མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལང་ཚོའི་རྦབ་ཆུ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཞི་བའི་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ། ཞེས་པ་དེ་ཉེ་ཆར་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་ནས་ཚོགས་ཡོད་པ་དང་། སྐབས་དེར་བོད་ཁུལ་གྱི་སྙན་ངག་པ་དང་རྩོམ་པ་པོ་སྐོར་ཞིག་ལྷན་འཛོམས་ཀྱིས་སྙན་ངག་གྱེར་འདོན་དང་རྩོམ་རིག་བགྲོ་གླེང་སོགས་གནང་ཡོད་འདུག

 

བོད་ནང་གི་དྲ་གནས་སུ་བཀོད་པའི་གནས་ཚུལ་ལྟར་ན། ཕྱི་ཟླ་ ༡༡ ཚེས་ ༢༧ ནས་ ༢༩ བར་ཉིན་གསུམ་རིང་༼ སྐབས་བཞིོ་བའི་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ་ ༽ཞེས་པ་དེ་མདོ་སྨད་མཚོ་སྔོན་པོའི་འགྲམ་ངོགས་ཀྱི་ནུབ་མཚོ་མཁར་གྲོང་ནས་ཚོགས་ཡོད་པ་དང་། སྐབས་དེར་བོད་ཆོལ་ཁ་གསུམ་གྱི་སྐད་དང་དབྱིན་སྐད་བཅས་ཀྱི་ཐོག་ནས་སྙན་ངག་གྱེན་འདོན་དང་། སྙན་ངག་གི་ནང་དོན་ཐོག་བགྲོ་གླེང་། སློབ་མ་ཚོས་རང་ཉིད་ཀྱི་རྩོམ་རིག་དང་སྒྱུ་རྩལ་ཐད་ཀྱི་ནུས་རྩལ་སོགས་ངོམ་ཡོད་འདུག ཚོགས་ཞུགས་སྐུ་མགྲོན་གཙོ་བོ་སྙན་ངག་པ་ལྗང་བུ་དང་གཅན་མེ་སྟག ཁྱུང་བཟང་། སྐྱབས་ཆེན་བདེ་གྲོལ། མཚོ་བུ་དགའ་བདེ། ཁྱུང་ཐར་རྒྱལ། མོག་ཟླ། མིག་དམར་གཡང་འཛོམས། མཛེས་སེ། ཁྲི་སེམས་དཔའ། མདའ་བཙན་པོ། དགེ་འདུན་ལྷུན་འགྲུབ། ཡེ་ཤེས་ལྷ་སྒྲོན། ཞོགས་ལྗང་། བོང་སྟག་རི་ལུ། ལྡོང་བུ། ཐབས་མཁས། ཀླུ་རྒྱལ་དོན་འགྲུབ། སེང་གེ་རྡོ་རྗེ། འབྲོག་པ་བསམ་གཏན། ཨ་ལོ་རིན་ཆེན་རྒྱལ་བོ། རྡོ་རྗེ་ཚེ་བརྟན། རྡོ་གྲགས། བསོད་ནམས་རྡོ་རྗེ་སོགས་ཡོད་ཅིང་། དེ་མིན་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་སྐུ་ཚབ་དང་སློབ་གྲྭ་ཁག་ཅིག་གི་དགེ་རྒན་བཅས་ཡོད་འདུག

 

༼ སྐབས་དང་པོའི་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ ༽ དེ་དབྱངས་ཅན་མའི་སྒྱུ་རྩལ་གླིང་དང་མཉམ་འབྲེལ་ཐོག ཕྱི་ལོ་  ༢༠༠༣ ཟླ་ ༧ པར་མཚོ་སྔོན་ཟི་ལིང་གྲོང་ཁྱེར་ནས་ཚོགས་ཡོད་པ་དང་། སྐབས་དེར་སྐྱ་སེར་གཉིས་ཀས་བོད་ཆོལ་ཁ་གསུམ་གྱི་སྐད་ཀྱི་ཐོག་སྙན་ངག་གྱེར་འདོན་དང་། ཁམས་པའི་ཞབས་བྲོ་འཁྲབ་ཅིང་། ཨམ་སྐད་ཀྱི་གླུ་གཞས་ལེན་པ། དེང་རབས་མཚོན་དོན་རི་མོ་འགྲེམས་སྟོན། ལེགས་སྦྱར་གྱི་གསུང་བཤད་གནང་བ་སོགས་ཀྱི་བྱ་འགུལ་སྤེལ་ཡོད་འདུག

༼ སྐབས་གཉིས་པའི་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ ༽དེ་མཚོ་སྔོན་རྩོམ་རིག་སྒྱུ་རྩལ་མཐུན་ཚོགས་དང་མཉམ་འབྲེལ་ཐོག ཕྱི་ལོ་ ༢༠༠༥ ཟླ་ ༦ ནང་མདོ་སྨད་མཚོ་སྔོན་པའི་འགྲམ་ངོགས་ནས་བསྐངས་ཤིང་། སྐབས་དེར་སྙན་ངག་པ་རྒན་དར་གཞོན་གསུམ་དང་ཉམས་ཞིབ། རྩོམ་སྒྲིག་པ། དཔྱད་བརྗོད་པ་སོགས་མཇལ་འཛོམས་ཐོག སློབ་འབྲིང་གི་དགེ་སློབ་ཚོས་བགྲོ་གླེང་དང་། འབྲོག་དམངས་ཚོས་གླུ་གཞས་འཁྲབ་སྟོན་སོགས་བྱས་ཡོད་འདུག

༼ སྐབས་གསུམ་པའི་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ ༽དེ་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་དང་མཛོད་དགེ་སྟག་ཚང་དགོན་པ་གཉིས་མཉམ་འབྲེལ་ཐོག ཕྱི་ལོ་ ༢༠༠༧ ཟླ་ ༦ པར་ཀན་ལྷོ་རྨ་ཆུ་དང་མཛོད་དགེ་གཉིས་ནས་ཚོགས་ཡོད་པ་དང་། སྐབས་དེར་ས་ཁུལ་སོ་སོ་ནས་ཕེབས་པའི་སྙན་ངག་པ་ཚོས་སྙན་ངག་གྱེར་འདོན་དང་ལྷན་དུ་དེང་རབས་སྙན་ངག་དང་སྒྲ་སྙན་རྡུང་ལེན་བར་གྱི་འབྲེལ་བ། སློབ་གྲྭ་ཆུང་འབྲིང་གི་སློབ་མ་དང་སྙན་ངག་བར་གྱི་འབྲེལ་བ་བཅས་ལ་བགྲོ་གླེང་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༡༣ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 10

  1. བདེ་མཚོ། says:
    ལོ་ 17 སྔོན།

    སྐབས་གསུམ་པའི་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ་གོ་སྒྲིག་གནང་མཁན་དང་། ཚོགས་ཞུགས་རྩོམ་པ་པོ་དང་། དཔྱད་བརྗོད་པ། དགེ་སློབ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
    གུས་མོ་དུས་ནམ་ཡང་རྒྱབ་སྐྱོར་ཡོད།

    Reply
  2. གཉན་མདང་ཕོ་ཉ། says:
    ལོ་ 17 སྔོན།

    ལང་ཚོའི་མཆཽད་པ་
    རྦབ་ཆཱུའི་ཟིལ་ཤུགས་
    ཁྱོད་ཡང་ཡང་གཡོ་བར་སྨོན།

    Reply
  3. གཞིས་ལུས་བོད་པ། says:
    ལོ་ 17 སྔོན།

    དེ་ལྟར་ཡིན་ན་ཟ་ལེ་རྒྱལ་གྱི་བསམ་འཆར་དེ་འགྲིག་འདུག

    Reply
  4. ཟ་ལེ་རྒྱལ། says:
    ལོ་ 17 སྔོན།

    བོད་གཞུང་ཟློས་གར་འདིས་སྟོད་གཞས་མ་གཏོགས་གླུ་གཞས་གཞན་མི་གཏོང་ན་བོད་གཞུང་གི་མིང་ཁུར་ན་འགྲིག་གི་ཨེ་ཡོད། དྲྭ་གྲོགས་ཚོ་འདིའི་སྐོར་ཐུགས་སྣང་ཞིག་གནང་དང༌། ཁྱོད་ཚོས་ད་བར་དུ་ཟློས་གར་འདིས་ཁམས་དང་ཨ་མདོའི་གཞས་བཏང་བ་མཐོང་ཐོས་བྱུང་ངམ། གལ་སྲིད་བྱུང་ན་གསུང་རོགས་ཞུ།

    Reply
  5. ཟ་ལེ་རྒྱལ། says:
    ལོ་ 17 སྔོན།

    ངོ་མ་བཟང་གི

    Reply
  6. དུག་གསུམ་ཁེངས་པ། says:
    ལོ་ 17 སྔོན།

    ཀ་ལི་ཨ་ལི་སོ་བཞི་པོ།།
    ཁ་བ་རི་པའི་སྐད་གདངས་ཡིན།།
    དེ་ལ་ལོངས་སུ་སྤྱོད་རྒྱུ་ནི།།
    བོད་པ་ངེད་ཚོའི་སྤོབས་པར་འདོད།།

    ཕུན་སུམ་ཚོགས་པའི་སྐད་ཡིག།
    ང་རོ་སྙན་པའི་སྐད་ཡིག།
    འདུན་ལམ་མི་འདུག་མ་གསུང་།།
    བཙལ་ནས་མེད་པ་ཨེ་ཡིན།།

    Reply
  7. ཡེ་ཤེས། says:
    ལོ་ 17 སྔོན།

    ངོ་མ་ཡག་རེད།

    Reply
  8. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 17 སྔོན།

    དབྱངས་གསལ་སུམ་ཅུ་སོ་བཞི།།

    གངས་ཅན་བོད་ཀྱི་སྐད་རེད།།

    ཆོལ་གསུམ་སྐྱིད་སྡུག་གཅིག་རེད།།

    ཤ་ཁྲག་གཅིག་པའི་སྤུན་རེད།།

    གངས་ཅན་ས་ལྰའི་སྨན་ལྗོངས།།

    ཡབ་མེས་བཟང་པོའི་གནས་རེད།།

    ཆོས་རིག་ནོར་བུའི་གཏེར་རེད།།

    འཛམ་གླིང་ཞི་བདེའི་གཞི་རེད།།

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    རང་དབང་ཡོད་ས་ན་བོད་ཡིག་ཚེ་སྲོག་རླུང་ཁ་ཡི་མར་མེ་བཞིན།
    རང་དབང་མེད་ས་ན་བོད་ཡིག་གི་ཚེ་སྲོག་ཚེ་འབར་སྒྲོན་མེ་བཞིན།
    དངོས་ནས་བོད་པ་འདི་ཚང་གི་ལས་དབང་ལ་མགོ་མཇུག་ལྡོག་འདུག

    བོད་ནང་གི་རྒྱ་ཆེ་སྤུན་ཟླ་ཡོངས་ལ་སེམས་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ།

    Reply
  10. བསེ་རུ། says:
    ལོ་ 17 སྔོན།

    སྐབས་གསུམ་པའི་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ་གོ་སྒྲིག་གནང་མཁན་དང་། ཚོགས་ཞུགས་རྩོམ་པ་པོ་དང་། དཔྱད་བརྗོད་པ། དགེ་སློབ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

    ཚེ་སྲོག་གི་ལང་ཚོ།
    མདེལ་ཆར་གྱི་ཐུ་འོག་ན།
    ཇི་སྲིད་འཚོ་བ་དེ་སྲིད་དུ།
    སྡུག་བསྔལ་གྱི་འོ་དོད་ནམ་ཡང་ཆད་མི་སྲིད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese