགས་ལ་ལུག་ཀླད་ཅན་ཁྱོད་འདྲ་ཞིག་མི་ཐུག་པའི་སྨོན་ལམ་འདེབས་ཀྱིན་ཡོད།
དངོས་གནས་ཁག་སེ་འདུག་དཱ། ཧཧཧཧཧཧ རྩེད་མོ་ཡིན།
ད་འདི་མཆན་མཐའ་མ་དེ་ཡིན། སང་ཉིན་ནས་ཡོང་ཁོམ་མི་འདུག
ཁྱོད་དང་ཐུག་ནས་ཆོ་ཡོད་མེད་ཀྱི་སྐད་ཆ་མང་དག་ཅིག་བཤད་པ་ཡིན། སྐྱིད་པོ་བྱུང་།
ཚིག་རྩུབ་མོ་མང་དག་ཅིག་ཀྱང་བེད་སྤྱོད་བྱས་པ་ཡིན་འོན་ཀྱང་ཁོ་བོའི་ཀུན་སློང་སྔ་ས་ནས་འགྲེལ་བཤད་ཟིན་སྟབས་ཅོ་རི་ཁྱེད་ཐུགས་ཁྲོས་པའི་རྒྱུ་མཚན་ཞིག་མེད་ངེས་ཡིན།
ཁྱོད་ཐ་ལི་བཀྲུ་ཡིན་ཡོད་ནའང་འདྲ། ཐུར་མ་བཀྲུ་ཡིན་ཡོད་ནའང་འདྲ། བོད་མགོ་ནག་གི་དོན་ལ་བསམ་བློ་རེ་གཏོང་རྒྱུ་འདི་མི་བརྗེད་སྙིང་ལ་ཞོག སྤྱིར་ངའི་ལྟ་སྟངས་གོང་དུ་ཞུས་ཟིན་པ་ནང་བཞིན་ཡིན། ད་དུང་སྡོམ་ཚིག་གིས་བཤད་ན།
འཇིག་རྟེན་གྱི་འགྱུར་ལྡོག་རྟ་མཆོག་ཅིག་ཡིན་པར་མཚོན་ན་རྟ་མཆོག་གི་བང་རྩལ་མགྱོགས་པོས་བོད་པའི་སོས་དལ་བག་ཡངས་ཀྱིས་གོམ་འགྲོས་ལ་སྒུག་གིན་མི་འདུག
འཇིག་རྟེན་གྱི་འགྱུར་ལྡོག་ཐོག་སེར་ངར་མ་ཞིག་ཡིན་པར་མཚོན་ན་སེར་འབྲུའི་རྡོག་པོ་རེ་རེས་བོད་པའི་ཚེ་སྲོག་གི་མེ་ཏོག་ཡོངས་རྗོགས་གཡུལ་ཁའི་སྙེ་མ་ལྟར་རྡུང་གིན་འདུག
འཇིག་རྟེན་གྱི་འགྱུར་ལྡོག་བུད་མེད་མཛེས་མ་ཞིག་ཡིན་པར་མཚོན་ན་ཁོ་མོའི་མཛེས་མིག་གི་རྒྱལ་མོས་བོད་པའི་ཤ་མདངས་མེད་ལ་བཅུད་ཟུངས་ཟད་པའི་སྐེམ་ལུས་ལ་མིག་ལོག་བལྟ་ཡིན་འདུག
འཇིག་རྟེན་གྱི་འགྱུར་ལྡོག་རྒྱང་བཞུད་ཀྱི་འགྲུལ་མི་ཞིག་ལ་མཚོན་ན་ཁོ་པའི་ལག་ཟུང་གི་བོད་པ་རྐང་ཆག་ཚོ་བསྐྱུར་ཤུལ་ནས་དགྱེས་བྲལ་གྱི་ལག་གཡུག་བྱེད་ཀྱིན་འདུག
དོན་དངོས་འདི་འདྲ་ཞིག་ཡིན་སྟབས་རེ་བ་ཞིག་བྱ་རྒྱུ་ཕལ་ཆེར་མེད་པའི་བཟོ་འདྲ་ཞིག་ཡིན། འོན་ཀྱང་གང་ཡོང་ཅི་འཇོན་གྱིས་འཁྱོག་ཚོད་ཀྱི་འོས་འགན་རེ་ཕྲག་ཏུ་ལེན་རྒྱུ་འདི་འུ་ཚོ་བོད་པར་སྐྱེས་པའི་ལྷན་སྐྱེས་ཀྱི་འགན་འཁྲི་ཡིན་པས་འདིའི་ཕྱོགས་ནས་འགན་རེ་ལེན་རྒྱུ་མ་བརྗེད་སེམས་ལ་ཞོག
རྗེས་མ་ཁོམ་དུས་ལབ་གླེང་བྱ་རྒྱུ་མ་བརྗེད་ཨ།
མ་མཇལ་དུས་ཡུན་ནང་ནད་མེད་བདེ་སྐྱིད་ཡོང་བའི་སྨོན་ལམ་འདེབས།
ཁྱེད་ངེད་གཉིས་མི་རིགས་གཅིག་པ་རེད། གཏམ་བཤད་ན་སྐད་ཡིག་གཅིག་རེད། ཁྱེད་ངེད་གཉིས་དགྲ་བོ་གཅིག་པ་རེད། སེམས་ཁྲོ་སྡང་ཡོད་ས་གཅིག་པ་རེད།
ཁྱེད་ངེད་ལས་དབང་གཅིག་པ་རེད། ལུས་བཞན་ཡུལ་ཡོད་པ་གཅིག་པ་རེད། ཁྱེད་ངེད་གཉིས་སློབ་གྲྭ་གཅིག་རེད། རྟགས་ཚུལ་གསུམ་བཀོད་སྟངས་གཅིག་རེད།
ཚེ་རིང་ལོ། ཁྱེད་མཉམ་དུ་རྩོད་པ་བརྒྱག་པ་སྐྱིད་པོ་བྱུང་།
ངས་ཁ་མ་དོན་གྱིས་ཐ་སྙད་གསར་པའི་རྩོམ་ཆུང་ནང་གསར་ལྟར་བོད་མི་ཉམ་ཆུང་ང་ལྟ་བུ་ལ་བཅང་བའི་རྩེ་སེམས་དང་དམིགས་ཡུལ་ཕུང་བསམ་ལག་ལེན་ཡིན་མ་གཏོགས་ང་ལ་རྒྱུ་དངོས་ཞིག་ཐོབ་པའི་ཆེད་དང་རྩོམ་པ་པོའི་མཚན་སྙན་ཞིག་ཐོབ་པའི་དོན་དུ་མིན་པ་ངས་༧གོང་ས་མཆོག་དཔང་དུ་བཙུགས་ལྭ དེ་རྟེན་སྐུ་ཉིད་ནས་ངའི་རྩོམ་ཆུང་ལ་ཐང་ཆུང་མ་བྱེད་པ་ཐུགས་བསམ་རེ་ཞེས་རོག་རེ་བ་ཞུ་རྒྱུ་ཡིན།
དུས་རབས་གསར་པའི་ལག་ཤེས་དང་རིག་གནས་རྣམས་ང་རང་ཚོའི་སྐད་ཡིག་ནང་ཚུར་བསྒྱུར་ཐུབ་དགོས་པ་ནི་གནས་ཚུལ་ཁ་ཚ་དགོས་ཞིག་ཏུ་སྣང་། དེ་རྟེན་སྐུ་ཉིད་ནས་བྱ་བ་གྲུབ་འདེབས་བྱེད་རོག ངས་ཁྱེད་ལ་ཁ་ངན་ཚིག་རྩི་རྣམས་ཐུགས་ལ་བཞག་རེ་མེད།