མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོ་བརྩམ་ས་གསུམ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་སྔོན་མའི་ཚེས་ ༢༩ ཉིན་མདོ་སྨད་མཚོ་སྔོན་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ་རུ་༼ སྐབས་གཉིས་པའི་གཅན་ཚ་ཁུལ་གྱི་སྐད་ཡིག་སྐོར་གྱི་བགྲོ་གླེང་ཚོགས་འདུ ༽ ཞེས་པ་དེ་སྐོང་ཚོགས་གནང་ཡོད་པ་དང་། ཐེངས་འདིའི་ཚོགས་ཐོག་ཏུ་ཆེད་མཁས་པ་དང་གཅན་ཚ་ས་ཁུལ་གྱི་སྐད་ཡིག་དགེ་རྒན་བརྒྱ་ ༡༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག ཉིན་དེའི་སྔ་དྲོ་དེང་རབས་སློབ་གསོ་བ་གྲགས་ཆེན་གཅན་རོང་བསྟན་འཛིན་ལགས་ཀྱིས་བོད་སྐད་ཡིག་སློབ་གསོའི་རིག་པ་གསར་པའི་སྐོར་ནས་འཆད་ཁྲིད་བྱས་ཡོད་པ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་བོད་ཀྱི་སྐད་ཡིག་གི་ཁྱད་ཆོས་དང་། དེ་སྦྱང་དགོས་པའི་གལ་ཆེའི་རང་བཞིན་སྐོར་ནས་འཆད་ཁྲིད་བྱས་ཡོད། དེ་བཞིན་མཚོ་སྔོན་སློབ་གསོ་སྡེ་ཁག་གི་བསླབ་གཞི་རྩོམ་སྒྱུར་ཁང་གི་སྐད་ཡིག་ཆེད་མཁས་པ་རྒན་ཚེ་འབར་ལགས་ཀྱིས་སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་སློབ་དེབ་རྩོམ་སྒྲིག་དང་། སློབ་ཁྲིད་བྱེད་ཐབས་སྐོར་ནས་འཆད་ཁྲིད་བཅས་དགེ་རྒན་རྣམ་པས་བོད་སྐད་ཡིག་སློབ་གསོ་འཕེལ་རྒྱས་གཏོང་ཐབས་སྐོར་ནས་ཟབ་གསལ་གྱི་གསུང་བཤད་གནང་ཡོད་འདུག

 

ཉིན་དེའི་ཕྱི་དྲོ་ཆེད་མཁས་པ་དང་དགེ་རྒན་རྣམས་ཀྱིས་བཞུགས་མོལ་ཚོགས་འདུ་ཚོགས་ཏེ། གཅན་ཚ་ས་ཁུལ་གྱི་སྐད་ཡིག་གི་གནས་བབ་དང་། སློབ་ཁྲིད་གོ་རིམ་ཁྲོད་ཀྱི་དཀའ་ངལ་བཅས་ལ་བགྲོ་གླེང་གནང་ཡོད་པ་མ་ཟད། ད་ལྟའི་བསླབ་གཞི་བཅོས་སྒྱུར་གྱི་གནད་དོན་གཙོ་བོ་གསུམ་གྱི་ཐད་བགྲོ་གླེང་ཞིབ་མོ་གནང་མཐར་དགེ་རྒན་གྱི་བཅོས་སྒྱུར་དང་། སློབ་ཁྲིད་དཔྱད་འཇོག་གི་བཅོས་སྒྱུར་གཉིས་ཀྱི་སྟེང་ཐག་གཅོད་བྱུང་ཡོད་པ་དང་། གཞན། བོད་ཀྱི་བརྡ་སྤྲོད་རིག་པའི་ཆེད་མཁས་པ་རྒན་ལྕགས་བྷེ་ལགས་ཀྱིས། རང་ཉིད་ནས་མགོ་བརྩམ་དགོས། དུས་ད་ལྟ་ནས་མགོ་བརྩམ་དགོས། བྱ་བ་ཆུང་ངུ་ནས་མགོ་བརྩམ་དགོས། ཞེས་པ་སྲོག་ཤིང་དུ་བཟུང་སྟེ་གཅན་ཚའི་སྐད་ཡིག་འཕེལ་རྒྱས་སུ་གཏོང་ཕྱོགས་སྐོར་དང་། རྩ་དོན་དེ་གསུམ་གཞི་རྩར་འཛིན་པར་ཚོགས་ཞུགས་པ་མི་རེ་ངོ་རེ་ནས་ནས་འགན་འཁྲུ་འཁྱེར་དགོས་པའི་རེ་འདུན་བཏོན་ཡོད་འདུག  

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨
དབུས་འོས་བསྡུ་ལས་ཁང་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཆེད་གསར་འགོད་ལྷན་ཚོགས་ཐེངས་གསུམ་པ་བསྐོངས། ༢༠༢༦།༡།༢༨ དུས་བབ་ཀྱི་པར།
Mobile App

དབུས་འོས་བསྡུ་ལས་ཁང་གིས་མི་གཅིག་ལ་ཉེས་ཆད་དང་མི་གཉིས་ལ་ཉེན་བརྡ་བཏང་འདུག

༢༠༢༦/༠༡/༢༨

མཆན། 5

  1. རི་བོང། says:
    ལོ་ 16 སྔོན།

    རྒན་རྣམ་པར་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  2. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    དབྱངས་གསལ་སུམ་ཅུ་སོ་བཞི།།
    གངས་ཅན་བོད་ཀྱི་སྐད་རེད།།
    ཆོལ་གསུམ་སྐྱིད་སྡུག་གཅིག་རེད།།
    ཤ་ཁྲག་གཅིག་པའི་སྤུན་རེད།།

    གངས་ཅན་ས་ལྰའི་སྨན་ལྗོངས།།
    ཡབ་མེས་བཟང་པོའི་གནས་རེད།།
    ཆོས་རིག་ནོར་བུའི་གཏེར་རེད།།
    འཛམ་གླིང་ཞི་བདེའི་གཞི་རེད།།

    Reply
  3. བྱམས་རྒྱལ། says:
    ལོ་ 16 སྔོན།

    སྐུ་ཞབས་བཀྲ་ཤིས་དོན་གྲུབ་ལགས། ༼དཀར་པོ་ཆིག་ཐུབ་ལྟ་བུ་ཡིིན་༽ཞེས་པར་ཚིག་དོན་ཇི་ལྟར་འགྲེལ་དགོས་པ་ཡིན་ནམ་ ཁོམ་པ་བྱུང་ན་གཅིག་གསུང་རོགས།
    ཐུགས་རྗེ་ཆེ།

    Reply
  4. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    སྐུ་ཞབས་ལྕགས་བྷེ་ལགས་ཀྱི་གསུངས་པ་དེ་འགྲུབ་དགོས་ན་ཐོག་མར་ང་ཚོ་ང་ཚོ་རང་ལུགས་ཀྱི་སློབ་གསོ་ལ་བརྟེན་ནས་རང་ཉིད་གཞན་ལ་མགོ་སྒུར་རྒྱུར་མ་་མཐའ་ཡང་ངོ་གནོང་མཁན་ཞིག་བཟོ་དགོས། ང་ཚོ་རང་ལུགས་ཀྱི་སློབ་གསོ་་
    ནི་མིའི་རིགས་ཡར་འགྲང་བྱེད་ཀྱི་དཀར་པོ་ཆིག་ཐུབ་ལྟ་བུ་ཡིིན། འདི་ནི་ཧར་་
    གྱི་སྐད་ཆ་ཞིག་མ་ཡིན་པར་མི་རིགས་གཞན་པས་བདེན་དཔང་བྱས་པའི་དངོས་
    མྱོང་གི་ལོས་རྒྱུ་ཡིན་པ་མ་ཟད། ད་ལྟ་གཞན་རིགས་ཀྱི་དཔེ་བརྗོད་ཀྱང་འཇོག་་
    བཞིན་འདུག

    Reply
  5. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    དངོས་གནས་ཁྱེད་ཅག་གིས་མི་རིགས་ཤིག་གི་མདུན་ལམ་ལ་བསུབ་ཏུ་མེད་་་
    ༷པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་བཞེངས་པ་རེད། སྙིང་ཐག་པ་ནས་ཐུགས་རྗེ་བླ་་་
    མེད་དུ་ཆེ་ཞེས་བཀའ་དྲིན་ཞུ་རྒྱུ་ཡིན། ཞར་བྱུང་དུ་དེ་འཚོགས་ཐོག་གི་སྐད་་
    ཆ་ཙམ་དུ་མི་འཇོག་པའི་རེ་བའང་འབུལ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese