མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྔ་བཅུའི་དུས་དྲན་སྲུང་བརྩི་དང་འབྲེལ་བའི་མཁས་པའི་བགྲོ་གླེང།

བོད་ཀྱི་དུས་བབ།
༢༠༠༩/༡༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

ས་རཱ་མཐོ་སློབ་ཀྱིས་གོ་སྒྲིག་ཞུས་པའི་མཁས་པའི་བགྲོ་གླེང་ཚོགས་འདུ་ནི། ཚེས་བཅུ་བདུན་ཉིན་ནས་མགོ་འཛུགས་ཀྱིས་ཚེས་ཉེར་གཅིག་ཉིན་མཇུག་བསྡུ་གནང་གི་ཡོད་འདུག་ཅིང། བགྲོ་གླེང་དེར་སྐྱ་སེར་མི་སྣ་བཅུ་བདུན་གདན་འདྲེན་ཞུས་ཡོད་པ་དེ་དག་གིས། བརྡ་སྤྲོད་དང།  རྩོམ་རིག ལོ་རྒྱུས། ནང་ཆོས་རིག་གནས་བཅས་ཀྱི་སྐོར་དང་། ཕྱོགས་མཚུངས་ས་རཱ་མཐོ་སློབ་ནས་ཆེས་མཐོའི་རིག་གནས་རབ་འབྱམས་པ་འཛུགས་འཆར་དེར་སློབ་དེབ་ཅི་ཞིག་བཀོད་སྒྲིག་བྱ་རྒྱུ་བཅས་ཀྱི་ཐད་བགྲོ་གླེང་གནང་མུས་རེད།

ཚེས་བཅུ་བདུན་ཉིན་གྱི་བགྲོ་གླེང་བརྒྱུད་རིམ་ནང། མི་རིགས་གཞན་གྱི་སྐད་ཡིག་ནས་ས་མིང་དང་མི་མིང་སོགས་བོད་ཡིག་ཏུ་ཕབ་འགོད་ཀྱི་དག་ཆའི་སྐོར་ལས་འཕྲོས་ཏེ། ལེགས་སྦྱར་གྱི་སྐད་ལས་ས་མིང་དང་ཆུ་མིང་སོགས་བོད་སྐད་དུ་ཕབ་འགོད་སྐབས་སྒྲ་སྦྱོར་བམ་གཉིས་སོགས་ན་སྔོན་ནས་གཏན་ལ་ཕབ་སྟེ་ཡོད་པའི་འབྲི་སྟངས་དེ་ག་རང་སོར་འཇོག་དང་། དེ་མིན་ཕྱིས་སམ་ཉེ་རབས་ནས་རིག་གནས་གཞན་དང་གཞན་གྱི་ཐ་སྙད་མང་པོ་ཞིག་དང་ཡང་འབྲེལ་བ་བྱུང་བའི་ཐ་སྙད་ཀྱི་རིགས་བོད་ཡིག་ཏུ་འབེབས་སྐབས། ངེས་ཅན་དུའང་སྔོན་གྱི་གཏན་འབེབས་དེར་གནས་དགོས་པའི་ཨུ་ཚུགས་མི་དགོས་པར། སྒྲ་གདངས་གང་ཐོན་གཙོར་བཟུང་བྱེད་པ་ལས། ནིག་ཡོཀ་སོགས་སུ་འབྲི་སྲོལ་འདི་རིགས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་ཐ་སྙད་གཅིག་གྱུར་ལ་གནོད་པ་སོགས་བརྡ་དང་ཐ་སྙད་ཀྱི་སྐོར་དང།  དེ་བཞིན་དེང་སང་གསར་འགྱུར་བརྒྱུད་ལམ་གཙོ་བོར་བྱས་པའི་ཁྱབ་ཁོངས་མང་པོ་ཞིག་ན་བརྡ་སྤྲོད་པའི་རྣམ་གཞག་དང་མི་མཐུན་པར་གང་བྱུང་དུ་འབྲི་ཐལ་རྒྱ་ཡན་དུ་ཁྱབ་ཤུགས་ཆེ་བ་འདིས། བརྡ་སྤྲོད་ཀྱི་རྣམ་གཞག་དང་ཡི་གེའི་སྦྱོར་སྟངས་རིགས་ལོགས་གྱེས་འགྲོ་བཞིན་པ་གཏན་འགོག་དགོས་པ། ཁྱིམ་པའམ་སྐྱ་བོ་ཡིན་པའི་མི་རབས་གསར་པའི་ནང་ཆོས་ཀྱི་གོ་རྟོགས་སྤེལ་བར། མི་སྒེར་དང་སྤྱི་ཚོགས། འཛམ་གླིང་བཅས་སུ་ཕན་ཐོགས་དང་འབྲེལ་བའི་རིན་ཐང་སྐོར་དང་། ནང་ཆོས་ཀྱི་ཀུན་སྤྱོད་རྣམ་གཞག་དེ་དག་རང་རྒྱུད་ལ་འཇགས་པ་ལས་མི་ཚད་ལྡན་ཞིག་བཟོ་ཐབས་ལ་ཕྱོགས་དགོས་པ་དང།  ནང་ཆོས་ཁྱབ་སྤེལ་བྱེད་པ་དེ་ཆོས་ལུགས་དར་སྤེལ་གྱི་ཆེད་དུ་མ་ཡིན་པར་མི་སྒེར་དང་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་པའི་ཆེད་དུ་དར་སྤེལ་གཏོང་དགོས་པ། ཡང་ན། ནང་ཆོས་དེ་ཆོས་ལུགས་ཀྱི་ངོ་བོའི་ཐོག་ནས་མ་ཡིན་པར་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་དར་སྤེལ་བྱེད་དགོས་པའི་སྐོར་བཅས་ལ་བགྲོ་གླེང་གནང་སོང་།

ཚེས་བཅོ་བརྒྱད་ཉིན་གྱི་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ནི། ཉེ་བའི་ལོ་ཤས་ནས་ས་རཱ་མཐོ་སློབ་ཀྱི་ངོས་ནས། སློབ་ཟུར་ཁག་ཅིག་དང་། འབྲེལ་ཡོད་མཁས་པ་དང་ཉམས་ཞིབ་པ་སྐོར་ཞིག་ཆེད་ཞུས་ཀྱིས་སྔར་གྱི་སློབ་ཚན་ལ་འགྱུར་བ་གཏོང་ཕྱོགས་ཀྱི་བསམ་ཚུལ་བསྡུས་པ་རྨང་གཞིར་བཞག་སྟེ་མ་ཟིན་དུ་ཕབ་འགོད་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་ཚན་གཞིར་བཞག་སྟེང།  ཆེས་མཐོའི་རིག་གནས་རབ་འབྱམས་པ་གསར་འཛུགས་ཞུ་གཏན་འཁེལ་ནས་ཡོད་པ་དེར། སློབ་ཚན་ཅི་ཞིག་བཀོད་སྒྲིག་བྱ་འོས་ཀྱི་བགྲོ་གླེང་གནང་ཡོད་ཅིང།  དེར་མཁས་པ་དང་ཤེས་ཡོན་པ་ཚོས་དགོངས་ཚུལ་དང་བསམ་ཚུལ་སྤེལ་བའི་སྐབས། སུམ་རྟགས་ལྟ་བུ་བསྐྱར་སྦྱོང་ལྟ་བུ་མ་ཡིན་པར་ཚད་མཐོ་བའི་གནས་ཚད་ཞིག་ཏུ་ཕྱོགས་དགོས་པ་དང།  ད་ཡོད་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་ཚན་བཀོད་སྒྲིག་གི་དམིགས་རེ་ནང་བཞིན་གྱི་ཤེས་ཚད་ལྡན་ངེས་ཡོང་ཐུབ་ཀྱི་ཡོད་མེད། ས་རཱའི་སློབ་ཚན་དང་སློབ་མའི་ཤེས་ཚད་བར་གྱི་དཀའ་ངལ་ངོས་འཛིན། ད་ཡོད་སློབ་མའི་ཤེས་ཚད་དང་གསར་ཞུགས་སློབ་མའི་ཤེས་ཚད་བཅས་ལ་བལྟས་ནས་ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་གཞི་གཏན་འཁེལ་དགོས་པ་ལས་འཕྲོས་པའི་དགོངས་ཚུལ་སྤེལ་བའི་ནང་། ཕྱི་རྒྱལ་ཁག་ལ་མཚོན་ན། འཛིན་རིམ་བཅུ་གཉིས་ཐོན་པའི་སྐབས་སྐད་ཡིག་གི་རྨང་གཞི་ཚད་ལོངས་ངེས་ཡོད་པ་དང། ང་ཚོའི་འཛིན་གྲྭ་བཅུ་གཉིས་ཐོན་མཁན་ཚོར་སྐད་ཡིག་གི་རྨང་གཞི་འདང་ངེས་མེད་པའི་དཀའ་ངལ་ཞིག་ལ་གདོང་ལེན་བྱེད་དགོས་པ་དེ་ས་རཱ་མཐོ་སློབ་ཙམ་མ་ཡིན་པར། བཙན་བྱོལ་བོད་ཀྱི་མཐོ་སློབ་ཁག་ནང་གཅིག་གྱུར་གྱིས་ཡོང་བཞིན་པའི་དཀའ་ངལ་ཞིག་ཡིན་པ་དང། དེ་ལ་འགྱུར་བ་གཏོང་བའི་རེ་བ་རྒྱག་ཡུལ་ནི་གཞི་རིམ་གྱི་སློབ་གྲྭ་ཁག་གི་སྐད་ཡིག་ཤེས་ཚད་གོང་མཐོར་གཏོང་བ་ལ་རག་ལུས་ནས་ཡོད་པ་སོགས་ཕྱོགས་ངོས་མང་པོ་ནས་གླེང་སློང་ཤུགས་ཆེ་བྱས་པའི་མཐའ་དོན་དུ། ས་རཱ་མཐོ་སློབ་ཀྱི་ད་ཡོད་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་ཚན་ནང་བརྡ་སྤྲོད་དང་རྩོམ་རིག ལོ་རྒྱུས་བཅས་ཀྱི་གཞུང་ལུགས་གྲགས་ཅན་ཁག་ཆ་ཚང་དངོས་གཞིའི་སློབ་ཚན་དང་། ཟུར་ལྟའི་སློབ་དེབ་གང་རུང་གི་ངོ་བོ་ནས་བཀོད་སྒྲིག་གནང་གྲུབ་སྟེ་ཡོད་པ་དེའི་སྟེང།  ད་ཆ་ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་དེབ་སྐོར་ལ་དེབ་གཞི་གང་ཞིག་གཏན་འབེབས་དགོས་མིན་གྱི་བསམ་ཚུལ་སྤེལ་རིམ་ནང་། ཕལ་མོ་ཆེ་བས་སློབ་གཞི་ངེས་གཏན་ཞིག་འདམས་རྒྱུ་མ་རག་པའི་དཀའ་ངལ་འཕྲད་དེ། དགོངས་ཚུལ་དང་བསམ་ཚུལ་མང་ཆེ་བ་དེ་སློབ་དེབ་གསར་བསྒྲིགས་ཀྱི་སྟེང་ལ་བབས་པ་ལྟ་བུ་བྱུང་ཡོད་འདུག སློབ་དེབ་གསར་བསྒྲིགས་ཀྱི་ལམ་སྟོན་ལྟ་བུར། ལོ་རྒྱུས་སྐོར་ལ་མཚོན་ན། ལོ་རྒྱུས་རིག་པ་དང། ལོ་རྒྱུས་ཀྱི་བྱུང་བ་སོགས་སུ་ཁག་བགོས་ཀྱིས་སྡེ་ཚན་མ་འདྲ་བར་དབྱེ་བགོས་ཀྱིས་སློབ་དེབ་བཟོ་འགོད་དགོས་པ་ཤུགས་ཆེར་གླེང་འདུག་ལ། ཕྱོགས་མཚུངས་རྩོམ་རིག་གི་སློབ་དེབ་ལྟ་བུར་མཚོན་ན། སྲོལ་རྒྱུན་དང་དེང་རབས་ཀྱི་རྩོམ་རིག་ཆ་བགོས་བརྒྱབ་ནས་སློབ་དེབ་བཟོ་བ། ཡང་། སློབ་དེབ་གང་ཡང་། གཞུང་ལུགས་མང་པོའི་ལེགས་ཆ་འདུ་ཤུགས་ཆེ་བ་ཞིག་གཙོ་འདོན་དགོས་པ་སོགས་ཕྱོགས་ངོས་མང་པོ་ནས་བགྲོ་གླེང་གནང་ཡོད་པ་རེད་འདུག

རྡོ་རྗེ་དབང་ཕྱུག་གིས་ས་རཱ་ནས་འདི་ག་གསར་ཁང་ལ་བཏང་བ་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༣ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 18

  1. བསེ་རུ། says:
    ལོ་ 15 སྔོན།

    ལུང་རིགས་ལགས།
    མི་གཤིས་ལ་དམའ་འབེབ་དང་མཚང་འབྲུ་བའི་རིགས་ཀྱི་མཆན་རྣམས་བསུབས་པ་དེ་ཕན་གནོད་དང་མཇུག་འབྲས་ལ་དགོངས་པ་བཞེས་ཏེ། བགྲོ་གླེང་དེ་བགྲོ་གླེང་ཞིག་ཏུ་འགྲོ་བའི་རེ་བས་གནང་བ་ཞིག་ཡིན་སྟབས། སྤྱི་སྒེར་གཉིས་ཀར་ཕན་ཐོགས་ཡོད་པ་ཞིག་རེད།

    འོན་ཀྱང་། ཡིག་ནོར་ཐེར་འདོན་བྱས་པའི་རིགས་ནམ་ཡང་མ་བསུབ་རོགས།
    གང་ཡིན་ཟེར་ན། གསར་འགྱུར་འགོད་པ་དང་ཀློག་པ་པོ་མི་ཉུང་བ་ཞིག་ལ་ནོར་ཉེན་ཆེ་བའི་ཐ་སྙད་རིགས་རྣམས་ཕན་ཚུན་འཁྲུགས་ཏེ། དཀའ་ངལ་འཕར་མ་ཞིག་ཡོང་གིན་ཡོད་སྟབས། དེ་རིགས་ཀྱིས་དྲ་ངོས་འདིའི་ནང་ཐུགས་སྣང་གནང་སྟེ་གསར་འགྱུར་ཀློག་མཁན་དང་མཆན་འདེབས་མཁན། ཟིན་བྲིས་པ། གསར་འགོད་པ་སོགས་ལ་ཕན་ཐོགས་ཤུགས་ཆེ་ཡོང་གི་ཡོད་པ་སྨྲོས་མེད་ལགས་པས་དེ་དོན་ཐུགས་ལ་འཇོག་རོགས།།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། དེ་རིང་ཡང་མཆན་ཁ་ཤས་བསུབས་པ་ཡིན། གསུབ་དགོས་དོན་ནི་སྐབས་དོན་དང་འབྲེལ་བ་མེད་པའི་མི་སྒེར་གྱི་མིང་བཏོན་སྟེ་མཚང་འབྲུ་བ་སོགས་ཀྱི་རྐྱེན་གྱིས་ཡིན། གལ་སྲིད་མི་སྒེར་བ་ལ་སྐྱོན་རྒྱག་རྒྱུ་ཡིན་ན་བརྗོད་གཞི་དེ་ལ་སོ་སོས་འགན་འཁྱེར་ཏེ། སྐབས་གཞན་པ་ནས་གླེང་རོགས། དེང་སྐབས་ང་ཚོར་འདི་ལྟའི་གཤིས་ཀ་ཞིག་འཇགས་བཞིན་འདུག དེ་བས་བརྗོད་གཞི་ངེས་གཏན་ཞིག་གི་སྟེང་ལ་བགྲོ་གླེང་ལྷུག་པོ་ཞིག་ཀྱང་བྱེད་མི་ཐུབ་པའི་དཀའ་ངལ་འདུག
    སྤྱིར་གང་ཟག་སྒེར་ལ་སྐྱོན་བརྗོད་བྱེད་ན་བརྒྱུད་ལམ་ཁག་ཏུ་ཡོངས་ཁྱབ་ཀྱིས་བསྒྲགས་ཆོག་མིན་ལ་ས་མཚམས་ཤིག་ཡོད་པ་འདྲ། དེ་ནི་གཙོ་བོ་སྤྱི་ཚོགས་ཀྱི་མི་སྣ་ཡིན་མིན་ལ་ལྟ་དགོས་པ་རེད། དབྱིན་སྐད་དུ། Public Figure ཞེས་པ་འདི་རེད། གཞུང་གི་འགན་ཡོད་མི་སྣ་དང་ཚོགས་སྡེ་ཁག་གི་འགན་ཡོད་མི་སྣ་སོགས་ལ་ཁོ་ཚོའི་ལས་རིགས་ཀྱི་ངོ་བོ་དང་འགན་བབ་སོགས་ཀྱི་སྟེང་ནས་སྐྱོན་རྒྱག་ཆོག་པར་འདོད། འདི་དག་ལ་སོ་སོའི་སྒེར་གྱི་འཚོ་བའི་ཐད་ནས་སྐྱོན་བརྒྱབས་ན་སྒེར་དབང་ལ་བྱུས་གཏོགས་སུ་འགྲོ་ཉེན་ཆེན་པོ་ཡོད་པ་རེད། འདིའི་ཐད་ནས་རྗེས་མ་ས་མཚམས་ཅུང་གསལ་ཁ་ཡོད་པའི་བསམ་ཚུལ་ཞིག་འབུལ་རྒྱུར་འབད་བརྩོན་བྱ་གི་ཡིན།

    དྲ་གྲོགས་ཚོས་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པ་དང་། མཁས་བླུན་གྱི་དབྱེ་བ་མེད་པར་མི་སུ་ལའང་དོན་མེད་ཀྱི་མཚང་འབྲུ་བ་དང་དོན་མེད་གཤེ་བ་སོགས་མི་གནང་བར་ཞུ།

    Reply
  3. རྟ་རྫི་གདོང་ནག says:
    ལོ་ 15 སྔོན།

    བགྲོ་གླེང་བྱས་པ་ནི་ཡར་རྒྱས་ཡོང་ཆེད་ཡིན་རྒྱུ་རེད།
    ག་དུས་ཡིན་ཡང་ང་ཚོར་མཁོ་བའི་འབྲས་བུ་རག་པར་འབད་བརྩོན་བྱ་རྒྱུ་ནི་གལ་ཆེ།དེ་མིན་རྩོད་པ་ཁོ་ན་བྱས་བསྡད་ན་ཕན་ཐོགས་པ་ལས་ཕན་ཚུན་ཁོང་ཁྲོས་རྒྱགས་ཏེ་སེམས་འཁྲུག་རྒྱུ་རེད།་མ་རེད་དམ།

    Reply
  4. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    གཅན་བཟོད་རྒྱམ་ལགས།་་ཁྱོད་རང་དྲ་ཚིགས་འདིའི་ཁྲིམས་དཔོན་མ་རེད་དམ།་་ཁྱོད་སོང་ནས་རྩོད་རྙོག་འདུམ་འགྲིག་སྐད་གཏོང་ཟེར་ན་ག་རེ་རེད།་་ངས་བལྟས་ན་རྩོད་རྙོག་གི་རིགས་ང་ཚོས་ཁྲིམས་ཐོག་ནས་ཐག་གཅོད་བྱས་ན་འགྲིག་་་་ཀུ་རེ་ཡིན།་་་ཁྱོད་ལ་དམག་མི་དང་ཉེན་རྟོག་པ་མེད།་་ཐ་མ་ཁྱོད་རང་ཁྲིམས་ཁང་དུ་བསྐྱལ་བཞག་ན་སུས་བདག་པོ་རྒྱག་་

    Reply
  5. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    མཁས་པའི་བགྲོ་གླེང་ཚོགས་འདུ་ལ་སོགས་པ།།
    ཅི་ཙམ་མང་ན་གལ་ཆེན་ཡིན་པའི་སྐོར།།
    ༸གོང་ས་སྐྱབས་མགོན་ཆེན་པོའི་ལན་མང་གསུངས།།
    འདི་རིགས་ཡར་རྒྱས་འགྲོ་བའི་ཐབས་ལམ་རེད།།
    འདི་རིགས་བསམ་བློ་རྒྱས་པའི་རྟགས་མཚན་རེད།།
    བསྒྲུབ་པའི་ལག་ལེན་ཆེན་པོ་མ་བྱུང་ཡང་།།
    བཤད་གླེང་ཙམ་ཡང་ད་ལྟར་ཤིན་ཏུ་མཁོ།།
    གཞིས་བཞུགས་བོད་ནའང་བགྲོ་གླེང་གང་ཐུབ་འབད།།
    བཙན་བྱོལ་གཞུང་གི་ཚོགས་སྡེ་གཞན་པའི་ཀྱང་།།
    རིག་གནས་ཆབ་སྲིད་བགྲོ་གླེང་གོ་སྒྲིག་གིས།།
    གཞོན་སྐྱེས་ཚོ་ལ་བསམ་ཚུལ་ཤོད་པའམ།།
    ཡང་ན་ཉན་པའི་གོ་སྐབས་བསྐྲུན་ཐབས་ན།།
    འདི་ལས་ལྷག་པའི་དགེ་ཕན་ཆེན་པོ་མེད།།
    དེ་བཞིན་རིག་བཟང་དྲ་གྲོགས་རྣམ་པས་ཀྱང་།།
    བགྲོ་གླེང་གང་ཞིག་གནང་བའི་བརྗོད་བྱ་ལ།།
    མཁས་པའི་བསམ་ཚུལ་བཤད་ན་མི་ལེགས་སམ།།
    དོན་གྱི་འབྲས་བུ་བཟང་པོ་རྒྱང་གཡུག་ནས།།
    ཚིག་གི་ལོ་མས་ཕན་ཚུན་ཟུར་ཟ་སོགས།།
    གང་ཡང་དགེ་ཕན་ཆེན་པོ་མ་མཐོང་བས།།
    ད་ནི་དྲ་གྲོགས་མི་རབས་གསར་བའི་དཔུང་།།
    གདོང་དམར་བོད་ཀྱི་ཐ་སྙད་གཅིག་གི་འོག།།
    ང་ཚོས་དོན་དངོས་གླེང་བའི་གོ་སྐབས་འཚོལ།།
    ང་ཚོས་དོན་དངོས་བཙལ་བའི་གོ་སྐབས་འཚོལ།།
    དེ་མིན་ཁྱོད་ལ་མེད་རབས་མིག་རབས་སོགས།།
    འདས་པ་རྐྱང་རྐྱང་བགྲང་ནས་སུ་ལ་ཕན།།
    རྩུབ་མོ་ཚིག་གིས་གཞན་སེམས་འཁྲུག་འགྱུར་ཞིང་།།
    བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་ཉམས་འགྱུར་བས།།
    ཞེས་བའི་བསླབ་བྱ་ཟབ་མོར་དགོངས་པ་བཞེས།།

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ང་སོང་ནས་རྩོད་རྙོག་འདུམ་སྒྲིག་ཁང་གི་ལས་བྱེད་དེ་ཚོར་སྐད་བཏང་ནས་ཡོང་གཱ ཏོག་ཙམ་ཨེ་དྲག་ནང་།

    Reply
  7. ཁ་བ་དཀར་པོ། says:
    ལོ་ 15 སྔོན།

    སྤྱིར་ན་སྐབས་འདིའི་བརྗོད་གཞི་ནི་ཟམ་གདོང་ཚང་མཁས་པ་ཡིན་མིན་དེ་མིན་པར། ཐ་སྙད་གསར་བ་བེད་སྤྱོད་ཀྱི་ཐད་ནས་གླེང་མོལ་བྱེད་ས་ཞིག་རེད། འདི་ལ་ངས་དགོངས་དག་ཀྱང་ཞུ་གིན་ཡོད།

    Reply
  8. ཁ་བ་དཀར་པོ། says:
    ལོ་ 15 སྔོན།

    མི་ཉག་པ་ལགས། ང་དང་ང་ལྟ་བུའི་མི་ཀླེན་པ་དག་གིས་མ་མཐོང་ཞིང་ཁྱེད་ཀྱིས་མཐོང་བའི་ཟམ་གདོང་ཚང་གི་འཆད་རྩོད་རྩོམ་པའི་ཡོན་ཏན་གང་དང་གང་ཡོད་འདིར་ཏོག་ཙམ་ངོ་སྤྲོད་ཅིག་བྱེད་རོགས། དེང་རབས་ཀྱི་མཁས་པ་ཟེར་དུས་གཙོ་ཆེ་བ་བརྩམས་ཆོས་ཀྱི་སྟེང་ནས་འཇོག་གིན་ཡོད་པས་གཙོ་བོ་ཟམ་གདོང་ཚང་མཁས་པར་བགྲང་བྱེད་ཀྱི་རྩོམ་ཡིག་དག་གི་མིང་རེ་རེ་བཞིན་རྗོད་དང་།

    Reply
  9. chokri nyima says:
    ལོ་ 15 སྔོན།

    གནང་དང་

    Reply
  10. chokri nyima says:
    ལོ་ 15 སྔོན།

    ཁ་བ་དཀར་པོ་ལགས།
    ཐ་སྙད་གསར་པའི་སྐོར་ཉམ་མྱོང་ཡོད་པ་རྣམས་གཅིག་གསུངས་རོགས་གནས་དང།

    Reply
  11. chokri nyima says:
    ལོ་ 15 སྔོན།

    ཤ་ཁྲག་རུས་གསུམ་ལགས།
    སྔོན་ཆད་མཁས་དབང་ཟམ་གདོང་བླ་མས་ཀམ་པུང་དྲར་ཞེས་བརྗོད་ན་བདེ་རབས་དང་ཡག་རབས་གསུངས་མྱོང་བ་རེད་པས།

    ཁྱེད་ཀྱིས་ལུགས་ལྟར་ན་གློག་ཀླད་ཞེས་འབོད་ན་བདེ་རབས་དང་ཡག་རབས་ཇི་གསུངས་རྒྱུ་ཡོད་དམ།

    Reply
  12. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    སྔོན་ཆད་མཁས་དབང་ཟམ་གདོང་བས་གློག་ཀླད་ཀྱི་མིང་ལ་ཀམ་པོར་ཀྲར་ཟེར་ནས་བཞག་པ་ཡིན་ན་བདེ་རབས་ཡིན་རབས་གསུངས་པ་ལྟར་ཞིག་ཐག་གཅོད་བྱས་པ་ཞིག་མིན་པའི་རེ་བ་ཡོད་ལ། ཐག་གཅོད་གང་བྱས་པ་དེ་དག་ནས་ཡིག་ཐོག་ནས་ལུས་འགྲོ་བའི་ཤེས་ཡོན་སྲིད་ཇུས་གཏན་འབེལ་ཞུས་པ་ལྟ་བུ་ཞིག་ཆགས་ནས་ལོ་ངོ་ལྔ་བཅུ་རྗེས་སུ་མི་རབས་གསར་བ་ཞིག་གིས་སླར་ཡང་བགྲོ་གླེང་བྱེད་དགོས་པ་ཞིག་མི་ཆགས་པར་ཤོག དེ་རིང་གྲོས་ཆོད་བཞག་པ་དེ་དག་དེ་རིང་ནས་དུས་ཚོད་དམ་འཛིན་བྱས་དེ་ལག་ལེན་དུ་ཡོང་བར་སྨོན།

    Reply
  13. chokri nyima says:
    ལོ་ 15 སྔོན།

    ཆུ་ཐིགས་སྔོན་མོ་ལགས་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  14. chokri nyima says:
    ལོ་ 15 སྔོན།

    སྟོབས་ཆེན་བོད་རྒྱལ་ཁབ་ཀྱི་མི་རིགས་འདི་ནི་། ད་ལྟར་ཆ་འཛམ་གླིང་རྒྱལ་ཁབ་༣༨་ནང་ཡོད་པའི་མི་རིགས་ཞིག་གི་སྐད་ཡིག་ཡིན་དུས་བོད་མི་སྤྱི་དང་མཐུན་པའི་ཐ་སྙད་བེད་སྤྱོད་བྱ་རྒྱུ་གལ་ཆེ་བ་མ་གཏོགས་ཚིག་སྐོམ་ཁ་ལ་བྱང་བའི་མཁས་པ་རེ་གཉིས་ལ་བརྟེན་དགོས་པ་མེད་དོ།

    Reply
  15. chokri nyima says:
    ལོ་ 15 སྔོན།

    གོང་དུ་བཀོད་པ།
    ནིག་ཡོཀ་སོགས་སུ་འབྲི་སྲོལ་འདི་རིགས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་ཐ་སྙད་གཅིག་གྱུར་ལ་གནོད་པ་སོགས་བརྡ་དང་ཐ་སྙད་ཀྱི་སྐོར་དང། ཞེས་གསུངས་པའི་ནིག་ཡོཀ་ཞེས་ཐ་སྙད་འདིས་བོད་ཕྱི་ནང་གཉིས་ཀྱིས་ཐ་སྙད་གཅིག་གྱུར་ཡོང་ཐབས་ལ་གནོད་ཟེར་པ་དེ་ནི་མིང་བརྡ་ཡིས་ཁྱབ་ཕྱོགས་དང་སྤྱི་ཚོགས་ཀྱིས་ཁ་ཕྱོགས་ལ་མ་ཤེས་པ་དོན་མེད་རི་བོང་གནམ་རྡིབ་ཀྱི་སེམས་འཁྲུལ་ཞིག་ཏུ་མཐོང།
    མ་ཟད་ནིག་ཡོཀ་ཞེས་པའི་ཐ་སྙད་དེ་སོར་བཞག་མ་བྱས་པ་རྒྱ་མི་སྐད་ནས་དན་ལོ་ཞེས་པ་དེ་གློག་ཀླད་བསྒྱུར་པ་ནང་བཞིན་ནིག་ཡོ་ཀུ་ཞེས་པ་དེ་དོན་སྒྱུར་བྱེད་ནས་སྒོང་ངའི་སེར་རིལ་གསར་པ་ཞེས་ཐ་སྙད་བསྒྱུར་པ་ཡིན་ན་བོད་ཕྱི་ནང་གཉིས་གོ་བརྡ་མི་འཕྲད་པ་མ་ཟད་འཛམ་གླིང་སྤྱི་དང་ཡང་གོ་བརྡ་འཕྲད་རྒྱུ་ཧཧཧཧཧཧཧ

    Reply
  16. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    མཁས་པ་ཚོ་ནམ་ཡིན་ཡང་གང་སར་འཚོགས་ཀྱི་ཡོད་པ་རེད།་་་ཡིན་ནའང་དོན་གནད་སྨིན་པ་ཞིག་བྱུང་མྱོང་མེད། དེ་ལས་ཐ་མག་ཅིག་འཐེན་ཞོར་དུ་སྲང་ལམ་གྱི་ཅ་ཅོ་ཉན་ན་ཡག་ཤོས་མ་རེད་དམ

    Reply
  17. chokri nyima says:
    ལོ་ 15 སྔོན།

    མཁས་དབང་རྣམ་པ་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  18. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    གང་ལྟར་ཅི་ཞིག་ཐག་ཆོད་བྱུང་ཡོད་ན། ཚོགས་འདུའི་གྲུབ་འབྲས་གང་ཡི་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese