མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་རྐྱེན་དེ་ལྟ་བུ་འབྱུང་སྲིད་པ་རེད།

བོད་ཀྱི་དུས་བབ།
༢༠༠༩/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ལུང་པ་དེ་ང་ཚོ་རྒྱ་གར་གཅིག་པུའི་མིན་པར་ང་ཚོ་ཚང་མའི་ཁྱིམ་གཞིས་ཆགས་ཡོད་སྟབས། མ་འོངས་པར་ང་ཚོ་མཉམ་རུབ་ཀྱིས་རང་ས་སྲུང་སྐྱོབ་དང་དྲག་སྤྱོད་པ་སོགས་ལ་དོགས་ཟོན་བྱ་དགོས་པ་རེད་ཟེར།

ཕྱི་ཚེས་ ༢༦ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༦ པའི་སྟེང་ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་མེག་གྷན་རླངས་འཁོར་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་དུ་མར་མེ་ཁྲོམ་སྐོར་ཞིག་གནང་ཡོད་ལ། ཐེངས་འདིའི་མར་མེ་ཁྲོམ་སྐོར་ནི་འདས་ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༢༦ ཉིན་འཇིགས་སྐུལ་རིང་ལུགས་པས་རྒྱ་གར་མུམ་བྷེ་གྲོང་ཁྱེར་གྱི་མགྲོན་ཁང་ཆེན་མོ་ཞིག་ལ་འགད་རྫས་གཏོར་ཏེ་ཉེན་རྟོག་པ་དང་ཡུལ་མི་ ༡༧༠ ལྷག་གི་ཚེ་སྲོག་ཤོར་བ་དང་། མི་ ༡༠༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་བྱུང་སྟེ་ལོ་གཅིག་འཁོར་བ་དང་། བོད་གཞུང་མང་བཙན་བྱོལ་ཏུ་འབྱོར་ནས་མི་ལོ་ཧྲིལ་བོ་ ༥༠ འཁོར་དེ་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ལེགས་གསོལ་ཞུ་བའི་དུས་དྲན་སྲུང་གཙི་དང་སྟབས་བསྟུན་དེ་རྒྱ་གར་གཞུང་དམངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་གོ་སྒྲིག་བྱས་པ་རེད།

མར་མེ་ཁྲོམ་སྐོར་དེའི་ཐོག་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རྗེ་སེན་མཆོག་གིས། དེ་རིང་ངྷ་སར་གནས་སྡོད་བོད་པ་དང་རྒྱ་གར་བ། དེ་བཞིན་ཕྱི་གླིང་བ་སོགས་འདིར་འཛོམས་དགོས་པའི་དམིགས་ཡུལ་ནི།  སྔར་ལོའི་འཇིགས་སྐུལ་རིང་ལུགས་པའི་ནག་ཉེས་ལས་བྱུང་བའི་ཚེ་འདས་མི་མང་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་རེད། དོན་རྐྱེན་དེ་སྔར་ལོར་མུམ་བྷེ་གྲོང་ཁྱེར་དུ་བྱུང་ཡང། མ་འོངས་པར་ང་ཚོ་འདུས་སྡོད་ཀྱི་གནས་འདིར་ཡང་འབྱུང་མི་སྲིད་པ་མིན་སྟབས། ཚང་མས་གཟབ་གཟབ་གནང་རྒྱུ་གལ་ཆེན་པོ་རེད། གནས་འདིར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བྱིན་རླབས་ཡོད་ཀྱང་། ང་ཚོས་ས་ཆ་གང་ནས་ལས་ཀ་ཅི་ཞིག་སྒྲུབ་ཀྱང་། ནོར་འཁྲུལ་གང་ནས་བྱུང་མིན་ལ་བལྟ་རྒྱུ་གལ་ཆེན་པོ་རེད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ནམ་རྒྱུན་གྱི་བཀའ་སློབ་ནང་ཐ་མ་ནག་པོ་འཐེན་མི་རུང་བའི་སྐོར་གྱི་བཀའ་སློབ་གནང་གིན་ཡོད་པ་ལྟར། སྤྱོད་ངན་གྱི་ལས་དེ་དག་ལ་བརྟེན་ནས་ཁོང་ཁྲོ་དང་དྲག་སྤྱོད་སོགས་ཁྲིམས་འགལ་གྱི་བྱ་བ་དག་རིམ་གྱིས་འཕེལ་བ་མ་ཟད། དེ་དག་དྲག་སྤྱོད་པ་ཡོང་བའི་རྐྱེན་དུ་འགྱུར་སྲིད་པས་ང་ཚོས་དེ་དག་ལ་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་། ཡང་ཁོང་གིས། རྒྱ་གར་ལུང་པ་དེ་ང་ཚོ་རྒྱ་གར་གཅིག་པུའི་མིན་པར་ང་ཚོ་ཚང་མའི་ཁྱིམ་གཞི་ཆགས་ཡོད་སྟབས། མ་འོངས་པར་ང་ཚོ་མཉམ་རུབ་ཀྱིས་རང་ས་སྲུང་སྐྱོབ་དང་དྲག་སྤྱོད་པར་དོགས་ཟོན་བྱ་དགོས་པ་རེད། ཅེས་བརྗོད་བྱུང།
 
ཐེངས་འདིའི་མར་མེ་ཁྲོམ་སྐོར་ཐོག་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་རྗེ་སེན་མཆོག་དང་ངྷ་ས་ས་གནས་འགན་འཛིན་ཚེ་རིང་ཕུན་ཚོགས་གཉིས་གཙོ་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་ངྷ་སར་གནས་སྡོད་རྒྱ་གར་བ་དང་བོད་པ་བཅས་མི་གྲངས་ ༡༠༠  ལྷག་འདུ་འཛོམས་བྱས་ཏེ་རྐྱེན་ལམ་དུ་ཕྱིན་མཁན་རྣམས་ཀྱི་ཆེད་དུ་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེ་ཁྲོམ་སྐོར་དང་གསོལ་བ་སྨོན་ལམབཏབས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

ཆུ་ཚོད་ ༢༡ སྔོན་ལ།
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༢༣ སྔོན་ལ།
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

ཆུ་ཚོད་ ༢༣ སྔོན་ལ།
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 11

  1. འགྱུར་མེད says:
    ལོ་ 17 སྔོན།

    མར་མེ་ཕྲེང་སྐོར་བཀོད་བསྒྲིགས་པ་རྣམས་ལ་ཐུགས་རྗེ་ཆེ།།
    ཡིན་ཡང་རང་ལ་ནུས་པ་ཡོད་པ་ཡིན་ན་བོད་དུ་ཞི་བའི་ངོ་རྒོལ་ཞུགས་ནས་དེ་སངས་ག་འགྲོ་འདི་འགྲོ་མེད་ནས་རང་གི་ཤ་ཕྲག་ཅིག་པའི་བོད་མི་མང་ཙམ་རི་འཁྱམས་ལུང་འཁྱམས་བྱས་ནས་བཀབ་བསྡོད་ཡོད་པར་རྣམས་ལ་རོགས་ཞིག་བྱ་དང་དེ་རང་དོན་རེད་ལ་རྒྱུ་ཡང་དོན་མེད་དུ་མི་འགྲོ་པ་ལའང་ཕན་པོ་འདུག་བསམ།
    རང་ལ་གྱོན་གོས་མེད་པའི་བག་འགོ་ཞིག་མི་གཞན་ལ་གྱོན་གོས་དང་རྒྱུ་ནོར་སྦྱིིན་མདོག་བྱས་ན་དེ་ནི་འཕྱག་སྨད་ཀྱི་གནས་ལས་གཞན་གང་ཡང་མ་མཐོང་བསམ།་

    Reply
  2. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    དྲ་གྲོགས་མི་ཉག་སྐལ་བཟང་ལགས།
    དྲང་པོ་བྱེད་ན་མྱི་མི་དགའ། དབྱུག་པ་ཕྱར་ཁྱི་མི་དགའ་ཞེས་ཟེར་སྲོལ་ཡོད་པ་བཞིན་ང་རང་གཉིས་ཀྱི་སྐད་འདི་དྲང་པོ་ཡིན་ཡང་མི་གཞན་གྱི་སྣང་བ་འགྲོ་དཀའ་མོ་རེད་ལྭོ། བསམ་ཚུལ་གཅིག་པ་དགའ་པོ་བྱུང་།
    ཚེ་རིང་ལྭོ།

    Reply
  3. མི་ཉག་སྐལ་བཟང་། says:
    ལོ་ 17 སྔོན།

    རྒྱ་གར་གྱི་ས་ཐོག་ཏུ་བསྡད་བཅུག་པ་ཙམ་གྱིས་བཀྲིན་ཆེན་པོ་རེད་བསམ་མི་ཉན། ང་ཚོར་བསྡད་ས་མེད་པ་མིན། ང་ཚོར་བསྡད་ས་ཙམ་མེད་ནི་མི་ཡུལ་དུ་གྱར་བ་ག་ལ་ཡིན།

    Reply
  4. མི་ཉག་སྐལ་བཟང་། says:
    ལོ་ 17 སྔོན།

    དྲ་གྲོགས་ཅོ་རི་ཉི་མ་ལགས། ངའི་ཁྱོད་ཀྱི་གནས་ལུགས་རྒྱུ་མཚན་དག་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཏག་ཏག་ཡོད། དྲང་པོ་བཤད་ན་རྒྱ་གར་དང་རྒྱ་ནག་གཉིས་ལ་ཁྱད་པར་ཅི་ཡང་མི་འདུག་སྙམ། ད་དུང་བལ་ཡུལ་ལམ་ནེ་པ་ལི་པག་འགོ་གསུམ་ནི་ང་ཚོའི་དགྲ་ཡིན་མ་གཏོགས་གཉེན་མིན། ང་ཚོ་བཙན་བྱོལ་དུ་གྱར་ཏེ་མི་ལྔ་བཅུ་འགོ་དགོས་པ་ཡང་རྒྱ་གར་པག་འགོ་ལ་ཐུག་ཡོད་རེད། པག་འགོ་ནེ་རུས་བཤད་པའི་སྐད་ཆ་དག་དྲན་ཐེངས་རེ་རེར་ངའི་སེམས་ལ་ན་ཟུག་རྒྱག་གིན།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    ཨོ་རེད་གྲོགས་པོ་ཡང་གཅིག་དྲན་བྱུང་སྔོན་མ་རྒྱ་གར་འཕགས་པའི་ཡུལ་ཞེས་ངས་འབོད་མྱོང་ཡོད་དེ་ནས་རྒྱ་གར་ཁུང་ཤེས་ལུང་པ་ཞེས་ཀྱང་འབོད་མྱོང་ཡོད།
    ཡིན་ཡང་མི་འགྲོ་གིན་འགྲོ་གིན་ཉམ་མྱོང་གསོག་གིན་གསོག་གིན་2009་ལ་སླེབས་དུས་རྒྱ་གར་པག་འགོ་ཞེས་འབོད་དགོས་ཐུག་སོང།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    རྒྱ་གར་པག་འགོ་ལུང་པའི་ང་ཅོ་རིས་བློ་གཏད་བཅོལ་སའི་བོད་མི་རྣམས་མེད་པ་བཟོ་སོང་ལ་ངས་ལྟོ་གོས་རེ་སའི་བོད་གཞུང་དེ་ཡང་རྩ་མེད་བཟོ་སོང།
    ང་ཅོ་རི་ལ་དགྲ་བོ་རྒྱ་གར་ནག་གཉིས་ལ་ཁྱད་པ་མེད།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    ཧེ་ཧེ་ཧོར་བུ་ཡེ་ཤེས་ལགས།
    ངས་རྒྱ་གར་ལ་པག་འགོ་འབོད་པ་དེ་རྒྱུ་མཚན་མེད་པ་ཞིག་རྩ་བ་ནས་མིན། ཅི་ཕྱིར་ཞེ་ན་རྒྱ་གར་ཁོ་རང་ལ་ཆ་གཞག་ན་ལོ་གཅིག་གི་ནང་དུ་མི་སེར་ཉམ་ཐག་ག་ཚོད་ལྟོགས་ཤི་རྒྱག་གིན་ཡོད་རེད། གཉིས་ནས་རྒྱ་གར་གྱི་དཔོན་ངན་ཟ་ངོམས་ཅན་རྣམས་ལ་མི་སེར་ཉམ་ཐག་གི་བདེ་སྡུག་ལ་བསམ་གཞི་ག་རེ་ཡོད་རེད་དམ།
    མ་ཟད་ང་ཚོ་བོད་ལ་ཡང་གནོད་པ་ཆེན་པོ་བྱས་མྱོང་ཡོད། ༥༩་ལོ་ནས་ང་ཚོ་ལ་གནས་ཚང་མ་གཡར་ན་ཡག་པོ་ག་འདྲ་ང་ཚོ་ཡང་ནུབ་ཕྱོགས་ཡུལ་གྲུ་ཁག་ཞིག་ལ་གཞི་ཆ་ཡོད་ངེས་རེད། ང་ཚོ་སྔོན་ནས་ནུབ་ཕྱོགས་སུ་གཞི་ཆ་ཡོད་ན་བཙན་བྱོལ་གཞུང་འདི་ཡང་མི་སེར་ལ་ལྟ་སྐྱོང་ཐུབ་པའི་གཞུང་ཞིག་དང་སྤྱི་དངུལ་ལྐོག་ཟ་བྱས་པའི་དཔོན་ངན་མེད་པའི་གཞུང་ཞིག་ཆ་ཡོད་པ་གདོན་མི་ཟ།
    རྒྱ་གར་གཞི་ཆ་ཁག་གི་བོད་མི་རྣམས་ནི་བོད་ནང་གི་མི་ཚང་དྲག་བ་དང་མི་རྒྱུད་ཡག་བ་རྣམས་རེད་སྟེ། དེ་རྣམས་ཀྱི་བུ་ཕྲུག་རྣམས་ལ་གཟིགས་དང་རྒྱ་གར་པག་འགོ་ལུང་པའི་ངན་སྤྱོད་ཚང་བ་མ་གཏོགས་ཡར་རབས་སྤྱོད་བཟང་ཞིག་དང་མི་རིགས་ལ་རྒྱ་ཡོད་པའི་མི་འདྲ་མཐོང་ཡ་འདུག་བས???????????????????????????དེ་འདྲ་ཡིན་ཙ་ངས་རྒྱ་གར་པག་འགོ་འབོད་བཞིན་ཡོད་ལ་མ་འོང་ཡང་འབོད་ཀྱིན་ཡིན་

    Reply
  8. ཧོར་བུ་ཡེ་ཤེས says:
    ལོ་ 17 སྔོན།

    སོ་སོ་གང་དུ་སྡོད་ཡོད་པའི་གནས་ཚང་དག་ལ་བར་ཆད་མི་ཡོང་བའི་རོགས་པ་རེ་་བྱ་ཐུབ་ན་ཡག་པོ་རེད།
    ཅོ་རི་ཉི་མས་རྒྱ་གར་པག་འགོ་ཞེས་པའི་ཚིག་དེ་སྙན་པོ་རང་མི་འདུག་དྲན།དུས་ཚོད་འདིར་ང་རང་ཚོར་པག་འགོ་ནང་ནས་པག་འགོ་ཞིག་ཆགས་སྡོད་ཡོད་པ་རེད།

    Reply
  9. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    རྒྱ་གར་པག་འགོ་འདི་ཚོས་ང་ཚོར་གསར་བ་ལ་སྐྱབས་བཅོལ་གྱི་ལག་ཁྱེར་ཐད་ཆག་ཞིག་ཀྱང་མི་སྤྲོད་པ་ད་དུང་མཉམ་འབྲེལ་དང་མཛའ་འབྲེལ་ཞེས་ཁ་ནས་གཏམ་བཤད་རེ་སྤེལ་ཁུལ་པ་དེ་ཅི་མི་མཚའ་ཁུལ་ཡ། རྒྱ་མི་དབང་ཡོད་བྱེད་དུ་བོད་ལ་རང་བཙན་ཡོད་ན་དྲི་ཀྱིན་ཡོད་འགྲོ

    Reply
  10. འབྲོག་ཁྱི། says:
    ལོ་ 17 སྔོན།

    ཡ་དྲ་གྲོགས་རྣམ་པ་ལགས་་་་ང་ཚོ་བོད་པ་ཚོས་རྒྱ་གར་ས་ཆ་ལ་སྲུང་སྐྱབས་བྱེད་རོགས་བྱས་ན་མི་འགྲིགས་རྒྱུ་མེད་ཀྱང་རང་ས་སྲུང་སྐྱབས་བྱེད་ཅེས་ལབ་ན་འགྲིགས་ཀྱིས་ཡོད་དམ།

    Reply
  11. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    དོགས་གཟོམ་བྱེད་རྟྱུ་གལ་ལོས་ཆེ། ལྷ་མིན་འདྲེ་རུ་བརྫུ་ནས་ཐོན་ཡོང་ན་ད་གཟོད་གྱོང་གུད་རང་གི་མྱོང་རྒྱུ་ལས་མེད་ོད།དོ་དོ་དོ་ད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese