མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་བརྡ་གསལ་བསྒྲཊ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྡོ་རྗེ་གདན། ཇོ་ནང་སྨོན་ལམ་ཆེན་མོའི་ཆོས་བརྡ།

༄༅། ། བསླབ་གསུམ་ནོར་བུའི་རྒྱན་བཟང་འཆང་བའི་རིས་མེད་གྲྭ་བཙུན་དང་སེར་སྐྱ་མི་མང་ཡོངས་ལ་གུས་ཞུ།

ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༡༢ པའི་ཚེས་ ༡༤ ནས་ ༢༠ བར་སྦྱིན་བདག་མཁན་སྤྲུལ་ཆོས་ཀྱི་སྣང་བ་མཆོག་གིས་གཏོང་ཕོད་ཕྱག་ཟུང་གི་པདྨོ་རབ་དུ་རྒྱས་པའི་བཀའ་དྲིན་ལ་བརྟེན། རང་ཅག་གི་སྟོན་མཆོག་དམ་པ་རྒྱལ་བ་མཉམ་མེད་བུ་རམ་ཤིང་བ་དེ་ཉིད་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ཁྱད་པར་ཅན། རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བརྒྱད་པ་ཚོགས་གཏན་འཁེལ་བ་མ་ཟད། ཚོགས་མགོན་དུ་ཇོ་ནང་བསྟན་པའི་མངའ་བདག་༸ཁལ་ཁ་རྗེ་བཙུན་དམ་པ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་དང་། སིམ་ལ་ཇོ་ནང་མ་དགོན་གྱི་མཁན་སྤྲུལ་རྣམས་ཀྱིས་གཙོས་གྲྭ་ཚང་ཡོངས་དང་། བལ་ཡུལ་ཇོ་ནང་དགོན་གྱི་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་སོགས་གྲྭ་ཚང་ལྷན་རྒྱས་ཕྱག་ཕེབས་གནང་རྒྱུ་ཡིན་པས། སྐྱེ་འགྲོ་ཡོངས་ཀྱི་ཚོགས་གཉིས་བསགས་པ་དང་། བོད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་བ། ཁྱད་པར་རང་ཅག་གི་སྐྱབས་མཆོག་བླ་ན་མ་མཆིས་པ་༸གོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་། དཔལ་རྒྱལ་བ་ཀརྨ་པ། ཁལ་ཁ་རྗེ་བཙུན་དམ་པ་སོགས་རིས་མེད་སྐྱེས་ཆེན་ཡོངས་ཀྱི་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། སྐུ་ཚེ་བསྐལ་པ་བརྒྱ་ཕྲག་ནས་བརྒྱ་ཕྲག་བར་དུ་བརྟན་ཅིང་། འགྲོ་བ་མིའི་རིགས་དང་སེམས་ཅན་ཀུན་གྱི་ནད་མུག་འཁྲུག་རྩོད་ཀྱི་སྐལ་ངན་མཐའ་དག་དབྱིངས་སུ་ཞི་ནས། ས་སྒང་ཧྲིལ་བོར་འཚེ་མེད་ཞི་བདེའི་འོད་ཀྱིས་འཚོ་བའི་རྒྱུ་རུ་དམིགས་ཏེ། ཚོགས་བསགས་དང་སྨོན་ལམ་མཉམ་དུ་འདེབས་པའི་རེ་བསྐུལ་དང་བཅས་ལྷན་རྒྱས་ཕྱག་ཕེབས་གནང་བར་མཁྱེན་མཁྱེན་ཞུ།

ཇོ་ནང་སྨོན་ལམ་ཚོགས་ཆུང་ནས།

ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༡༠ པའི་ཚེས་ ༢༥ ལ།

 

( གླ་ཡོད་གསལ་བསྒགས། )

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

སྐར་མ ༡༩ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༢༢ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡

མཆན། 14

  1. སྨར་དྷི་ཟེར། says:
    ལོ་ 17 སྔོན།

    མཌཇྲཀགཇགཇ་ཇགུ་ིྲགིུུཀཧ

    Reply
  2. pactsak says:
    ལོ་ 17 སྔོན།

    ཇོ་ཞེས་པའི་མིང་ཚིག་རེ་ཐོན་སྐབས་ས་ཞེས་པའི་མིང་ཚིག་རེ་འཚང་ཁ་རྒྱག་སྟངས་ལ་བལྟས་ན་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་སློབ་རྒྱུན་ལ་གཟིགས་རྟོགས་གནང་མ་མྱོང་བའི་ཞན་ཆ་ཡོད་པ་ཤེས་ཐུབ། མ་གཞི་ཇོ་ནང་ས་སྐྱར་བསྒྲུབས་ནས་དགེ་ལུགས་ཟུར་དུ་བཞག་པ་སྟོབས་ཤུགས་ཆེ་ཆུང་ཙམ་ལས་ཁྱོད་ལ་རྒྱུ་མཚན་གཞན་མེད་པ་ཁྱོད་ཀྱི་བསམ་ཚུལ་ཡིག་ཐོག་ལ་བཀོད་པ་ལས་བསྟན་ཡོད། གང་ཡིན་ཞེ་ན། ཁྱེད་ཀྱིས་ཆོས་རྒྱུན་སོ་སོར་ལྟ་སྒོམ་སྤྱོད་གསུམ་གྱི་དབྱེ་བ་འབྱེད་ཐུབ་མེད་པ་འདིས་སོ།།

    Reply
  3. ཤར་སྐྱེས་གངས་བུ་ཁྱུང་རྒོད། says:
    ལོ་ 17 སྔོན།

    དེ་རིང་ང་ཧང་སང་སོང༌།

    ས་སྐྱ་བས་དབང་སྐྱུར་ལམ་ལུགས་ཀྱི་སྟོབས་ཤུགས་ཞིག་གིས་ཉམ་ཐག་པའི་ཇོ་ནང་བ་ཁོང་ཚོའི་མངའ་ཁོང་རེད་ཟེར། དེའི་ནང་མོ་ས་སྐྱ་བའི་འཐུས་མི་བཅུ་པོའི་དཔུང་པ་གཅིག་ཏུ་གཤིབ་སོང༌། ཁུང་མེད་ལུང་མེད་ལོ་རྒྱུས་རིང་དྲག་ཞིག་གི་དུས་ཚོད་རྫོགས་སོང༌། བཀའ་བརྒྱུད་པ་ཞིག་གིས་ཇོ་ནང་པར་དབང་ཚད་ཡོད་ལུགས་དང༌། ལོ་རྒྱུས་ཀྱི་རང་བཞིན་ཡོད་ལུགས་སྐོར་བཤད་སོང་ཡང༌། ས་སྐྱའི་འཐུས་མི་ཚེ་རིང་པོའི་གདོང་པ་དམར་པོར་ལོགས་ཏེ་ཁྱོད་ལ་ཆབས་སྲིད་ཀྱི་དགོས་དབང་དང་ཇོ་ནང་པའི་ཁྱི་རྒྱུགས་ཡིན་ཚུལ་གྱིས་ཁ་རྡུང་དྲག་པོ་བཏང་སོང༌། གཞན་ཆོས་སྡེ་ཡོངས་ཀྱི་འཐུས་པའི་ཡོངས་རྫོགས་རྒྱལ་བ་ཇོ་ནང་པར་སེམས་ཕྱོགས་འཁོར་ཡོད་ཀྱང་ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་ཉམ་ཞུབ་མེད་པ་སོགས་ཀྱིས་བཏང་སྙོམ་སུ་ལུས་དགོས་བྱུང་སོང༌། བློ་ཕམ་པ་ཞིག་ལ་ཇོ་ནང་པས་འཐུས་མི་ཚང་མར་རྒྱབ་སྐྱོར་དགོས་པའི་འབོད་བསྐུལ་ཞིག་གི་ནང་དོན་ལ་ཐོབ་ཐང་མེད་པ་སོགས་ཀྱི་སྙན་ཞུ་ཞིག་ཕུལ་སོང་ཡང༌། ངས་བལྟས་ན་དེ་བས་ལོ་རྒྱུས་ཀྱི་བརྒྱུད་རིམ་ཕྱོགས་གཅིག་ཏུ་བསྒྲིག་པའི་དཔྱད་གཞི་ཡིག་ཆ་ཞིག་ཕུལ་ན་དན་དན་ཚང་མས་གྲོགས་བྱེད་པ་ལ་ཐེ་མེད་པའི་རྣམ་པ་མཐོང་སོང༌།

    Reply
  4. བློ་ལྡན་ཤེས་རབ། says:
    ལོ་ 17 སྔོན།

    ཐོག་མར་ཇོ་ནང་པའི་སྨོན་ལམ་ཆེན་མོ་སྐབས་བརྒྱད་པ་འཚོགས་པར་དགའ་བསུ་དང་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།

    ཁྱོད་ཚོས་ཇོ་ནང་ས་སྐྱའི་ནང་ཚན་ཡིན་མིན་བཤད་ཀྱི་ཡོད་ན་ངའི་ཟིན་བྲིས་སུ་ཕེབས་དང་དེར་གསལ་བོར་ཡོད།    འདི་ངའི་ཟིན་བྲིས་ཀྱི་འབྲེལ་ཐག་རེད།   
    https://tibettimes.net/wordpress/blogs.php?id=151
    ཐོག་མར་ཇོ་ནང་ས་སྐྱའི་ནང་ཚན་རེད་ཟེར་ནས་སྙོག་དྲ་བཟོ་མཁན་གཙོ་བོ་ཁར་སང་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཐར་སེ་གཏོར་མཁན་ག་ཟི་དགེ་བཤེས་ཟེར་བ་ཁོང་རེད་འདུག    སྐུ་དྲག་མི་དྲག་རྣམས་ཀྱིས་མགོ་ནས་འདི་ལྟར་རྙོག་དྲ་བཟོས་ཡོང་ན་འབངས་མི་སེར་རྣམས་ཀྱིས་ག་རེ་བྱེད་དགོས་སམ།    
    ཇོ་ནང་ས་སྐྱའི་ནང་ཚན་ཡིན་མིན་གང་ལྟར་གནད་དོན་འདི་དྲ་གྲོགས་ཚང་མས་ཤེས་དགོས།    གཅིག་བྱས་ན་གོང་གི་སློབ་དཔོན་ཟེར་བ་དེ་ག་ཟི་དགེ་བཤེས་ལགས་ཡིན་པ་འདྲ།    ཁོང་མི་ཆེན་མིང་ཆེན་པོར་དགའ་མཁན་ཡིན་པ་སྔར་ནས་གོ་མྱོང་།

    Reply
  5. ཤེས་རབ་འབྱུང་གནས། says:
    ལོ་ 17 སྔོན།

    དེ་བདེན་གི་ཡ། ཇོ་ནང་ས་སྐྱའི་ཁོངས་ཡིན་ནི་མ་རེད། ས་ཇོ་གཉིས་ཀྱི་ལྟ་སྒོམ་སྤྱོད་གསུམ་དང་། གཞི་ལམ་འབྲས་གསུམ་བཅས་གཏན་ནས་མི་འདྲ་བ་མ་ཟད། ཆུང་ས་ནས་བཤད་ན། ཆོས་སྐྱོང་ཁག་ཀྱང་འདྲ་ནི་མ་རེད། ཇོ་ནང་པའི་ཆོས་སྐྱོང་གུར་ཞལ་རྣམ་གསུམ་དང་། མགོན་པོ་ཏྲཀ་ཤད། གཟའ་མཆོག་རཱ་ཧུ་ལ་བཅས་རེད།
    ས་སྐྱའི་ཆོས་སྐྱོང་གི་གཙོ་བོ་དོལ་རྒྱལ་དང་འབའ་མོ་གཉིས་རེད། ད་དུང་དོལ་རྒྱལ་དང་འབའ་མོ་གཉིས་ཀྱིས་ས་སྐྱའི་བདག་ཆེན་ཅིག་ཅིག་མིག་མིག་གི་དྲུང་ནས་གཉེན་བསྒྲིགས་བྱས་འདུག རྗེས་སུ་ཁོ་གཉིས་བཟའ་འཐོར་བྱུང་རྗེས་དོལ་རྒྱལ་བདག་མེད་ལྟ་བུར་ལུས་སྐབས། དགེ་ལུགས་ཚང་གིས་བསྟེན་པ་རེད། དེ་ནས་བཟུང་ད་བར་དགེ་ལུགས་ཚང་གིས་ཆོས་སྐྱོང་གི་གཙོ་བོར་བསྟེན་ཡོད། ཡིན་ན་ཡང་དུས་ཕྱིས་༧གོང་ས་མཆོག་གིས་དོལ་རྒྱལ་དམ་བསྒྲགས་གནང་རྗེས་དགེ་ལུགས་ཚང་སྤྱི་ཡོངས་ནས་དོལ་རྒྱལ་དོར་ཡོད་པ་མངོན་གསལ་རེད། ཉུང་ཤས་ཤིག་གིས་ད་དུང་ཁྱི་རྒན་གྱི་རུས་སྒོང་བཞིན་དོར་ཐུབ་མེད།
    ས་སྐྱ་བས་ཁ་ནས་དོལ་རྒྱལ་ལ་འབྲེལ་བ་མེད་ཅེས་ཤོད་བཞིན། ད་དུང་མག་པ་རྙིང་པའི་ཞེན་ཁོག་གིས་ལྐོག་ནས་བསྐང་གསོལ་བྱེད་ཀྱི་ཡོད་པ་ས་སྐྱ་རང་གི་གྲྭ་བ་ཞིག་གི་ངག་ལས་དངོས་སུ་ཐོས་མྱོང་། དེ་འདྲ་ཡིན་དུས་ཇོ་ནང་ས་སྐྱའི་ཁོངས་མིན་པ་གསལ་བོ་གསལ་སྐྱང་རེད།

    Reply
  6. འདྲེ་ཡར་ལངས། says:
    ལོ་ 17 སྔོན།

    ཨ་རོ་སློབ་དཔོན། ཇོ་ནང་ས་སྐྱ་པའི་ནང་ཚན་མ་རེད། དེར་བརྟེན་སྐུ་ཉིད་ཇོ་ནང་ས་སྐྱ་སང་ལ་ཨེ་རག་བལྟ་དགོས་ནི་མ་རེད། ཁྱེད་ཀྱིས་དཔལ་ས་སྐྱ་པའི་ནང་ཚན་ཇོ་ནང་པ་ཟེར་བའི་ཤོད་སྟངས་འདི་ལ་བལྟས་ན་ཀྲུང་གོའི་བོད་ལྗོངས་ཟེར་བའི་ཤོད་སྟངས་དེ་སེམས་ལ་ཤར་ཡོང་གི་འདུག དེ་ལས་དོལ་རྒྱལ་སྔོན་མ་ས་སྐྱ་སང་གི་རེད་པ། བདག་ཆེན་ཨ་མེས་ཡིན་ན་ཅིག་གིས་ཅི་ཡོང་གང་ཡོང་བྱས་ནས་བདག་པོ་གནང་བ་ཡིན་ཡང་། རྗེས་སུ་བུ་ངོས་ཀྱིས་མ་ལྕོགས་ནས་དགེ་ལུགས་སང་ལ་ཤོར་བ་རེད། དེང་སང་སྡེ་སང་གིས་དོལ་རྒྱལ་གྱི་གྲྭ་ཚང་དམར་ཤིག་གེ་ཞིག་བརྒྱབ་ནས་ཡར་རྒྱས་ལ་གཏོང་གི་འདུག་ག། ཁྱེད་ས་སྐྱ་སང་ལ་ཞེན་ཁོག་ཆེ་ཞིང་བློ་ཁོག་དང་ལྡན་པ་ཞིག་ཡིན་ན་དོལ་རྒྱལ་ཕྱིར་འཕྲོག་རྒྱུ་ཨེ་ལོན་བལྟས་ན་ཡག་ས་རེད། ས་སྐྱའི་དོལ་རྒྱལ་དགེ་ལུགས་ཀྱིས་བུ་ངོས་ལ་བསྡུར་ནས་འཕྲོག་སོང་བ་དེ་ལ་ཨ་ཤི་རེ་ཁོ་མི་བསམ་ཀ ས་དགེ་གཉིས་ཀྱི་ནོར་ལྷ་དྲིན་ཅན་པོ་དེ།

    Reply
  7. སེམས་དཀར། says:
    ལོ་ 17 སྔོན།

    ༄༅།། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོས་མཛད་པའི་ཇོ་ནང་བསྟན་པ་རྒྱས་པའི་སྨོན་ལམ་ཞེས་བྱ་བ་བཞུགས་སོ།།

    ༡ བགྲང་ཡས་བསྐལ་བར་ཐུགས་བསྐྱེད་ལེགས་གོམས་པས།།
    མཐའ་ཡས་འགྲོ་བའི་རེ་སྐོང་དམ་ཆོས་ཆར།།
    འབེབས་མཁས་མཉམ་མེད་ཤཱཀྱའི་དབང་པོ་ཡིས།།
    འགྲོ་འདི་དགེ་ལེགས་དཔལ་གྱིས་བསྐྱང་དུ་གསོལ།།

    ༢ རིམ་གསུམ་ཆོས་ཀྱི་འཁོར་ལོའི་དགོངས་པའི་དོན།།
    མཁས་དང་གྲུབ་བརྙེས་དུ་མས་བཀྲལ་བ་ལས།།
    ཆོས་ཀྱི་སྒོ་མང་རབ་དབྱེའི་ཡ་གྱལ་གཅིག།
    ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།

    ༣ གངས་ལྗོངས་རྒྱལ་བསྟན་པདྨའི་ཚལ་ཡངས་པོར།།
    བཤད་སྒྲུབ་ཆོས་ཚུལ་འདབ་བརྒྱ་གྲོལ་བའི་ཁྲོད།།
    འཁོར་ལོ་ཐ་མའི་དགོངས་པ་རྩལ་བཏོན་པའི།།
    ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།

    ༤ མདོ་རྒྱུད་གཞན་དང་བཞད་སྲོལ་མི་འདྲ་བའི།།
    ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད།།
    མི་ཉམས་འཛིན་ཅིང་སྤེལ་བའི་བཀའ་བབས་པ།།
    ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།

    ༥ ཡུ་མོ་མི་བསྐྱོད་རྡོ་རྗེ་ནས་བཟུང་སྟེ།།
    དོལ་བུ་བ་དང་ཀུན་དགའ་གྲོལ་བའི་མཆོག།
    རྗེ་བཙུན་སྒྲོལ་མགོན་སོགས་ཀྱིས་ལེགས་སྤེལ་བའི།།
    ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།

    ༦ སྙིང་པོའི་མདོ་དང་ཀླུ་སྒྲུབ་གཞུང་གི་དོན།།
    གཞི་འབྲས་དབྱེར་མེད་རྟག་བརྟན་བདེ་གཤེགས་སྙིང༌།།
    ཡེ་ནས་བཞུགས་པའི་དོན་དམ་འགྲེལ་བའི་ཚུལ།།
    ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།

    ༧ མདོ་ཡི་ལྟ་བ་གཞན་སྟོང་དབུ་མ་དང༌།།
    རྒྱུད་དོན་རྣལ་འབྱོར་དྲུག་གི་ཉམས་ལེན་གྱིས།།
    ཆོས་སྐུ་མངོན་དུ་མཛད་པའི་བཞེད་སྲོལ་ཆེ།།
    ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།

    ༨ སྐྱབས་གནས་རྒྱལ་དང་རྒྱལ་སྲས་བྱིན་ཆེན་དང༌།།
    ཆོས་ཉིད་དོན་དམ་འགྱུར་བ་མེད་པའི་སྟོབས།།
    དཀར་ཕྱོགས་ལྷ་དང་བདག་ཅག་མོས་གུས་མཐུས།།
    སྨོན་ལམ་འདི་བཏབ་ཇི་བཞིན་འགྲུབ་པར་ཤོག།
    ཅེས་པ་འདི་ཡང་ཇོ་ནང་པའི་བསྟན་རྒྱས་སྨོན་ལམ་གསོལ་འདེབས་ཤིག་དགོས་ཞེས་མཁན་པོ་ངག་དབང་རྡོ་རྗེས་གཙོས་གཞིས་བྱེས་ཇོ་ནང་པ་སེར་སྐྱ་མི་མང་ཐུན་མོང་ནས་རྟེན་བཅས་བསྐུལ་བ་ལྟར་ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས། བོད་རྒྱལ་ལོ་ ༢༡༢༨ རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ་ ༡༠ ཚེས་ ༨ ཕྱི་ལོ་ ༢༠༠༡ ཟླ་ ༡༡ ཚེས་ ༢༣ ཉིན་འཕགས་ཡུལ་ཧི་མ་ཅལ་མངའ་སྡེ་ཀང་ར་རྫོང་ཁོངས་དྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་བྲིས་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག།

    Reply
  8. སེམས་དཀར། says:
    ལོ་ 17 སྔོན།

    ཁོ་རེ།  སློབ་དཔོན།
    དཔལ་མཉམ་མེད་རྒྱལ་བ་ཇོ་ནང་པ་ས་སྐྱ་པའི་ནང་ཚན་ཡིན་པའི་རྒྱུ་མཚན་ག་རེ་ཡོད་དམ།   ད་ཁྱོད་ཚོས་ཆོས་བརྒྱུད་ཆོལ་ཁའི་བར་དཀྲུགས་ཤིང་འཕེན་རྒྱུ་མང་མེད་ན་ཉུང་མེད།   ད་མཚམས་བཞག་ན་དགའ་སྙམ།  
    དེ་རིང་དེ་ཙམ་ཡིན།
     

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    སྨར་དྷིས་བཤད་པར་རྒྱུ་མཚན་ཏོག་ཙམ་འདུག དེ་ལས་གཞན་སྐྱེས་ཆེན་ཡིན་པའི་དབང་དུ་བཏང་ན་ང་ཚོའི་བོད་པའི་ཁ་རྒྱུན་ལ། གནམ་ལ་ཉི་མ་ཟླ་བ། ས་ལ་རྒྱལ་བ་པཎ་ཆེན། ཞེས་ཡོངས་སུ་གྲགས་པ་ལྟར་ཡིན་ཀྱང་པཎ་ཆེན་ཆུང་སྲིད་རིན་པོ་སོགས་ཁོང་ན་ཡང་ཨེ་ཡོད།

    Reply
  10. སྨར་དྷི་ཟེར། says:
    ལོ་ 17 སྔོན།

    ཡ་ད་དུང་གོང་གི་གསལ་སྒྲགས་འདིའི་སྲིད་དོན་ཤོར་ཚ་འདུག་་དཔལ་རྒྱལ་བ་ཀརྨ་པ་ཞེས་མཚན་དངོས་སྨྲོས་འདུག་་་་་་་་་་དེ་ནི་བཀའ་རྒྱུད་པ་དད་པ་མ་རེད་ཆབ་སྲིད་ཀྱི་དགོས་འཁོར་ཞིག་ཡིན་ངེས་

    Reply
  11. བོད་ཀྱི་སྦག་སྦག says:
    ལོ་ 17 སྔོན།

    ཅིག།

    Reply
  12. བོད་ཀྱི་སྦག་སྦག says:
    ལོ་ 17 སྔོན།

    ༸རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོའི་ཞལ་སྔ་ནས།
    མདོ་ཡི་ལྟ་བ་གཞན་སྟོང་དབུ་མ་དང་།།
    རྒྱུད་དོན་རྣལ་འབྱོར་དྲུག་གི་ཉམས་ལེན་གྱིས།།
    ཆོས་སྐུ་མངོན་དུ་མཛད་པའི་བཞད་སྲོལ་ཆེ།།
    ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།

    འབའ་མདའ་བླ་མ༸ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་ཞལ་སྔ་ནས་ཀྱི།
    ཀུན་རྫོབ་ཆོས་ཀུན་གདོད་ནས་སྟོང་བའི་གཞིར།།
    སྐུ་གསུམ་ཉིན་བྱེད་དཀྱིལ་འཁོར་ཡོངས་རྒྱས་པ།།
    ཡེ་ནས་བཞུགས་པ་ཇོ་ནང་ཆེན་པོའི་ལུགས།།
    ཚུལ་དེ་ཕྱོགས་དུས་ཀུན་ཏུ་དར་གྱུར་ཅིག།

    སྙིགས་དུས་བསྟན་པའི་མངའ་བདག་༸ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཞལ་སྔ་ནས་ཀྱི།
    ཐེག་གསུམ་མཐར་ཐུགས་སེངྒེའི་སྒྲ།།
    ངེས་དོན་འཁོར་ལོ་ཐ་མ་ཡི།།
    སྡེ་སྣོད་དགོངས་འགྲེལ་བཅས་པ་ཀུན།།
    ཡུན་རིང་བསྟན་པ་འབར་གྱུར་ཅིག། ཅེས་རྡོ་རྗེའི་ཚིག་གིས་སྨྲས་པ་ཐེར་ཟུག་ཏུ་གྲུབ་བོ།།

    ངེས་དོན་དབུ་མའི་ཤིང་རྟ་ཆེ།།
    ཆོས་ཀྱི་རྒྱལ་པོ་ཇོ་ནང་བའི།།
    བརྒྱུད་འཛིན་མཁས་ཤིང་གྲུབ་པའི་གཙོ།།
    གྲངས་མེད་སྤྱི་དང་ཁྱད་པར་དུ།།
    གསང་བདག་སྒྲོལ་བའི་མགོན་པོ་ཡི།།
    བསྟན་པ་ཡུན་རིང་འབར་གྱུར།།

    Reply
  13. སློབ་དཔོན་ says:
    ལོ་ 17 སྔོན།

    དཔལ་ས་སྐྱ་པའི་ནང་ཚན་ཇོ་ནང་པའི་སྨོན་ལམ་ཚོགས་པ་དགའ་བསུ་ཞུ་

    Reply
  14. ཀླུ། says:
    ལོ་ 17 སྔོན།

    འདི་གླ་ཡོད་གསལ་བསྒྲགས་རེད་ཡང་ན་གླ་ཡོད་གསར་འགྱུར་རེད་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese