མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞིབ་འཇུག་སློབ་མ་སྐྱེད་སྲིང་བྱ་ཐུབ་བམ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

མི་ལོ་ལྔ་བཅུའི་དུས་དྲན་དང་འབྲེལ་ཏེ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཉིན་བཞིའི་རིང་མ་འོངས་པར་བཙན་བྱོལ་ནང་དུ་ཞིབ་འཇུག་སློབ་མ་བསྡུ་སྟངས་ལས་འཕྲོས་པའི་ཚོགས་འདུ་ཞིག་འཚོགས་རྒྱུ་རེད།

སང་ཉིན་ཕྱི་ཚེས་ ༡༧ ནས་ཕྱི་ཚེས་ ༢༡ ཉིན་བར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་གོ་སྒྲིག་འོག་ལྔ་བཅུའི་དུས་དྲན་སྲུང་གཙི་དང་འབྲེལ་བའི་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་སྐོང་གཏན་འཁེལ་ཡོད་པ་དང་།  ཐེངས་འདིའི་བགྲོ་གླེང་གི་ཁ་ཕྱོགས་གཙོ་བོ་ནི་མ་འོངས་པར་བཙན་བྱོལ་ནང་དུ་ཞིབ་འཇུག་སློབ་མ་སྐྱེད་སྲིང་བྱ་ཕྱོགས་སྐོར་ཡིན་པ་དང་། བགྲོ་གླེང་གནང་མཁན་གྲས་སུ་སྟེང་ཝར་ཎ་མཐོ་སློབ་དང་ལྷོ་ཕྱོགས་སེ་ར་དགོན། བོད་ཀྱི་དཔེ་མཛོད་ཁང། བོད་ཀྱི་རིག་ལམ་སློབ་གཉེར་ཁང། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང་གཞུང་ཞབས་ཀྱི་ལས་ཁུངས་ཁག་བཅས་ས་གནས་ཁང་ལྔ་ལྷག་ནས་ཕེབས་པའི་མཁས་པ་ ༢༠  ལྷག་གདན་ཞུའི་ཐོག་གོ་བསྡུར་གནང་རྒྱུ་ཡིན་འདུག་ལ། བརྗོད་གཞི་གཙོ་བོ་ནི་བོད་ཀྱི་ལོ་རྒྱུས་དང་ནང་ཆོས། བརྡ་སྤྲོད། རྩོམ་རིག་བཅས་སྡེ་ཚན་བཞིའི་ཐོག་ལ་བགྲོ་གླེང་གོ་བསྡུར་གནང་འཆར་ཡོད་པ་དང་།  ཉིན་མཐའ་མ་དེར་ས་རཱ་མཐོ་སློབ་ཀྱི་སློབ་ཚན་དང་འབྲེལ་བའི་སྐོར་ལ་བཀའ་བསྡུར་གནང་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 29

  1. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    ང་ཚོ་ནི་འཚོགས་ཐོག་གི་གཏམ་བཤད་ཙམ་གྱིས་བློ་ཁ་ཚིམ་མཁན་ཞིག་ཡིན་སྟབས་འདས་པའི་ལོ་ཟླ་ལྟར་རོ།

    Reply
  2. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    དེ་ལྟ་བུའི་ཞིབ་འཇུག་སློབ་མ་གལ་ཆེན་པོ་ཡིན་དུ་ཆིག་ཀྱང་། མི་རིགས་ཡར་ཐོན་ལ་མཁོ་བའི་ཞིབ་འཇུག་སློབ་མ་ནི་དེབ་ཐོག་གི་ཤེས་བྱ་ཙམ་སྦྱང་མཁན་ཞིག་ཡིན་མི་རུང་། གངས་ཅན་པའི་འདས་པའོ་ལོ་ཟླ་དང་ད་ལྟའི་གནས་བབ་ལ་ལྟོས་དང་ང་ཚོ་ལ་མཁོ་བའི་ཞིབ་འཇུག་སློབ་མ་དེ་གང་ཡིན་གསལ་བོར་རྟོགས་ངེས།

    Reply
  3. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    དེའི་བརྗོད་གཞི་ལ་བལྟས་ན་ཁ་ཡོད་ལག་ཡོད་ཅིག་མ་རེད།

    Reply
  4. ཡོན་བྷེ། says:
    ལོ་ 15 སྔོན།

    སཱ་ར་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་ངོས་ནས་བཙན་བྱོལ་ནང་བོད་ཡིག་གི་ལམ་ནས་ཞིབ་འཇུག་སློབ་མ་ཐོག་དང་པོ་འཛུགས་འཆར་བྱེད་བཞིན་པ་ལ་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། དེ་བཞིན་ད་ཐེངས་ཀྱི་མཁས་པའི་བཁས་པའི་བགྲོ་གླེང་འཚོགས་འདུའི་སྟེང་ལས་གཞི་དེར་ཕན་པའི་བསམ་ཚུལ་མང་པོ་ཐོན་ཡོད་པའི་རེ་བ་བྱེད་བཞིན་ཡོད།

    Reply
  5. བློ་བྷེ། says:
    ལོ་ 15 སྔོན།

    ཤེས་རིག་ལས་ཁུངས་འདིས་ལོ་ངོ་ལྔ་བཅུའི་བར་དུ་བཙན་བྱོལ་བའི་ཤེས་ཡོན་འཐུས་ཤོར་ལ་བཏང༌། ལོ་སྔོན་མ་༸གོང་ས་མཆོག་གིས་རིགས་གཅིག་རྐང་འཛིན་གསོ་སྐྱོང་དགོས་ཚུལ་གྱི་བཀའ་སློབ་ཚ་བོ་དེ་ཕེབས་ཀྱང་། ད་དུང་སོ་སོའི་ལྟོ་གོས་ཀྱི་དོན་ལས་༌རྒྱལ་བའི་བཀའ་རྩིས་མེད་བཏང་སྟེ་སྔར་ལམ་དུ་བསྐྱོད་བཞིན་ཡོད་པར་ཁོ་ཐག་རེད། ད་གང་དྲག་

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    མ་ཡུམ་ས་རཱ་སློབ་གྲྭས་ཞིབ་འཇུག་སློབ་མ་སྐྱེད་སྲིང་བྱེད་རྒྱུ་ཡིན་ན་ཐོག་མར་ཤེས་རིག་ལས་ཁུངས་ཀྱིས་རིགས་གཅིག་རྐང་འཛིན་གསོ་སྐྱོང་བྱས་པའི་ཚད་དུ་མི་འགྲོ་བར་ཉམས་འཇོག་བྱེད་དགོས། ལས་ཀ་ཅི་ཞིག་བྱས་ཀྱང་འགོ་འཛུགས་ལས་མཇུག་སྐྱེལ་རྒྱུ་དེ་དཀའ་ཁག་ཅན་ཞིག་ཡིན་པ་རེད། དེ་བས་གལ་སྲིད་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱ་རྒྱུ་ཡིན་ན་མཇུག་ཡག་པོ་ཞིག་ཡོང་རེ་བ་བྱེད་བཞིན་ཡོད།

    Reply
  7. གཉོམ་ཆུང་། says:
    ལོ་ 15 སྔོན།

    ཨ་ལེ། ཀིརྟི་གྲྭ་ཚང་གི་དགེ་རྒན་གྱི་མིང་ཨུ་ཚུགས་ཀྱིས་འཛིན་དང་གངས་སྐྱིད་ཀྱི་མཁས་དབང་གྲས་སུ་འཚང་ཁ་རྒྱབ་མཁན་ཕྱོགས་རིས་དང་ཕྱོགས་འཁྱེར་གྱིས་ཀླད་པ་སེར་བོ་བསྒྱུར་བའི་རེ་མེད་སེང་གེ་ཟེར་བའི་ཁྱི་རྒན་དང་ཁ་དམ་ཁོག་རྩུབ་འགྲེང་མེད་འཇིགས་མེད་ཟེར་བ་དེ་ཚོ་ཡིན་པ་འདྲ། གལ་དེ་དེའིོ་འདྲའི་མཁས་དབང་རེ་ཡིན་ན་ཀརྟིའི་གྲྭ་ཚང་གི་གྲ་བ་དེ་འདྲའི་མང་བོ་ཞིག་ཕྱི་ལོགས་སུ་འགྲོ་དོན་ག་འདྲ་ཡིན་ནམ། སླབོ་གསོ་དང་ཐབས་བྱུས་ཡོད་ན་གནད་ལ་འཁེེལ་་ས་མི་འདོན་པར་རང་རང་གི་མིང་གྲགས་དང་ཁེ་བཟང་གི་ཆེད་དུ་རྩ་བའི༷་ཚོང་རྫས་བྱེད་ཀྱིན་བསྡད་པས་ཅི་ཕན།

    Reply
  8. བཙན་པོའི་བུ། says:
    ལོ་ 15 སྔོན།

    སྐུ་ཞབས་ནོར་བུ་གླིང་ཁ་ལགས། བདག་ལ་མཚོན་ན། བོད་པ་གཅིག་ལས་གཉིས་འདོད་མཁན་ཞིག་མིན། གལ་ཏེ་བོད་ཀྱི་དུས་བབ་ཚང་གིས་ཁྱེད་ཀྱི་མཆན་དག་གསུབ་ཡོད་པའི་དབང་དུ་བཏང་རུང་། ཁྱེད་ཀྱིས་བཏབ་པའི་མཆན་རྣམས་ནི་ཀུན་སློང་དག་མིན་གང་ལྟར་ཡང་། རང་བཞིན་གྱིས་སྤྱི་ཚོགས་ནང་མི་བདེ་བ་བཟོད་བྱེད་ཀྱི་སྐད་ཆ་ཤ་སྟག་འདུག་པས། གུས་པས་འདི་ནས་ལག་ཟུང་ཐལ་མོ་སྤྱར་ཏེ་གསོལ་བ་འདེབས་དོན། རྗེས་ཕྱོགས་འདི་འདྲའི་བསམ་མེད་ཀྱི་སྐད་ཆ་དག་དྲ་ཐོག་འདིར་འགོད་མ་ཡོང་རོགས་ཞུ་འདོད་བྱུང་། མ་གཞི་ནས་མི་རེ་གཉིས་ཀྱིས་སྨྱུག་མིང་འདྲ་མིན་བེད་སྤྱོད་ཀྱིས་དྲ་ཐོག་འདིར་སྐད་ཆ་འདྲ་མིན་བཤད་ཀྱིན་པའི་ཚོར་བ་ཞིག་བྱུང་ཡང་། ཁྱེད་ཀྱིས་སྨྱུག་མིང་ཅི་ཙམ་བཀོལ་རུང་། ཁྱེད་ཀྱིས་དྲ་རྒྱའི་སྐུད་ལམ་གང་ཞིག་བཀོལ་ཡོད་པ། ངས་གསལ་བོ་བྱས་ནས་འཚོལ་ཐུབ། འདི་ནི་ངས་ད་བར་གློག་ཀླད་ལ་ཆེད་སྦྱོང་བྱས་པའི་གྲུབ་འབྲས་ཡིན། ནམ་ཞིག་ཁྱེད་ཀྱི་དྲ་རྒྱའི་འབྲེལ་ལམ་ནས། ཁྱེད་ཀྱིས་སྨྱུག་མིང་དག་ཕྱིར་བསྒྲགས་བྱ་དགོས་བྱུང་ཚེ། ཁྱེད་ཀྱིས་ཞབས་འདྲེན་གང་ཞིག་ཞུ་བཞིན་པ་རྣམས་ཀྱང་ཕྱིར་བསྒྲགས་བྱ་ངེས་ཡིན། ང་བསྡོད་ནས་ཕྱི་རྒྱལ་ཡུལ་གྲུ་ཞིག་དང་། ངའི་སློབ་ཚན་གློག་ཀླད་ཆེད་སྦྱོང་། ཡོངས་གྲགས་ཀྱིས་ངའི་མིང་ལ་ Son of Tibet ཞེས་འབོད་ཀྱིན་འདུག གང་ལྟར། སྐུ་ཞབས་སློབ་དཔོན་ཟེར་བ་ལགས་དང་། ནོར་བུ་གླིང་ཁ་སོགས་ཀྱིས་མཆན་གང་ཞིག་བཏབ་རུང་། བསམ་བློ་སྔོན་དུ་གཏོང་ནས་སྐད་ཆ་བཤད་པར་འཚལ།

    Reply
  9. ནོར་བུ་གླིང་ཁ། says:
    ལོ་ 15 སྔོན།

    གོང་གི་མཆན་དེ་དུས་བབ་ཚང་གིས་ལན་གཅིག་བསུབ་ཀྱང་སླར་རོ་ལང་རྒྱབ་ཡོད།
    མཆན་བསུབ་པ་ལས་གནད་དོན་གསལ་བཤད་གནང་ན་མི་བཟང་ངམ།

    Reply
  10. ནོར་བུ་གླིང་ཁ། says:
    ལོ་ 15 སྔོན།

    དུས་བབ་ཚང་གིས་ཕྱོགས་ལྷུང་གདོན་གྱིས་མྱོས་ཏེ་གུས་པའི་མཆན་ཆ་ཚང་བསུབ་འདུག

    Reply
  11. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    བཙན་པོའི་བུ་དང་བློ་གྲོས་རྒྱལ་པོ་གཉིས་ལ་རྗེས་སུ་ཡི་རིང་བྱེད། ཁྱོད་དང་ཁྱོད་ཚོས་ཀྱང་ངོ་།

    Reply
  12. བཀྲ་ཤིས་དོན་འགྲུབ། says:
    ལོ་ 15 སྔོན།

    ཀིརྟིའི་མཐོ་སློབ་ནས་ཕེབས་མཁན་དག་གསར་འགྱུར་དུ་མ་བཀོད་པ་གནད་འགག་
    ཅིག་མ་རེད་རྣམ་རྟོག་ཅན་ལ་འདྲེ་དགུ་ལྡང་། མཐུན་སྒྲིལ། མཐུན་སྒྲིལ།

    Reply
  13. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    རླབས་ཆེན་གྱི་རྩོམ་སྒྲིག་པ་ལགས།་གང་ཟག་སྒེར་གྱི་ཞེ་འདོད་ཙམ་ལ་སྟབས་བསྟུན་མ་ཡིན་པར་དགོས་མེད་དང་ཁུངས་མེད།་་གང་ཟག་སྒེར་གྱི་སྣང་བར་འགྲོ་མིན་གྱི་སྐད་ཆའི་རིགས་ལ་ཚོད་འཛིན་བྱེད་རྒྱུ་ནི་རྩོམ་སྒྲིག་པ་ལྷན་རྒྱས་ཀྱི་འགན་དབང་དུ་མཐོང་བ་མ་ཟད་སྟངས་འཛིན་ནན་པོ་བྱེད་པས་འབོད་སྐུལ་ཞུ་རྒྱུ་ཡིན།་་་གང་ལ་ཞེ་ན་རྩོམ་པ་པོ་མང་པོ་ཞིག་ཟིན་བྲིས་སུ་ཞུགས་འདོད་ཆེ་ནའང་འཚེར་སྣང་དང་དོགས་ཟོན་བྱེད་ཀྱིན་འདུག་་གང་ལ་ཞེ་ན།་ཟིན་བྲིས་སུ་རྫུན་མིང་བེད་སྤྱོད་གཏོང་མཁན་རེ་ཟུང་གིས་འགན་འཁུར་མེད་པའི་སྐད་ཆ་སྣ་ཚོགས་བཤད་པར་བརྟེན་མང་པོ་ཞིག་ཟིན་བྲིས་ལ་སུན་སྣང་སྐྱེས་བཞིན་འདུག་་ཟིན་བྲིས་སུ་ཞུགས་ཟིན་པ་རེ་ཟུང་འང་སྡིགས་ར་དང་།་འཆལ་གཏམ་སོགས་ལ་ཡིད་མུག་ཏེ་ཕྱིར་ཐོན་པ་མང་།་་དེ་ཙམ་མ་ཟད་ཟིན་བྲིས་ནི་རིག་གཞུང་དང་།་ཆབ་སྲིད།་ལོ་རྒྱུས།་་སྙན་ངག་སོགས་སྙུག་ཐོགས་པ་ཚོས་སེམས་ཚོར་དང་དོན་དངོས་གླེང་སའི་སྡིངས་ཆར་མཚན་མཐོང་བསྐྲུན་དགོས་པ་ལས།་་་ཁུངས་ལུང་མེད་པའི་འཆལ་གཏམ་གྱི་ཞིང་ས་ཞིག་ཏུ་ངོས་འཛིན་ཐོབ་ན་མི་འགྲིག་པའི་འགན་འཁུར་ནི་ཟིན་བྲིས་པ་ཚོར་ཡོད་པ་མ་ཟད་རྩོམ་སྒྲིག་པར་དེ་བས་ཀྱང་ཡོད།་་་ལྷག་པར་ནག་མོའི་འཁོན་འཛིངས་ལྟ་བུའི་ཕན་ཚུན་ལ་སྡིགས་ར་རྐྱང་རྐྱང་བཀོད་བསྡད་ན་གཞིས་ལུས་རྒྱ་ཆེའི་མི་མང་གི་མདུན་སར་བྱེས་སྡོད་ཟིན་བྲིས་པ་ཚོས་རང་མདོག་བསྟན་པ་མ་ཡིན་ནམ།་་་རྩོམ་སྒྲིག་པ་ལགས།་་ཟིན་བྲིས་གཙང་མ་དང་གུ་ཡངས་པོ་ཚིག་འདི་གཉིས་ལ་ངེས་པར་བདག་པོ་རྒྱག་རོགས་་་་ཐུགས་རྗེ་གཟིགས།།

    Reply
  14. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    གལ་ཏེ་བོད་ཀྱི་དུས་བབས་ཞེས་པ་མིང་བསྒྱུར་ནས་ལུང་རིགས་རྒྱལ་ཀྱི་དུས་བབས་ཞེས་འདོགས་པ་ཡིན་ན། ང་རང་དུས་ནམ་ཡང་ཁྱེད་ཟིན་བྲིས་ཀྱི་མགྲོན་དུ་མི་སླེབས་རྒྱུ་རྩ་བའི་དམ་བཅའ་ཡིན།

    Reply
  15. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པ་ལགས། ཁྱེད་རང་གི་ང་ངོ་ཤེས་ཀྱང་རུང་མ་ཤེས་ཀྱང་རུང་ངའི་མཆན་འདི་དག་བསུབས་དགོས་དོན་གང་ཡིན་ནམ། ཁྱོད་ཀྱིས་གསུངས་པ་ལྟར་ན་དྲ་ཐོག་གི་ཁོར་ཡུག་འདི་གཙང་མ་དང་་གུ་ཡངས་པོ་ཞིག་བསྐྲུན་རྒྱུར་ཧུར་ཐག་གྱིས་
    ཞེས། གཙང་མ་དང་གུ་ཡངས་པོ་ཞིག་བསྐྲུན་དགོས་ན་ཁྱེད་རང་དེ་མ་ཐག་བོད་ཀྱི་དུས་བབ་ཚགས་ཤོག་དང་རྒྱང་རིང་དུ་འགྲོ་རོགས། ངའི་་བཤད་བཞིན་པ་དག་ནི་བོད་སྤྱིའི་རྩ་དོན་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན། སྒོ་ནས་༧གོང་ས་མཆོག་གིས་བཀའ་སློབ་ལྟར་བོད་མི་མི་རེ་ངོ་རེ་ལ་འགན་རེ་ཡོད་ཅེས་གསུངས་པ་སེམས་ལ་བཅངས་ཏེ་བཤད་ཀྱིན་ཡོད། དྲ་གྲོགས་ཐུབ་བསྟན་ཟེར་བ་དེར་ལན་ཞིག་བཏབ་ཡོད་ཀྱང་སྒེར་གྱི་འཁོན་རྩོད་མིན། དོན་དག་རེ་རེ་བཞིན་ར་འཕྲོད་གསལ་པོ་ཤོད་དགོས་ན་མགོ་ནས་མཇུག་བར་དུས་ཚོད་མཁོ་མིན་ལ་མ་ལྟོས་པར་གསལ་བཤད་ཞུ་ཆོག དེ་མིན་ཕྲག་དོག་དང་དགའ་མི་དགའ། ངོ་ཤེས་དང་མ་ཤེས། ཕ་ཡུལ་གཅིག་པ་ཡིན་མིན། ཚིགས་བཅད་རྩོམ་ཡིག་ཤོ་ལོ་ཀ་རེ་འབྲི་ཐུབ་མིན། སོགས་ཀྱི་གདོང་ལ་བལྟས་ཏེ་བསུབས་པ་ཡིན་ན་ནམ་ཡང་ངོ་རྒོལ་ཡོད།

    Reply
  16. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    ང་བོད་ཡིན། ཁྱེད་རང་ཡང་བོད་རེད། འུ་ཚོ་ཚང་མ་བོད་ཡིན། བོད་པས་བོད་ལ་སྡང་ལུགས་དང་། བོད་པས་བོད་པ་ལ་སྐད་ཆ་བཤད་ལུགས་འདི་དག་ནི་རྒྱའི་སྲིད་གཞུང་གིས་རྒྱུ་དང་དབང་བཀོལ་ན་ཡང་ད་བར་དུ་འགྲུབ་མ་ཐུབ་པའི་བྱ་སྤྱོད་ཅིག་ཆགས་ཡོད་ཀྱང་། དེང་སང་བོད་ཕྱི་ནང་གང་སར་བོད་ཀྱི་ཤེས་ལྡན་པར་རློམ་པ་གོང་གི་སྤུན་ཟླ་རེ་ཟུང་གི་མཆན་པུ་འདེབས་སྟངས་ལ་ཞིབ་དུ་ཀློག་དུས། སེམས་བསམ་པའི་གཏིང་ནས་ན་ཟུག་རྒྱག་གི་འདུག སྔར་ཡང་བོད་པས་བོད་ལ་སྡང་བའི་གཤིས་ཀ་དེའི་རང་བཙན་ཤོར་བ་རེད། དེང་ཡང་སྐྱབས་བཅོལ་གྱི་གཞི་བརྟེན་ཞིག་བཙུགས་ཡོད་པ་འདིས་སྟེང་ནས་མི་རིགས་ཤིག་གི་ལས་དབང་ལ་འགན་འཁུར་སའི་སྟེགས་པུ་ཞིག་ཡོད་པ་དེ་ཡང་། ཤེས་ཡོན་པར་ཁས་ཆེ་བའི་སྤུན་ཟླ་ཁྱེད་ཅག་གིས་ཁ་ནང་དུ་གང་ཡོང་གིས་གང་ཟག་སྒེར་གྱི་འཁོན་འཛིན་སོགས་སྤྱི་ཚོགས་ཁྱོན་ཡོངས་ལ་འཁུར་ནས་འོང་དེ། མཐོ་༧གོང་ས་མཆོག་གི་ཉེ་འབྲེལ་དང་། དམའ་ཤེས་ཡོན་པའི་སྡེ་ཡི་མིང་འཁུར་མཁན་ཡང་དགའ་ཞེན་དང་གུས་བརྩི་བྱེད་མ་ཐུབ་ཀྱང་། རང་རང་ས་ནས་རམ་འདེགས་བྱེད་རྒྱུ་ལས་ལྡོག་ནས། ལྟས་ངན་བསྟན་དགྲ་དང་། ལྟ་ལོག་སྤྱོད་ལོག མིང་ངན་ཞེ་གཅིག་བེད་སྤྱོད་བྱེད་པ་འདི་དག དེང་ཕྱིན་བེད་སྤྱོད་མི་གནང་བའི་རེ་སྐུལ་དང་། རབ་ན་སེམས་བསམ་པའི་གཏིང་ནས་གནས་ལུགས་མེད་པར་སྐད་ཆ་གང་ཡིན་སོགས་མི་གསུང་བར་བོད་ཀྱི་རིགས་སུ་སྐྱེ་བའི་སྐྱེ་བུ་བླུན་རྨོངས་པ། བོད། ཤ་ཁྲག་གསུམ་ནས་ལག་ཟུང་ཐལ་མོ་སྤྱར་ནས་ཞུས་པ་ཡིན།

    Reply
  17. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    ས་རཱ་བོད་ཀྱི་མཐོ་སློབ་ཁང་ནས་འདི་བཞིན་གོསྒྲིག་གནང་བར་ཐུགས་རྗེ་ཆེ། ང་ཚོའི་བོད་ཀྱི་མི་གཤིས་བྱེ་བྲག་པ་གཅིག་ལ་རྟག་པར་མི་ལ་སྐྱོན་བརྗོད་ཁོ་ན་བྱེད་དེ་མི་ཚེ་སྐྱེལ་བ་ལས། རང་ཉིད་ཀྱིས་འཇོན་ཐང་སྣ་གཅིག་ཀྱང་སྟོན་རྒྱུ་མེད་པ་འདི་ཚོས་ཡང་ས་རཱ་བོད་ཀྱི་མཐོ་སློབ་ཁང་ལའང་སྐྱོན་བརྗོད་མང་པོ་བྱས་འདུག་པར་འདི་རིགས་ལ་ཡ་མཚན་ཅི་ཡང་མ་མཐོང༌། གང་ཡིན་ཞུས་ན་ཁོ་ཚོའི་མི་གཤིས་དེ་རང་རེད། བདེན་མིན་ལྟོས་དང༌། ཁོ་ཚོ་གང་དུ་ཡོད་ན་དེར་གཞན་ལ་སྐྱོན་བརྗོད་ཀྱང་ལས་རང་ཉིད་ཀྱིས་འཇོན་ཐང་སྣ་གཅིག་མེད་པ་གསལ་པོ་རེད།

    Reply
  18. Dhonling Bhu says:
    ལོ་ 15 སྔོན།

    ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་གོ་སྒྲིག་འོག་དེ་ལྟ་བུའི་མཁས་པའི་བགྲོ་གླེང་ཞིག་ཚུགས་ཐུབ་པ་འདི་ཡང་གཟི་བརྗིད་ཅིག་ཡིན་ན་རེད། དོན་གྱི་ཐོག་བོད་ཀྱི་སྐད་ཡིག་དང་རིག་གཞུང་བསྟི་གནས་འདི་ལྟ་བུ་ཞིག་གི་གོ་སྒྲིག་མ་ཞུས་ན་སུས་བྱས། གོང་དུ་དྲ་གྲོགས་འགས་བསམ་མེད་ཀྱི་སྐད་ཆ་ལྟ་བུ་བཤད་འདུག་པ་དེ་ཚོ་ལ་ང་ཚོ་ནན་གྱིས་མནོ་བསམ་ཞིག་གཏོང་དགོས་ཀྱི་རེད། དེང་གི་ཆར་ང་རང་ཚོ་བོད་པ་ཚང་གི་ཤེས་ལྡན་པ་རྣམས་ལ་སྐྱོན་ཞིག་ཡོད་པ་ནི། གཞན་གྱི་སྐྱོན་རྣམས་འཚོལ་ནས་མི་ཚེ་སྐྱེལ་བཞིན་འདུག་ལ། ཡོན་ཏན་ཆ་འགའ་ཞིག་ཡོད་ཀྱང་མེད་པ་ལྟ་བུ་གཅིག་ཀྱང་བརྗོད་ཀྱི་མེད། དེ་ནི་ངེད་ཚོའི་བོད་པ་ཚང་གི་ཤེས་ལྡན་པ་རྣམས་ཀྱི་སྐྱོན་ཆེ་ཤོས་ཤིག་ཡིན། གོ་སྒྲིག་ཞུས་པ་དེ་ཡང་ང་རང་ཚོ་གཞིས་བྱེས་གཉིས་ཀྱི་བོད་མིའི་སྐྱིད་སྡུག་དྲན་གསོ་ཞེས་འབོད་ཚིག་སྒྲོག་བཞིན་དུ་སྲུང་རྩི་ཞུ་བཞིན་ཡོད། དེ་ཡང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང། ཝར་ཎ་བོད་ཀྱི་ཆེས་མཐོའི་མཐོ་རིམ་སློབ་གྲྭ་གཙོ་བོར་འགྱུར་པའི་ནང་བསྟན་སློབ་གྲྭ་ཁག་དང་དགོན་སྡེ་གྲྭ་ཚང་མང་དག་ཤིག་གི་བོད་མིའི་ངོ་བོ་མཚོན་པའི་བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག་སོགས་བདག་གཉེར་བྱེད་མཁན་གྱི་མི་སྣ་གསོ་སྐྱོང་བྱེད་སའི་བསྟི་གནས་འདི་ལྟ་བུ་ལ་། ང་ཚོས་རྟག་ཏུ་སྐྱོན་གྱི་ཆ་རྣམས་འཚོལ་བཞིན་མི་ཚེ་གང་བོར་ཁ་གཏོང་ནས་བསྡད་ན་ཅི་ཕན། གལ་ཏེ་རང་ཉིད་ལ་འཇོན་ཐང་དང་ནུས་པ་ཡོད་ན། མར་སྤྱི་ཚོགས་ཀྱི་ནང་འདོན་ནས་བྱ་བ་ཞིག་བསྒྲུབ་དང། དེ་ནི་དཔའ་བོ་དང་དཔའ་མོ་ཡིན། ངེད་ཀྱང་དེ་ལྟ་བུའི་མི་སྣ་རྣམས་ལ་རླབས་ཆེན་མི་སྣ་ཡང་འབོད་ཆོག་ ད་ནི་ང་རང་ཚོ་མི་རིགས་འདི་དཀའ་ངལ་གྱི་གཡང་སར་ལྷུང་ཡོད་པའི་སྐབས་ཤིག་ཡིན་ལ། དེར་ངེད་ཚོས་འཕྱ་གྲུ་མཉམ་སྡེབས་ངང་རམ་འདེགས་བྱེད་དགོས་པའི་དུས་ཤིག་ལས་ཁ་གཏོང་ནས་སྡོད་རྒྱུའི་དུས་ཤིག་གཏན་ནས་མིན། ངོ་མ་མཁས་པའི་བགྲོ་གླེང་དེའི་སྟེང་ཆེད་ཕེབས་ཀྱི་མཁས་དབང་རྣམས་དང་ལྷག་པར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་གོ་སྒྲིག་ཞུས་པ་གཉིས་ལ་མཚམས་འདྲི་དང་ཐུགས་རྗེ་ཆེ་གྲངས་མེད་ཞུ་རྒྱུ་ཡིན།
    བོད་རྒྱལ་ལོ། བོད་ཀྱི་སྐད་ཡིག་རྒྱལ་ལོ།

    Reply
  19. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    དྲ་གྲོགས་ཤེས་ལྡན་དག་གིས་བཀའ་མོལ་གནང་སྟངས་དེ་ཡག་པོ་ཁྱོན་ནས་མི་འདུག བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཤེས་ལྡན་མི་སྣ་ཞེ་ཅིག་ཡིན་པ་ལ་ཡིད་ཆེས་གཙང་མ་ཡོད། མཆན་འདེབས་དུས་གསར་ཐོན་བརྗོད་གཞི་དང་འབྲེལ་བའི་ཐོག་ནས་བཀའ་མོལ་གནང་ཐུབ་ན་ཡག་ཤོས་རེད། དེ་མ་ཡིན་པར་གང་ཟག་སྒེར་གྱི་སྤྱོད་བབ་ལ་མ་ཉེས་ཁ་གཡོགས་རྐྱང་བྱས་པ་ཡིན་ན་སྤྱི་སྒེར་གང་ལའང་ཕན་གྱི་མ་རེད། དེར་མ་ཟད་རིགས་ཅིག་ནས་སྤྱི་ཚོགས་དཀྲུགས་པའི་བཀའ་མོལ་གསུང་ཡོང་གི་འདུག རྩེད་མོ་འདིའི་རིགས་ཅུང་ཐལ་དྲགས་མེད་དམ་བསམ། དེ་མི་རྒན་ང་ཡི་སྙིང་གཏམ་ཡིན་ཏོ།།

    Reply
  20. སྨར་དྷི་ཟེར། says:
    ལོ་ 15 སྔོན།

    ཐུབ་བསྟན་ལགས་ཁྱེད་རང་སྨྱོན་པ་ཆགས་མིན་འགྲོ་འབྲེལ་མེད་ཀྱི་སྐད་ཆ་བཤད་འདུག་དཔེར་ན་གོང་གི་བགྲོ་གླེང་གི་བརྗོད་གཞི་ལ་ཁྱེད་རང་གི་ཚུལ་འོད་ལ་
    འཚམས་འདྲེ་ཞུས་པ་མ་ཟད་སེར་རྟ་ཚུལ་ཁྲིམས་ལ་སྨད་ར་གཏང་འདུག འབྲེལ་མེད་མ་བཤད་སྐུ་ཉིད་ཚུལ་འོད་ལ་ཞེ་དྲག་དགའ་ཡི་འདུག་ན་ཁོང་གི་རྐུག་འཐེན་གཅིག་འདགས་ཤོགས།

    Reply
  21. བཙན་པོའི་བུ། says:
    ལོ་ 15 སྔོན།

    དྲ་གྲོགས་དགའ་བ་དང་སེང་ཕྲུག་རྣམ་གཉིས་ལགས།
    གལ་སྲིད་དུས་བབ་གསར་ཁང་གིས་ཆད་པ་ཡིན་ན་ཡང་རུང་། བསམ་བཞིན་དུ་ཁྱེད་ཚང་གི་མིང་དེ་གསར་འགྱུར་དུ་མ་བྲིས་པ་ཡིན་ན་ཡང་འདྲ། གང་ལྟར་ཁྱེད་རྐིརྟིའི་བྱེས་པ་གྲྭ་ཚང་དུ་མཁས་དབང་ཞིག་བྱོན་མེད་པ་ཕྱི་གསལ་ནང་གསལ་རེད། དེར་བརྟེན་མཁས་དབང་བགྲོ་གླེང་དུ་མཁས་དབང་མ་ཡིན་པའི་མིང་ཞིག་འགོད་དགོས་དོན་ཨེ་ཡོད་དམ། ཁྱེད་ཚང་གི་བགྲོ་གླེང་ལ་ཕེབས་མཁན་དེ་དག་སུ་ཞིག་རེད། དེ་དག་དོན་དངོས་ཀྱི་ཆ་ནས་མཁས་དབང་གི་གོ་འཕངས་བཞེས་ཡོད་མཁན་ཤ་སྟག་ཨེ་རེད། མ་གཞི་ནས་ཁྱེད་ཅག་རེ་གཉིས་ཤིག་གིས་དོན་མེད་ཀྱིས་རྣམ་དོག་སླངས་ནས་སྤྱི་ཚོགས་ནང་མི་བདེ་བ་རྐྱང་རྐྱང་བཟོ་ཡོང་གི་འདུག ཁྱེད་གཉིས་ཀྱིས་རེ་འདོད་ལྟར་ན། ཀིརྟིའི་གྲྭ་ཚང་གི་མིང་དེ་མཁས་དབང་དག་གི་ཁོངས་སུ་གསར་འགྱུར་དུ་འགོད་དགོས་པ་དེ་རེད། འོན་ཀྱང་། དེ་དོན་ལ་སེམས་ཁུར་བྱེད་མི་དགོས། གལ་སྲིད་དུས་བབ་གསར་ཁང་གིས་ཁྱེད་ཚང་གི་མིང་དེ་གསར་ཁང་དུ་མ་བྲིས་ཀྱང་། ངེད་མང་ཚོགས་ཀྱི་ངོས་ནས་ཀིརྟིའི་གྲྭ་ཚང་འདི་ཉིད་ཕྱོགས་གང་ཐད་ནས་མིག་དཔེར་འོས་པའི་གྲྭ་ཚང་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། འོན་ཀྱང་། ཁྱེད་གཉིས་ལྟར་མཁས་དབང་དག་གི་གྲལ་དུ་འཚང་འདོད་པ་ནི། ཅུང་སྔ་དྲག་པའི་སྐྱོན་ཞིག་ལས་ཅང་མ་མཐོང་།

    Reply
  22. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    སྤུན་ཟླ་ཚོ། ང་ཚོ་བོད་པ་ཡིན། རྒྱལ་ཁབ་མེད་པའི་སྐྱབས་བཅོལ་བ་ཡིན། ང་ཚོ་རིགས་རུས་གཅིག་པའི་ཕུ་ནུ་མིང་སྲིང་ཡིན། ང་ཚོ་ཁ་བ་གངས་ཅན་ཚང་གི་ལས་དབང་ལ་སེམས་འཁུར་དང་འགན་ལེན་བྱེད་དགོས་པའི་མི་རབས་ཤིག་ཡིན།

    Reply
  23. སེང་ཕྲུག says:
    ལོ་ 15 སྔོན།

    དྲྭ་གྲོགས་དགའ་བ་ལགས་ངས་ཀྱང་གསར་འགྱུར་དེ་ལ་དོ་སྣང་བྱས་པ་ཡིན། དུས་བབ་གསར་འགོད་པས་གནས་ཚུལ་ཆ་ཚང་མ་མཁྱེན་པ་འམ་མ་བཀོད་པ་དང་། ཡང་ན་འགོད་ནོར་ཤོར་བ་གང་ལྟར་མཁས་པ་ཉི་ཤུ་ལྷག་ཅིག་ཡོད་ཚོད་མི་འདུག་ལ། བགྲོ་གླེང་གོ་སྒྲིག་པ་ཚོས་གདན་ཞུས་ལྟར་ཀིརྟིའི་མཐོ་སློབ་ནས་ཀྱང་བརྡ་སྤྲོད་དང་རྒྱལ་རབས། ནང་ཆོས་བཅས་ཀྱི་སྐོར་ལ་བགྲོ་གླེང་གནང་མཁན་དགེ་རྒན་གསུམ་ཕེབས་ཡོད་པ་བདེན་པ་རེད་ཁོང་ཚོར་འགྱུར་བ་སོང་མི་འདུག

    Reply
  24. དགའ་བ། says:
    ལོ་ 15 སྔོན།

    ཀིརྟིའི་མཐོ་སློབ་ནས་དགེ་རྒན་འགའ་ཞིག་ཕེབས་ཀྱི་ཡོད་པ་རེད་ཟེར་བ་ཞིག་གོ་མྱོང་། འོན་ཀྱང་གསར་འགྱུར་ནང་དུ་ཁཽང་ཚོའི་སྐོར་སླེབས་མི་འདུག ཁོང་ཚོ་འགྱུར་ནས་ཕེབས་ཀྱི་མེད་པ་རེད་དམ། ཡང་ན་དུས་བབ་གསར་ཁང་གིས་ཁོང་ཚོའི་གནས་ཚུལ་གསར་ཤོག་ནང་དུ་བཀོད་མ་འདོད་པ་རེད།

    Reply
  25. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    སྤུན་ཟླ་ཚོ་ལགས། འབྲེལ་འདི་ལ་གཟིགས་དེ་བསམ་ཚུལ་རེ་གསུངས་དང་།

    http://www.youtube.com/watch?v=1r9oQlhItng&feature=related

    Reply
  26. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    སློབ་གཉེར་ཁང་གི་ངོས་ནས་གོ་སྒྲིག་ཞུ་བཞིན་པར་རྗེས་སུ་ཡི་རང་ཞུ་བ་དང་ཆབས་ཅིག་་་བློ་གྲོས་རྒྱལ་བོ་ལགས་ཀྱི་གསུང་བ་ལ་རྒྱབ་སྐྱོར་ཡོད།་་ང་ཚོ་ལག་ལེན་གྱིས་ཕོངས་སོང་བ་ཞིག་ལས།་་་བྱེད་ཐབས་དང་རོགས་རམ་གྱིས་ཕོངས་སོང་བ་ཞིག་མ་རེད་འདོད།་་མང་པོ་ཞིག་གིས་༸གོང་ས་མཆོག་གི་བཀའ་དགོངས་དེ་སྤོ་ལོ་བཞིན་རྩེད་མོའི་ལམ་ནས་འཁྲབ་སྟོན་བྱེད་ཀྱིན་འདུག་་ལྷག་པར་དུ་གཞུང་དང་གཞུང་འབྲེལ་ཁག་གི་ངོས་ནས་༸གོང་ས་མཆོག་གིས་༢༠༠༨་ལོར་ཤེས་ཡོན་འཐུས་ཤོར་སྐོར་ལ་གནང་བའི་ལམ་སྟོན་གྱི་གནད་ལ་ཕན་པའི་ཕྱག་ལས་གང་འདྲ་ཞིག་གནང་ཡོད་དམ།་་་

    Reply
  27. གནས་ཚང་། says:
    ལོ་ 15 སྔོན།

    གལ་སྲིད་ཞིབ་འཇུག་པ་བསྡུ་རྒྱུ་ཡིན་ན། སློབ་ཁྲིད་སུས་བྱེད་ཀྱི་ཡིན་ནམ། ཞིབ་འཇུག་ཕར་ཞོག ཐ་ན་ཞིབ་ཅིང་ཕྲ་བའི་གསན་བསམ་ཡང་དག་ཅིག་ཀྱང་གནང་མ་མྱོང་བའི་མིག་གཅིག་པ་ཁག་ཅིག་གིས་ཁོང་ཚོ་ལྟ་བུའི་ལོང་བ་ཁག་ཅིག་མ་གཏོགས་བསྐྱེད་བསྲིངས་བྱེད་ཐུབ་ཡོད་དམ།

    Reply
  28. Bugig says:
    ལོ་ 15 སྔོན།

    དྲ་གྲོགས་ལགས་ཀྱིས་གོང་གི་མཁས་པའི་དབང་པོ་དེ་ཚོ་སུ་དང་སུ་ཡིན་སྐོར་གསུང་ཐུབ་ན་ཡག་པོ་ཡོད་ས་རེད།

    Reply
  29. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    བགྲོ་གླེང་དེ་ཙམ་གནང་དགོས་པ་རང་ཨེ་ཡོད། ང་ཚོའི་དཀའ་གནད་ཆེ་ཤོས་དེ་མ་མཁྱེན་པ་མ་རེད། མ་བྱས་པ་དེ་རེད། ད་དུང་འདི་ལྟར་འཁྲབ་སྟོན་གྱི་ངོ་བོའི་ཐོག་ནས་དུས་ཚོད་བསྐྱལ་བསྡད་ན་ངོ་མ་ཕངས་པོ་རེད་བསམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese