མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སླར་ཡང་རང་གྲོལ་གླེང་བ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཟླ་ ༡༡ ཚེས་ ༢༩ ཉིན་མཚོ་སྔོན་མི་རིགས་སློབ་ཆེན་དང་ནུབ་བྱང་མི་རིགས་སློབ་ཆེན། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གསུམ་གྱིས་དུས་གཅིག་ལ་དཔལ་དོན་གྲུབ་རྒྱལ་སྐུ་གཤེགས་ཏེ། བགྲང་བྱ་ ༢༤ འཁོར་བའི་རྗེས་དྲན་ཚོགས་འདུ་བསྡུས་ཡོད། ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་ནི་དུས་རབས་ཉི་ཤུའི་དུས་མཇུག་གི་བསམ་བློ་བ་དང་རྩོམ་རིག་གསར་བའི་སྲོལ་འབྱེད་པ་དཔལ་དོན་གྲུབ་རྒྱལ་ལམ། པུར་མིང་ལ་རང་གྲོལ་ཁོང་སྐུ་གཤེགས་ཏེ་ལོ་ངོ་ཧྲིལ་བོ་ ༢༤ འཁོར་བའི་མྱ་ངན་གྱི་ཉིན་མོ་ཡིན་ལ། ཉིན་དེར་དམ་པ་དེ་ཉིད་ཀྱི་འཁྲུངས་ཡུལ་མཚོ་སྔོན་གཅན་ཚ་གཙོས་པའི་མདོ་ཁམས་ཡུལ་གྱི་སློབ་གྲྭ་ཆེ་འབྲིང་གི་དགེ་སློབ་མང་པོ་ཞིག་གིས་རྗེས་དྲན་གྱི་ལྷན་ཚོགས་བསྡུས་ཏེ་ཡིད་གདུང་གི་སྙན་ངག་གྱེར་ཡོད།

 

ཕྱི་ཚེས་ ༢༩ ཉིན་གྱི་ཕྱི་དྲོ་མཚོ་སྔོན་མི་རིགས་སློབ་ཆེན་རིག་གཞུང་སྙན་ཞུ་ཁང་དུ་རང་གྲོལ་རྗེས་དྲན་ཚོགས་ཏེ།༼ མི་རབས་གསར་བའི་སྙིང་གསོན་པོ་སྟེ། དཔལ་དོན་གྲུབ་རྒྱལ་གྱི་སྙིང་སྟོབས་གླེང་བ ༽ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་ལ། ཉིན་དེར་སྦྲང་ཆར་དུས་དེབ་ཀྱི་རྩོམ་སྒྲིག་པ་སྐུ་ཞབས་ཟླ་བ་བློ་གྲོས་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྐུ་ཞབས་ཞོགས་དུང་། ན་གཞོན་གསར་པའི་རྩོམ་སྒྲིག་པ་རྣོ་སྦྲེང་། དམངས་སྲོལ་རིག་གནས་ཉམས་ཞིབ་པ་བྱམས་པ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་རིན་རྡོར། དེ་མིན་ཙོང་ཁའི་ཕྱོགས་ཀྱི་སློབ་མ་དང་ཤེས་ལྡན་མི་སྣ། ཤེས་ཡོན་སྡེ་ཚན་ཁག་གི་སྐུ་ཚབ་སོགས་མི་སྣ་ ༥༠༠ ལྷག་ཆེད་ཕེབས་གནང་ཡོད་འདུག

 

མཛད་སྒོ་དབུ་འཛུགས་སྐབས་ཚོགས་ཞུགས་པ་ཡོངས་ནས་སྐར་མ་གསུམ་རིང་། སྐུ་གཤེགས་དམ་པ་རང་གྲོལ་ལགས་སུ་མྱ་ངན་གུས་འདུད་ཞུས་ཡོད་ལ། དེའི་རྗེས་སློབ་གྲྭ་ཁག་གི་སྐུ་ཚབ་རེ་ནས་སྙན་ངག་གྱེར་འདོན་དང་གཏམ་བརྗོད་ཀྱི་རྣམ་པས་དམ་པ་ཁོང་གི་མི་གཞིའི་སྙིང་སྟོབས་དང་བསམ་བློའི་སྙིང་སྟོབས། ཁོང་གི་བརྩམས་ཆོས་བཅས་ཀྱི་ཐད་ནས་གཏམ་བཤད་གནང་ཡོད། དེ་དང་ལྷན་དུ་བོད་ཀྱི་ན་གཞོན་ཚོའི་སྙིང་སྟོབས་དང་མི་གཞི་གསར་འཛུགས། སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས། སྙན་ངག་མེ་ལོང་མ་སོགས་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་ཡོད་འདུག

 

ཕྱི་ལོ་ ༢༠༠༡ ཡས་མས་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་དང་། ལྷོ་ནུབ་མི་རིགས་སློབ་ཆེན་བོད་སྐད་ཡིག་སྡེ་ཁག་གི་ཆེད་དེབ་སྒྲོན་སྟེགས་བཅས་སུ་སྐུ་ཞབས་ཕྱོགས་དུང་ལགས་ཀྱིས་ ༼ བག་ཆགས་དུང་སྤྲུགས ༽ དང་། ༼ འཕག་འཚག་གི་ང་རོ ༽ ༼ རྨོངས་སྐྲན་འཇོམ་པའི་གཏར་ཁ ༽སོགས་ཀྱི་རྩོམ་ཡིག་སྔ་རྗེས་སུ་བཏོན་རྗེས། ནུབ་བྱང་མི་རིགས་སློབ་ཆེན་གཙོས་པའི་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཁག་ཅིག་གི་སློབ་མ་འགའ་སད་རྟོགས་དང་དོགས་སློང་། དཔྱོད་ཤེས། ཡང་ན་ཧོལ་རྒྱུག་ལྟ་བུའི་བསམ་བློའི་མཐོ་རླབས་གསར་པ་ཞིག་འཕྱུར་ཡོད་ནའང་། མཚོ་སྔོན་མི་རིགས་སློབ་ཆེན་ལ་གྲགས་འགུལ་མེད་པར་རྒྱུན་ལྡན་ལྟར་བབ་བརླིང་བརྟན་གསུམ་དང་། ཡང་ན་རྙིང་ཞེན་མཁྲེགས་འཛིན་ལྟ་བུར་གནས་ཡོད་སྟབས། སློབ་གྲྭ་གཞན་གྱིས་ཟུར་ཟའི་ཚུལ་དུ། དགེ་ལུགས་པའི་དགོན་ལྷག ཅེས་འབོད་སྲོལ་ཡོད། ཐེངས་འདིར་དཔལ་དོན་གྲུབ་རྒྱལ་ལགས་སུ་རྗེས་དྲན་ཚོགས་འདུ་བསྡུས་ཤིང་། མི་གཞིའི་སྙིང་སྟོབས་དང་བསམ་བློའི་སྙིང་སྟོབས། མཆོང་སྐྱོད་ཀྱི་སྙིང་སྟོབས་བཅས་ལ་གླེང་སློང་བྱུང་བ་དེ་ནི། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་སྐོར་ཞིག་གི་ཡར་ལངས་སྟངས་ཙམ་རེད། ཅེས་ཚིག་མཚོན་འདེབས་མཁན་ཡང་བྱུང་ཡོད།

 

དེ་བཞིན་ཉིན་དེའི་ཕྱི་དྲོའི་དུས་ཚོད་ ༢ དང་ཕྱེད་ཀའི་སྟེང་དུ། ནུབ་བྱང་མི་རིགས་སློབ་ཆེན་རྩོམ་རིག་གསར་རྩོམ་ཚོགས་པའི་གོ་སྒྲིག་འོག རང་གྲོལ་རྗེས་དྲན་ཚོགས་འདུ་བསྡུས་ཏེ། ཚོགས་ཞུགས་མི་སྣ་ ༨༠ ཙམ་ལྷན་བཞུགས་ཐོག དཔལ་དོན་གྲུབ་རྒྱལ་གྱི་རིག་གནས་དགག་བཞག་གི་གདེང་སྤོབས་དང་རིག་གནས་དོགས་སློང་གི་སྙིང་སྟོབས། བསམ་བློ་བཅིངས་གྲོལ་གྱི་འདུ་ཤེས་སོགས་ལ་བགྲོ་གླེང་གནང་ཡོད་ལ། ཁོང་བསམ་བློ་བ་ཡིན་མིན་དང་། རང་དབང་རིང་ལུགས་ཀྱི་རྩོམ་པ་པོ་ཡིན་མིན། རང་སྲོག་གཅོད་པའི་གདམ་ཀ་ནི་སྐྱོ་གར་གྱི་སྙིང་སྟོབས་ཡིན་མིན་སོགས་ལ་དཔྱད་བསྡུར་བྱས་ཤིང་། བརྩམས་ཆོས་ཁྲོད་ནས་རྙེད་པའི་དོན་གྲུབ་རྒྱལ་དང་དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་དོན་གྲུབ་རྒྱལ་གཉིས་ཀྱི་མི་གཞིར་གཤིབ་བསྡུར་སོགས་བྱས་ཡོད།

གོང་གི་གསར་འགྱུར་དེ་ནི་ཧི་གཟུགས་ཟིན་བྲིས་དང་ན་གཞོན་གསར་པའི་གླེང་སྟེགས་བཅས་ལས་བསྡུ་སྒྲིག་བྱས།

 

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༢༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 15

  1. ཁྲ་གླག་སྤྱང་གསུམ། says:
    ལོ་ 16 སྔོན།

    དུས་སྐབས་དེ་འདྲ་ཞིག་ནང་ཁོང་ནི་དངོས་གནས་ཧང་སང་དགོས་པའི་མི་སྣ་ཞིག་རེད། ཁོང་གི་ཁྱད་ཆོས་དང་པོ་དེ། མི་རིགས་ཀྱི་ལ་རྒྱ་དང་ཤ་གཞེན་ཆེ་བ་དེ་ཡིན་ཅིང༌། གཉིས་པ་ནི། རྣམ་དཔྱོད་ཀྱི་རྩལ་འགྲན་ཟླ་མེད་པ་ཞིག་ཡོད་པ་དེ་རེད། ཁྱད་ཆོས་དང་པོ་དེའི་ཤུགས་རྐྱེན་འོག་གཞི་རྩའི་མི་རིགས་ཀྱི་ཡར་རྒྱས་ལ་འགན་ཁུར་ནས་རྩོམ་འབྲི་བྱས་པ་དང༌། རྩོམ་འབྲི་བྱེད་པའི་བརྒྱུད་རིམ་ནང་རང་ཉིད་ཀྱི་རྣམ་དཔྱོད་ལ་བརྟེན་ནས་མི་རྣམས་ཡིད་དབང་འཕྲོག་པ་ཞིག་བཟོས་པ་རེད། གལ་ཏེ་དེ་གཉིས་གཅིག་མ་ཚང་ན་བོད་མི་ཚོས་ཁོང་ལ་དེ་འདྲའི་དགའ་མོས་བྱེད་མི་སྲིད།

    སྙན་ངག་གསར་པ་སྲོལ་བཏོད་པ་རེད་ཟེར། ཡིན་སྲིད་མིན་སྲིད་ཀྱང་ཧ་སང་ཡ་གང་ཡང་མེད། དེ་མིན་ཁོང་གི་དཔྱད་རྩོམ་དང་སྒྲུང་རྩོམ། ལྷག་པར་སྒྱུར་ཡིག་དེ་ཚོ་ལ་བལྟས་པ་ཡིན་ན། ཁོང་གི་རིག་སྟོབས་དང་རྣམ་དཔྱོད་ལ་ཧང་མི་སང་མཁན་ཞིག་སུ་ཞིག་ཡོད།
    གང་ལྟར་བོད་ཀྱི་རིག་གཞུང་གི་མེ་རོ་གསོ་བའི་དུས་སྐབས་དེར། བླ་སྤྲུལ་མཁན་པོ་དགེ་བཤེས་སོགས་བསྟན་འཛིན་གྱི་སྐྱེས་ཆེན་དང༌། དེ་མིན་ཆོས་ལྡན་རྒྱལ་ཁབ་ཀྱི་སྐུ་ངོ་དང་སྐུ་དྲག་གང་གིས་ཀྱང་འགྲན་དུ་མེད་པའི་བྱས་རྗེས་ཆེན་པོ་ཞིག་བཞག་ཡོད།
    ངོ་མ་རྗེས་དྲན་ཞུ་འོས༎

    Reply
  2. བསེ་རུ། says:
    ལོ་ 16 སྔོན།

    ༼ བག་ཆགས་དུང་སྤྲུགས ༽ རེད་དམ། ༼ བག་ཆགས་དོང་སྤྲུགས ༽ རེད།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    གཤམ་གྱི་དྲ་ཐག་འདི་ན་མཛད་རྗེས་ཆེ་བའི་དུས་རབ་ཉི་ཤུའི་ནང་གི་བོད་ཀྱི་མཁས་པ་འགར་རྒྱུགས་པ་ལེབ་རྡུང་བྱས་འདུག
    http://www.tibettl.com/blog/u/redblack/archives/2009/21119.html

    Reply
  4. Dhonling Bhu says:
    ལོ་ 16 སྔོན།

    ང་རང་ལ་ཆ་བཞག་ན། མཐོ་སློབ་ལ་སླེབས་ནས་གཞི་ནས་མཁས་དབང་དོན་གྲུབ་རྒྱལ་གྱི་མཚན་ཐོས་ཞིང། ཁོང་གི་རླབས་ཆེན་གྱི་རྩོམ་རྣམས་མཇལ་བྱུང། དང་ཐོག་ནས་ང་རང་ཁོང་གི་མི་ཚེའི་ལོ་རྒྱུས་ཐོས་དུས་ངའི་སེམས་ངོ་མ་ཚོར་བ་མི་འདྲ་བ་ཞིག་དང། ཁྱད་པར་བ་ཞིག་སྟེར་བྱུང། ང་རང་ཁོང་གི་རྒྱུན་གཏན་གྱི་བྱ་སྤྱོད་དང། ལྷག་པར་རྩོམ་རིག་ལ་དགའ་ཞེན་ཆེན་པོ་ཡོད་རབས་རྣམས་ལ་ཡིད་རབ་ཏུ་འཕྲོག་ཅིང། ང་རང་གི་འཇོན་ཐང་དང་བརྩོན་གྲུས་ཀྱི་རྟ་ཕོ་ཅི་འདྲ་ཞིག་ཡོད་མིན་ལ་མི་བསམ་པར། མི་ཚེ་འདིའི་ནང་ཁོང་དང་འདྲ་བ་རླབས་ཆེན་གྱི་མི་སྣ་ཞིག་ཆགས་མི་ཐུབ་ནའང། སྤྱི་ཚོགས་ཀྱི་སྟེང་ཁོང་དང་འདྲ་བར་ཕན་པའི་བྱ་བ་ཞིག་གྲུབ་ཐུབ་པར་སྨོན་ལམ་ཞིག་ཀྱང་རྒྱབ་མྱོང། ངོ་མ་ང་རང་ཁོང་ལ་དུང་ཞིང། ཁོང་གི་རྩོམ་རིག་དང་ལྟ་གྲུབ་ལ་ལྷག་པར་དད་མཁན་གྱི་སྐྱེ་བོ་ཕལ་བ་ཞིག་ཀྱང་ཡིན། ཁྱེད་ནི་གངས་ཅན་ལྗོངས་ཀྱི་མི་རིགས་འདི་ལ་ཆེས་རླབས་ཆེ་བའ་ིམི་སྣ་ཞིག་དང། ལྷག་པར་བོད་ཀྱི་རྩོམ་རིག་གི་ལྡིང་ཆ་འདིའི་སྟེང་རྟག་ཏུ་ཕར་ཞིང་ཡོད་པའི་རྩོམ་པ་པོ་ཞིག་ཀྱང་ཡིན་པས། ངེད་ཚོས་ཁྱེད་དང་ཁྱེད་ཀྱི་རླབས་ཆེན་གྱི་བྱ་བ་ལ་རྗེས་སུ་ཡིད་རངས་དང། ཇི་སྲིད་བོད་མི་རིགས་འདི་མི་གནས་ཀྱི་དབར་དུ་ཁྱེད་ཀྱི་རླབས་ཆེན་གྱི་མཛད་རྗེས་ལ་ཡིད་རང་ཞུ།

    Reply
  5. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    མི་ལོ་སོ་གཉིས་ཀྱི་རིང་ལ་འདི་འདྲའི་རླབས་ཆེ་བའི་མཛད་རྗེས་སྐྱོང་མཁན་ཁོང་ད་ལྟ་བཞུགས་ཡོད་ན།ད་ལྟའི་སྐྱ་ཆད་སྔོ་སྡུག་གི་རང་རེའི་རྩོམ་རིག་གི་ཞིང་ས་འདི་འདྲ་ཞིག་ག་ལ་ཡིན།རྩོམ་རིག་གསར་བའི་དེད་དཔོན་ཁོང་ནི་དངོས་གནས་རང་རེའི་རྩོམ་རིག་གི་ལོ་རྒྱུས་སྟེང་ནས་བརྗེད་དུ་མེད་པའི་རྡོ་རིང་ཞིག་ཡིན།

    Reply
  6. ནད་པ says:
    ལོ་ 16 སྔོན།

    དུས་རབས་ཉི་ཤུའི་ནང་འཛམ་གླིང་སྟེང་བག་ཆགས་གཏིང་གཟབ་འཇོག་མཁན་གྱི་མི་སྣ་ཆེ་གྲས་མའོ་ཙེ་ཏུང་གིས་འཚོ་བ་ནི་རླབས་ཆེན་ཞིག་རེད་ལ་ཤི་བ་ནི་གཟི་བརྗིད་གཅིག་རེད་ཅེས་གསུངས་པ་དེ་ཡིད་ལ་ལྷང་ངེར་དྲན།

    དཔལ་དོན་གྲུབ་རྒྱལ་བོད་གངས་ཅན་གྱི་ལྗོངས་སུ་ཇི་སྲིད་འཚོ་བ་དེ་དོན་དངོས་ཐོག་ཤིན་ཏུ་ནས་རླབས་ཆེན་ཞིག་རེད་ལ་ཁོང་སྐུ་གཤེགས་སུ་ཁོང་གི་རྣམ་དཔྱོད་དང་མཛད་རྗེས་དག་ལ་མི་རྣམས་ཀྱིས་དེ་སྲིད་དུ་གཟི་བརྗིད་གཅིག་ཏུ་བརྩི་ཆོག

    གངས་ལྗོངས་ཀྱི་ལས་དབང་དམན་སྟབས་གངས་ཕྲུག་རྣམས་སྔར་ནས་ད་བར་ལ་ལ་འཁྱགས་སྦོས་སུ་སོང་ནས་ཤི་བ་དང་། ལ་ལ་འཁྱགས་རོང་དུ་ལྷུང་ནས་ཤི་བ ཡང་ལ་ལ་འཁྱགས་རླུང་གྲང་མོ་ལྷན་ཅིག་ཏུ་ཡུན་རིང་འགྲོགས་ཀྱང་དོན་མེད་དུ་ཤི་བ་སོགས་ནི་ངེད་གངས་ལྗོངས་སུ་ལྡོག་ཐབས་མེད་པའི་མཐོ་སྒང་གི་སྐྱོ་སྣང་གྲང་ངར་ཤིན་ཏུ་ཆེ་བ་ཞིག་རེད་་་་ཨ

    Reply
  7. ཟླ་ཞུན། says:
    ལོ་ 16 སྔོན།

    མཁས་ཆེནརིག་པ་རང་གྲོལ་ངོ་མཚར་ཆེ།

    Reply
  8. ཨ་ཆགས་ཚེ་རྡོར།་ says:
    ལོ་ 16 སྔོན།

    ནོར་བཅོས།
    མིག་ཚ་ནས་གང་བྱེད

    Reply
  9. ཨ་ཆགས་ཚེ་རྡོར།་ says:
    ལོ་ 16 སྔོན།

    ཀླུ་སྨྱོན་ལགས།་འདྲེ་མཆུ་རྭ་གོག་འདྲ་བཙུམ་རོགས།རླབས་ཆེན་གྱི་སྐྱེས་བུ་ཚོར་རྗེས་དྲན་བྱེད་དགོས་པ་བོད་མི་ཕྱི་རབས་པ་དག་གི་ལས་འགན་ཡིན་ན།་ཁྱོད་མིག་ཚ་གང་བྱེད།
    ཁྱོད་ཀྱིས་བཤད་པའི་གསོན་པོ་ཚོའི་ནང་གི་དགའ་བོ་ཟེར་བ་སུ་ལ་བདག་པོ་རྒྱག་དགོས་པ་རེད།་

    Reply
  10. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ཤི་བོའི་མྱིང་གིས་འཛིན་གིན་བསྡད་ན་རྣམ་ཤེས་ལ་གནོད་ནི་རེད། དེ་ལས་གསོན་པོའི་ནང་གི་དགའ་བོ་ཚོར་བདག་པོ་རེ་རྒྱོབས་དང་།

    Reply
  11. ངྷ་སའི་ཟ་ལེ་རྒྱལ། says:
    ལོ་ 16 སྔོན།

    མཁས་ཆེནརིག་པ་རང་གྲོལ་ངོ་མཚར་ཆེ།

    Reply
  12. སྒྲོལ་མ། says:
    ལོ་ 16 སྔོན།

    ཉིན་འདི་འགར་བོད་ཡུལ་སྟོད་སྨད་བར་གསུམ་གྱི་དྲ་ཚིགས་དག་དང་རླུང་འཕྲིན་ཁག ད་དུང་བརྙན་འཕྲིན་བཅས་སུ་རྒྱང་སྲིང་བྱེད་ཀྱིན་པ་ནི། དཔལ་དོན་འགྲུབ་རྒྱལ་ཡིན་མོད། གོང་གི་འདི་ལྟ་བའི་གསར་འགྱུར་སྤུས་དག་ཅིག་མཐོང་དཀོན། གུས་མོར་བསམ་འཆར་ཞིག་ལ། བྱེས་ཡུལ་བཙན་བྱོལ་ནང་དུའང་སྐུ་ཞབས་རང་གྲོལ་ལགས་སུ་མྱ་ངན་གུས་འདུད་ཀྱི་ཚོགས་འདུ་ཞིག་བསྐངས་ཏེ། རྒྱལ་སྤྱི་རང་བཞིན་གྱི་རང་གྲོལ་རྗེས་དྲན་ཞིག་གི་ངོ་བོར་བསྒྱུར་ཐབས་ཡོད་དམ།

    Reply
  13. གསེར་སྦྲང་། says:
    ལོ་ 16 སྔོན།

    བཀླགས་ཟིན།

    Reply
  14. དུག་ཚེར། says:
    ལོ་ 16 སྔོན།

    སྐུ་ཞབས་རང་གྲོལ་གྱི་བླ་སྲོག་འཚོལ་བ་ནི་ཁོང་གི་རྗེས་ཀྱི་མི་རབ་གསར་བ་དག་གི་འོས་འགན་ཉག་གཅིག་ཏུ་ཚོར།

    Reply
  15. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བདེན་པའི་ཆེད་དུ་རང་སྲོག་གཅོད་དུས་ཀྱི་ཉིན་མོ་དེའི་གོང་དུ།
    རང་གྲོལ་གྱིས་འདི་འདྲ་ཞིག་གསུངས་རབས་འདུག
    གསོན་ནས་ལག་རྗེས་མ་ཞོག་པ་ཡིན་ན། ཤི་ནས་ལག་རྗེས་འཇོག་ཟེར་ནས་གསུངས་པར་གྲགས། ད་ནི་ཤི་བ་གཟི་བརྗིད་རེད་ཟེར་ནས་མཐའ་གཅིག་དུ་བདེན་ཁ་སྤྲོད་དཀའ་ཡང་། གལ་ཏེ། ཁོ་རང་ད་ལྟ་ཡང་གསོན་པོར་གནས་ཡོད་པ་ཡིན་ན། དངོས་ནས་རླབས་ཆེན་གྱི་མིང་དང་སྙན་གྲགས། ཡང་ན། གདེང་འཇོག་དེ་ཚོ་ཕལ་ཆེར་ཡོད་རྒྱུ་མ་རེད། གང་ལྟར། ཤི་བ་དེ་ནི་གཟི་བརྗིད་དུ་བརྩི་རྒྱུར་ཡང་། བསམ་བློ་ཞིབ་མོ་རེ་བཏང་ན་དངོས་ནས་དཀའ་མོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese