མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙོན་ཁང་ནག་པོ་ཡོད་པར་ངོས་ལེན་བྱས་པ་རེད་དམ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་གཞུང་འབྲེལ་དུས་དེབ་ཅིག་གིས་པེ་ཅིན་དུ་གསང་བའི་བཀར་ཉར་ཁང་ཡོད་ལ། དེ་དག་གིས་རྒྱ་ནག་གི་མི་སེར་རྣམས་བཙན་ཁྲིད་ཀྱིས་བཀག་ཅིང་མཚམས་རེར་རྡུང་རྡེག་སོགས་བཏང་སྟེ། མི་སེར་དེ་དག་ལ་གཞུང་འབྲེལ་ཐོག་དབུས་གཞུང་ལ་ཞུ་གཏུགས་བྱེད་འཇུག་གི་མེད་སྐོར་བྲིས་འདུག

གོང་གི་སྙན་ཐོ་འདི་ནི་རྒྱ་ནག་གཞུང་འབྲེལ་དུས་དེབ་ Liaowang ཞེས་པ་དེའི་སྟེང་བཀོད་འདུག་ལ། དུས་དེབ་འདིའི་སྟེང་རྒྱ་ནག་གི་གཞུང་གི་ཕྱོགས་གཏོགས་སུ་འབྲི་བ་དང་ཞིན་ཧྭ་གསར་ཁང་གིས་འགྲེམས་སྤེལ་བྱེད་ཀྱིན་ཡོད།

གོང་གི་གནས་ཚུལ་དེ་ལེའོ་ཝང་དུས་དེབ་དང་ཞིན་ཧྭ་དྲ་རྒྱ་གཉིས་ཀའི་སྟེང་བཀོད་ཡོད་འདུག

རང་དབང་གི་ལས་འགུལ་བ་སྐོར་ཞིག་ལ་མཚོན་ན། ནམ་རྒྱུན་གཞུང་གིས་འགོག་སྡོམ་བྱེད་ཀྱིན་པའི་གནས་ཚུལ་ཞིག་གཞུང་འབྲེལ་བརྒྱུད་ལམ་དུ་བཀོད་པ་དེ་ནི་གཅིག་བྱས་ན་རྒྱ་ནག་དམར་ཤོག་མགོ་ཁྲིད་དག་གིས་ད་བར་དུ་ངོས་ལེན་བྱེད་ཀྱིན་པ་དེ་དག་ལ་ཡོངས་ཁྱབ་ཀྱིས་ངོས་ལེན་བྱ་རྒྱུའི་གོ་བརྡ་ཞིག་ཡིན་སྲིད་པའི་རེ་བ་བྱེད་ཀྱིན་ཡོད་འདུག

རྒྱ་ནག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་ཉམས་ཞིབ་ལས་རོགས་ཝང་སུང་ལེན་གྱིས་བཤད་དོན། ཁོང་ཚོས་ད་བར་དུ་རྒྱ་ནག་ནང་ལ་བཙོན་ཁང་ནག་པོ་ཡོད་པར་ངོས་ལེན་བྱེད་ཀྱིན་ཡོད་པ་མ་རེད། འདི་ནི་ཐོག་དང་པོར་གཞུང་འབྲེལ་གྱི་དུས་དེབ་གྲགས་ཅན་ཞིག་གིས་རྒྱ་ནག་ཏུ་བཙོན་ཁང་ནག་པོ་ཡོད་པར་ངོས་ལེན་བྱས་པ་རེད། དེ་བས་འདི་ལ་གནད་འགག་ཆེན་པོ་ཞིག་ཡོད་ངེས། ཟེར།

གོང་གི་རྩོམ་ཡིག་དེ་ནི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་པེ་ཅིན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་གླེང་སྟེ་ཕྱིན་རྗེས་ཀྱི་བདུན་ཕྲག་གཅིག་གི་འཕྲོ་ནས་དུས་དེབ་དང་དྲ་ངོས་སུ་བཀོད་ཡོད། བདུན་ཕྲག་གཉིས་ཀྱི་སྔོན་ལ་ཨ་རིིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་ནང་དུ་བཙོན་ཁང་ནག་པོ་ཡོད་སྐོར་གྱི་སྙན་ཐོ་དེ་བཏོན་པ་རེད།

ཧོང་ཀོང་དུ་ཡོད་ཅིང་རྒྱ་ནག་གི་གསར་འགོད་བརྒྱུད་ལམ་སྟེང་ལ་ཞིབ་འཇུག་བྱེད་མཁན་སྐུ་ཞབས་ ཌ་ཝེ་ཌི་ བྷན་ཌུར་སུ་ཀེ་ ཞུ་བས། རྒྱ་ནག་གི་ལེའོ་ཝང་དུས་དེབ་སྟེང་བཀོད་པའི་རྩོམ་ཡིག་འདི་ནི་ཀྲུང་དབྱང་གི་མགོ་ཁྲིད་ཚོའི་ནང་ཁུལ་གྱི་ཐད་ཀའི་རྣམ་འགྱུར་ཞིག་ཡིན་ངེས། འདི་ལ་གཟབ་ནན་གྱིས་བསམ་བློ་གཏོང་དགོས་པ་ཞིག་རེད། འདི་ནི་དབུས་གཞུང་གི་མགོ་ཁྲིད་ཚོས་དུས་དེབ་འདི་བརྒྱུད་དེ་བརྡ་ལན་ཞིག་སྤྲོད་ཀྱིན་པ་རེད་ཅེས་བཤད་ནའང་ཆོག་པ་ཞིག་རེད་ཅེས་བརྗོད་འདུག

ཁོས་མུ་མཐུད་ནས་ཉེན་བརྡ་བཏང་དོན། ཡིན་ཡང་བརྡ་ལན་འདི་ཅི་ཞིག་ཡིན་པ་དང་གཞུང་གི་མགོ་ཁྲིད་ཚོས་ག་རེ་སྒྲུབ་རྩིས་ཡིན་མིན་ནི་བཤད་ཚོད་ཐིག་པ་ཞིག་མ་རེད་ཟེར།

 

༼པར་གྱི་མཆན། གོང་གི་པར་འདི་ནི་ཕྱི་ཚེས་ ༡༡ ཉིན་གྱི་པར་རེད། པར་གྱི་བདག་དབང་ནི་ཨེ་པེ་གསར་ཁང་གི་ Elizabeth Dalziel ཞུ་བ་དེ་རེད། པེ་ཅིན་གྱི་བཙོན་ཁང་ནག་པོ་ཞིག་གི་ནང་དུ་མི་ཞིག་གོམ་པ་བརྒྱབས་ནས་ཡོང་ས་འདིའི་ནང་དུ་རྒྱ་མོ་ལོ་གཞོན་ཞིག་གིས་མོ་རང་བཀག་ཉར་བྱས་པ་མ་ཟད། བཙན་གཡེམ་བཏང་ཚུལ་བཤད་འདུག༽

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

ཆུ་ཚོད་ ༡༢ སྔོན་ལ།
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༧ སྔོན་ལ།
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

༢༠༢༦/༠༥/༣༡
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩

མཆན། 8

  1. འབྲོག་ཁྱི། says:
    ལོ་ 17 སྔོན།

    དངོས་གནས་སྔར་འབའ་བ་ཕུན་ཚོགས་དབང་རྒྱལ་མི་ལོ་ཅོ་བརྒྱད་བཙོན་ཁང་དུབཞུགས་སྐབས་མི་ལོ་དྲུག་བདུན་ཞིག་གི་རིང་ལ་ཉི་འོད་མཐོང་མ་ཐུབ་པརབཞུགས་ཡོད་འདུག་སྐབས་དེ་དུས་ནས་འདི་ལྟར་བུའི་བཙོན་ཁང་མང་དག་ཅིག་ཡོད་པ་ངས་སྔར་མོ་ནས་ཚོད་དཔག་བྱེད་ཐུབ་ཀྱིས་ཡོད་དེ་རིང་འདི་ལ་ཧང་སང་དགོས་དོན་མི་འདུག་སྙམ།

    Reply
  2. ཨ་ལ་ལ says:
    ལོ་ 17 སྔོན།

    བཙོན་ཁང་ནག་པོ་ཟེར་ན་མ་ཟེར་ན་དོན་ལ་མུན་བཙོན་རེད་འདུག་ག སྔར་ནས་བོད་ལ་མུན་བཙོན་ཞེས་པའི་ཐ་སྙད་ཡོད་སྟབས་སྐབས་འདི་དག་ཏུ་ཐ་སྙད་ལ་དོ་སྣང་བྱེད་དགོས།

    Reply
  3. གྲགས་པ་རྒྱ་མཚོ། says:
    ལོ་ 17 སྔོན།

    རྒྱ་ནག་གི་བཙོན་ཁང་དུ་འོད་ཅུང་ཟད་ཙམ་གྱི་ཡང་མཐོང་ས་མེད། བཙོན་ཁང་ནས་ཐོན་སྐབས་མིང་ལོང་བ་ཆགས་དགོས་པའི་རྒྱུ་མཚན་ཀྱང་དེ་རེད། དབྱར་ཁ་དང་དགུན་ཁ་གཉིས་ཆར་ས་ཐོག་རྡོ་སྟེང་དུ་ཉལ་དགོས་ཀྱི་ཡོད།

    Reply
  4. འབྲོག་ཁྱི། says:
    ལོ་ 17 སྔོན།

    དྲ་གོྲགས་བློ་བྷེ་ལགས་་་་་་་བཙན་འབྱོར་སྤྱི་ཚོགས་ཀྱི་བྱ་བ་བཟང་ངན་གང་འདྲ་ཞིག་ཡིན་ཡང་གཞིས་ལུས་རྒྱ་ཆེར་མི་མང་གི་ཤེས་རྟོག་ཐུབ་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རིད་སོང་ཙམ་ཉེ་སྔོན་གྲོས་ཚོགས་ཐེང་བརྒྱད་པའི་འོད་ལྡེར་དེ་གཞིས་བཞུགས་སྤུན་ཟླ་རྣམས་པས་གཟིགས་ཐུབ་ཡ་དེ་ཡག་པོ་བྱུང་འདུག། སྤྱིར་གྲོས་ཚོགས་ཐེང་བརྒྱད་པའི་སྐབས་ཀྱི་རྩོད་རྙོག་དེ་སྤྱི་ཚོགས་འདིའི་ནད་གཞི་རྙེང་པ་བཅོས་བྱེད་ཀྱི་བཟང་དྲུག་ཞིག་དང་མ་འོང་པར་ལམ་བསྟོན་གསར་པ་ཞིག་ཏུ་འགྱུར་རྒྱུ་ལས་ནད་གཞི་སྐྱར་གསོ་དང་མ་འོང་པར་གཏོར་བཤེག་གི་ཆ་རྐྱེན་དུ་མི་འགྲོ་བའི་ཡིད་ཆེས་བྱིད་བཞིན་ཡོད། ངས་དེ་རིང་འདི་བྲིས་ན་ཁ་གྱོང་རག་སྲིད་ས་ཡིན་ན་ཡང་རང་གི་བསམ་ཚུལ་འདོན་པ་ལ་ཁ་གྱོང་རེག་ན་ཡང་གེ་མི་འདུག་ག།

    Reply
  5. རྭ་ལོ། says:
    ལོ་ 17 སྔོན།

    གོང་གི་མཆན་འདི་གསུམ་གྱི་བཟོ་ལྟར་ཅིག་ལྟོས་དང་། ག་དུས་ཡིན་ཡང་ཁ་དཀྱོགས་ལ་འཁྱེར་འགྲོ་གི་རེད། གླེང་སའི་འབྲེལ་ཡོད་ཀྱི་གནས་ཚུལ་དང་བསམ་ཚུལ་ནང་དུ་གླེང་གི་མ་རེད། དེ་རིང་རྒྱ་ནག་ནང་གི་གསང་བའི་བཀག་ཉར་ཁང་དང་བཙོན་ཁང་གི་སྐོར་གླེང་སྐབས་དགོས་མེད་ཀྱི་དོན་དག་འདི་ལྟ་བུ་འཁྱེར་ཡོང་གི་རེད།

    ངས་འདི་ནས་འདྲི་རྒྱུ་ཞིག་ལ། གོང་གི་གནས་ཚུལ་འདིའི་ཁུངས་གང་ཡིན་ནམ། ཞིན་ཧྭ་དྲ་རྒྱའི་སྟེང་ནས་བརྙེད་མ་སོང་། ལེའོ་ཝང་གི་དྲ་གནས་སྟེང་དུའང་མེད་པ་འདྲ། ཡང་མིན་ན། ཁོང་ཚོས་བསུབས་བཏང་བ་མིན་ནམ།

    Reply
  6. མེ་སྟག says:
    ལོ་ 17 སྔོན།

    བཙན་འབྱོར་སྤྱི་ཚོགས་ཀྱི་ཟུར་ཅིག་ཤེས་རྟོགས་བྱུང་ཡོད

    Reply
  7. མེ་སྟག says:
    ལོ་ 17 སྔོན།

    འོ་དེ་འདྲ་ཡིན་ན་ཁོང་ཚོས་ཡང་བཙན་འབྱོར་སྤྱི་ཚོགས་ཀྱི་ཟུར་ཤེས་རྟོགས་བྱུང་ཡོད་ནི་རེད། གནས་ཚུལ་གང་འདྲ་ཞིག་ཡིན་ནའང་ཁོང་ཚོར་ཁ་གསལ་གཏིང་གསལ་ཞིག་བྱུང་ན་བཟང་གི་རེད་བསམ་
    དེ་འདྲ་མ་རེད་དམ་་་་

    Reply
  8. བློ་བྷེ། says:
    ལོ་ 17 སྔོན།

    ད་ཅི་དྲག་བོད་ནང་གི་རྒྱལ་གཅེས་པ་དེ་ཚོ། ངོ་མ་ཧ་ལས་པ་ཞིག་རེད། འོན་ཀྱང་དེང་སང་ལྷ་སའི་ནང་དུ་ཉེ་ཆར་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་སྐྱོང་མ་ཐོབ་པའི་བརྙན་ཕྲིན་དེར་བོད་མི་རྣམས་ཀྱིས་ཚངཀ་ཤིག་ཤིག་གིས་བལྟ་བཞིན་འདུག་ཟེར་བ་ཁ་སང་ལྷ་ས་ན་ཁ་པར་བརྒྱུད་གོ་བྱུང༌། དྲྭ་ གྲོགས་རྣམ་པས་གསན་ཨེ་ཡོད་ན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese