མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་དང་ཀ་ཐུ་མན་གྲུའི་ནང་བའི་དགོན་པ་རྣམས་ཀྱི་འབྲེལ་བ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

 

བལ་ཡུལ་གསང་བའི་ལས་ཁུངས་ཀྱིས་བལ་ཡུལ་ཀ་ཐུ་མན་གྲུའི་ལུང་གཞོངས་སུ་ཡོད་པའི་ ནང་བའི་དགོན་པ་ ༤༣ ནི་བོད་རང་དབང་གི་འཐབ་རྩོད་དང་རྒྱ་རྒོལ་གྱི་ལས་འགུལ་སོགས་སྲིད་དོན་གྱི་ཚོར་ ཤུགས་རྣོ་བའི་ལས་འགུལ་ནང་ཞུགས་མཁན་ཡིན་སྐོར་བལ་ཡུལ་ནང་སྲིད་ལྷན་ཁང་ལ་སྙན་ ཐོ་ཕུལ་འདུག

བལ་ཡུལ་གསང་བའི་ལས་ཁུངས་ཀྱིས་སྙན་ཐོ་འདི་བལ་ཡུལ་ནང་སྲིད་ལྷན་ཁང་ལ་ཕུལ་ཡོད་ཅིང་། ཀ་ཐུ་མན་གྲུར་ཡོད་པའི་དགོན་པ་ ༥༩ ལ་ཞིབ་འཇུག་བྱས་པའི་ཁྲོད་ནས་དགོན་པ་ ༤༣ ནི་དོགས་ཟོན་བྱ་དགོས་པའི་མིང་གཞུང་ནང་བཀོད་ཡོད་ལ། དེ་དག་གི་ཁྲོད་ནས་དགོན་པ་ ༧ ནི་ཧ་ཅང་ཚོར་ཤུགས་རྣོ་བའི་ཆབ་སྲིད་ཀྱི་ལས་འགུལ་ནང་ཞུགས་མཁན་གྲས་སུ་བགྲངས་ཡོད་འདུག

གསང་བའི་ལས་ཁུངས་ཀྱིས་བལ་ཡུལ་ནང་སྲིད་ལྷན་ཁང་སྙན་ཐོ་ཕུལ་དོན། དགོན་པ་ ༡༩ ཡིས་བོད་རང་དབང་གི་འཐབ་རྩོད་ལ་དངོས་ཤུགས་གང་རུང་ནས་རྒྱབ་སྐྱོར་དང་། ཡང་ན། དེའི་ནང་འཛུལ་ཞུགས་བྱེད་ཀྱིན་ཡོད་སྟབས་བལ་ཡུལ་གཞུང་གིས་དོགས་ཟོན་ནན་མོ་བྱ་དགོས་པར་བསྐུལ་མ་བཏང་ཡོད་ཚུལ་བལ་ཡུལ་ནང་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Mukunda Khanal ཡིས་བཤད་ཡོད་འདུག དགོན་པ་ཁག་ཅིག་ལ་གཟབ་ནན་གྱིས་ལྟ་རྟོག་བྱེད་ཀྱིན་ཡོད་ཟེར།

གོང་གསལ་མགྲིན་ཚབ་དེས་བཤད་དོན། ཕྱི་ཚེས་ ༡༠ ཉིན་ནི་ཏཱ་ལའི་བླ་མ་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་ཏེ་ལོ་ངོ་ ༢༠ འཁོར་བའི་དུས་དྲན་ཡིན་ལ། བོད་པ་ཚོས་ཉིན་འདིར་རྒྱ་རྒོལ་གྱི་ལས་འགུལ་སྤེལ་གྱིན་ཡོད་སྟབས་གཞུང་གིས་འདིའི་ཐད་སྔར་ལྷག་གི་ཉེན་ཟོན་བྱེད་བཞིན་ཡོད་ཟེར།

གསང་བའི་ལས་ཁུངས་ཀྱི་སྙན་ཐོ་དེའི་ནང་དུ་བཀོད་དོན། ཀ་ཐུ་མན་གྲུའི་གྲོང་ཁྱེར་གྱི་མཐའ་རུ་ཡོད་པའི་དུང་དཀར་ཆོས་གླིང་དགོན་དུ་བོད་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྤེལ་གྱིན་པ་མ་ཟད། དགོན་པ་དེའི་ནང་ནས་གོ་མཚོན་ཡང་བརྙེད་སོན་བྱུང་བར་བཤད། ད་དུང་ཌག་ཤིན་ཀ་ལེ་ཞེས་པར་ཡོད་པའི་ཕུར་བ་གླིང་དགོན་པར་ནམ་རྒྱུན་བོད་རང་དབང་འཐབ་རྩོད་པ་རྣམས་སྐུང་ནས་བསྡད་ཡོད་ཚུལ་ཡང་བཤད་འདུག་པ་མ་ཟད། དགོན་པ་དེར་དོགས་ཟོན་ནན་མོ་བྱེད་ཀྱིན་ཡོད་ཚུལ་བཤད། དེ་བཞིན་མཆོད་རྟེན་གཡས་གཡོན་གྱི་བོད་མི་ཚོས་ཀོ་པན་དགོན་པ་དང་བསམ་བདེ་གླིང་དགོན་པའི་ནང་དུ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་གྱིན་ཡོད་སྐོར་བཀོད་ཡོད་པ་རེད།
བལ་ཡུལ་ནང་བའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་ཀོ་པན་དགོན་པའི་འཛིན་སྐྱོང་གནང་མཁན་ཐུབ་བསྟན་འཇིགས་གྲོལ་ལགས་ཀྱིས་བཤད་དོན། ལོ་གསར་སོགས་ཀྱི་སྐབས་སུ་སྲོལ་རྒྱུན་ལྟར་ཉིན་བཞི་ནས་ལྔའི་བར་དུ་དུས་སྟོན་གྱི་མཛད་སྒོ་ཚུགས་སྲོལ་ཡོད་པ་རེད། ཡིན་ཡང་། ད་ལྟའི་བར་དུ་དགོན་པ་དེའི་ནང་ནས་རྒྱ་རྒོལ་གྱི་ལས་འགུལ་འདྲ་སྤེལ་མྱོང་མེད། མི་སྒེར་བ་རྣམས་ཀྱིས་ག་རེ་བྱེད་ཀྱིན་ཡོད་མེད་ནི་བཤད་ཁག་པོ་རེད། སྤྱིར་བལ་ཡུལ་གྱི་ནང་བ་རྣམས་ཀྱིས་རྒྱ་ནག་གཅིག་གི་སྲིད་བྱུས་རྒྱུན་འཛིན་བྱེད་བཞིན་ཡོད་ཅེས་བཤད་འདུག

གསང་བའི་ལས་ཁུངས་ཀྱི་སྙན་ཐོ་དེས་བསྟན་དོན། མཆོད་རྟེན་ཉེ་འཁྲིས་ཀྱི་མཁར་ནང་བཤད་སྒྲུབ་གླིང་དགོན་པའི་ནང་དུ་བོད་རང་དབང་གི་ལས་འགུལ་སྤེལ་གྱིན་ཡོད་ལ། ས་སྐྱ་དགོན་པ་དང་རི་རྒན་བཀྲ་ཤིས་དགོན་པའི་ནང་དུ་དམག་མིའི་གྱོན་ཆས་དང་གྲི། མདུང་ལ་སོགས་གོ་མཚོན་གཞན་པའི་རིགས་ཉར་ཡོད་ཚུལ་ཡང་བཤད་འདུག

ནང་བའི་དགོན་པ་རྣམས་ལ་དོ་དམ་བྱེད་མཁན་ས་གནས་ལས་ཁུངས་ཀྱི་མི་སྣ་ཉི་མ་རྡོ་རྗེ་བླ་མ་ཡིས། དགོན་པ་རྣམས་ཐོག་མར་འཛུགས་བསྐྲུན་བྱེད་སྐབས་གཞན་གྱི་གནོད་པ་འགོག་ཆེད་དུ་གོ་མཚོན་རིགས་དགོན་པའི་རྩིགས་རྨང་གི་འོག་ཏུ་སྦས་སྲོལ་ཡོད་པ་རེད། ཡིན་ཡང་། དགོན་པ་འདི་དག་གི་ནང་དུ་བོད་རང་དབང་གི་ལས་འགུལ་སྤེལ་མཁན་ཡོད་པ་ཡང་དངོས་ཡོད་རེད། ལས་འགུལ་འདི་དག་སྤེལ་ས་ནི་བོད་པའི་བླ་མ་དག་གི་འཛིན་སྐྱོང་འོག་ཡོད་པའི་དགོན་པ་རྣམས་རེད། དགོན་པ་འདི་དག་གི་འཛིན་སྐྱོང་ལ་ནོར་འཁྲུལ་ཤོར་ཡོད་པ་རེད་ཅེས་དང་། ཀ་ཐུ་མན་གྲུར་ཡོད་པའི་དགོན་པ་ ༥༠ ལྷག་ནི་བོད་པའི་བླ་མ་དག་གི་འཛིན་སྐྱོང་འོག་ཡོད་པ་རེད་ཅེས་བཤད་འདུག

ཆབ་སྲིད་ཀྱི་ཚོར་ཤུགས་ཧ་ཅང་རྣོ་བའི་དགོན་པ་རྣམས་ནི། དུང་དཀར་ཆོས་གླིང་དགོན་པ་དང་ཧི་སི་རྣམ་གྲོལ་དགོན་པ། བསམ་བདེ་གླིང་དགོན་པ། མཁར་ནང་བཤད་སྒྲུབ་གླིང་དགོན་པ། འབྲུག་དགོན་པ། ཀོ་པན་དགོན་པ་བཅས་ཡིན་འདུག

གཤམ་གྱི་དགོན་པ་དག་གི་མིང་བོད་ཡིག་ནང་འབྲི་ཤེས་མཁན་ཡོད་ན་འོག་གི་མཆན་འགོད་སའི་ནང་འབྲི་རོགས།

Highly Sensitive Monasteries

: Dongak Choling, Hisinambdo, Sambdeling, Kaning Sedupaling (Seto Gumba), Sechen Monastery (Bhutan Gumba) and Kapan Monastery.


Sensitive Monasteries

: Nenda Tashi Choling, Regan Tashi CHoling, Shakya Thare Gumba, Karma Samtenaling, Kneghon Hodashaling Buddha Bihar, Kedong Thuwanchi Choling Aani, Dhilya Bhathapsang, Yaring, Tharmal Sangam Namgyaling Shakya Dharma Bihar, Nenang, urgen Choleng, Chupsang, Karmapa Thupten Choling (Bishwo Shanti Seto Gumba), Shyangkar, Chewang Gyang Chyub Gacha Naling, Pulahari (Pollari) and Copan Khanchayau Khaling Aani Gumba.



Monasteries that need monitoring: 

Chunghon Knangki Thonsaling Knagi, Lhundup Choling, Knamkha Chunjong, Samya Memorial Buddhist Bihar, Ugheren Ghamling Terma, Aryatara Aani, Pal Gheten Sadme Pema Choling, Karma Samdenling, Yanglasi, Pema Hosaling, Ugren Dorjecholing, Triten Knobumche Bonbo, Dhang Tashi Choling, Bouddha Dhyang Guthi, Mahayana Prakash Paldul Dharmalaya, Ghong Monastry Gumba, Choling Tashi Tamang, Sherpa Sewa Kendra (Sherpa Gumba) and Sangthok Palri Mingma Gumba. 


འབྲེལ་ཡོད་གསར་འགྱུར།

The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

སྐར་མ ༤༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

སྐར་མ ༥༤ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༢ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

༢༠༢༥/༠༥/༠༨

མཆན། 14

  1. སེམས་བཟང་། says:
    ལོ་ 15 སྔོན།

    ཨ། ང་ཚོ་བོད་པ་འདི་ཚོ་སྙིང་རྗེ། ང་ཚོའི་ཁ་གཏད་རྒྱ་ནག་འདི་སྟོབས་ཤུགས་ཆེ་ཐག་ཆོད་དེ། ང་ཚོ་འཛམ་བུའི་གླིང་གི་ས་ཆ་གང་ལ་སོངས་ཀྱང་འུག་པ་ཉིན་མོར་སླེབས་བསྡད་པ་འདྲ་མ་གཏོགས་ཡོད་པ་མ་རེད། ལོ་ཤས་སྔོན་རྒྱལ་བ་རིན་པོ་ཆེས་བལ་ཡུལ་གཙོ་བོར་བྱས་པའི་བོད་མི་མང་དག་ཅིག་ཨ་རིར་གཞིས་ཆགས་ཐུབ་ན་འཕྲལ་ཕུག་གཉི་གར་དགེ་མཚན་ཆེ་བའི་ལམ་སྟོན་ཐེངས་མང་གནང་ནའང་། ད་ལྟའི་བཀའ་ཤག་འདིས་དྭང་ལེན་མ་བྱས་པར་སྲིད་ཇུས་ནོར་འཁྲུལ་ཅན་བཟུང་རྐྱང་རྐྱང་བཟུང་སྟེ། མི་རྡོག་གཅིག་ཀྱང་སླེབ་ཐབས་བྱས་ཡོད་པ་མ་རེད། ད་ལྟོས་ཨ། རིམ་པས་ང་ཚོའི་གནས་ཡུལ་རྒྱ་ཁབ་ཕལ་ཆེ་བས་རྒྱ་ནག་གི་ཟིལ་ཤུགས་མ་བཟོད་པར་ང་ཚོར་སྟངས་འཛིན་བྱས་ཏེ། ང་ཚོའི་དམིགས་ཡུལ་གྱི་བསྒྲུབ་བྱ་བོད་དོན་ཕར་ཞོག །སོས་སོའི་སྲོག་མགོ་ཐོན་པ་ཡང་ཁག་པོ་རེད། དེས་ན་ང་ཚོའི་ཆབ་སྲིད་མི་སྣ་འདི་ཚོས་སོ་སོ་རྐྱང་པའི་རྐང་པ་གཉིས་འཛུགས་ཙམ་མིན་པར། བོད་མི་ཡོད་དོ་ཅོག་གི་སྐྱིད་སྡུག་ལ་གཅིག་བལྟ་ཐུབ་ན་ཡག་པོ་འདུག །

    Reply
  2. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམས་པ་ལགས།
    བལ་ཡུལ་དང་རྒྱ་མི་བར་འབྲེལ་བ་དང་བོད་མི་ཐོག་འཛིན་སྲིད་ཇུས་ནི་ཇི་སྡུག་ནས་ཇི་སྡུག་འགྲོ་བཞིན་པ་འདི་རེད། རྒྱ་ནག་གིས་དམིགས་ཡུལ་གཙོ་བོ་ནི་ང་རང་ཚོ་བོད་མི་སྐྱབས་བཅོས་བ་རྣམས་ཉིན་མོ་ཡི་ཙི་ཙི་ཁྲོམ་ལམ་དུ་རྒྱུག་དུས་མི་ཚང་མས་བསད་བསད་རྒྱག་རྒྱག་ཟེར་བཞིན་བཟོ་འདོད་ཡོད་པ་དེ་སྔོན་རྒྱ་ནག་གི་གསར་འགྱུར་ནང་དུ་བཀོད་པ་བཞིན་དེང་སང་བལ་ཡུལ་དུ་ལག་ལེན་སྟར་འགོ་འཛུགས་པ་རེད།
    བལ་ཡུལ་གཞུང་དམངས་གཉིས་ཀ་ལ་དངུལ་སྒོར་མོ་ཆར་བ་འབབ་བཞིན་ཡོད་ལ་མ་ཟད་བལ་ཡུལ་བའི་མི་ལ་དངུལ་བྱུང་ན་བོད་མི་ལ་ཅི་སྡུག་གང་སྡུག་བྱེད་ངེས་ཡིན་པ་མ་ཟད་བོད་མི་བསད་ཡང་མི་སྲིད་པ་ཞིག་མ་རེད།
    བལ་ཡུལ་གྱི་འགོ་དཔོན་རྣམས་དངུལ་གྱིས་ཉོ་གི་ཡོད་པ་མ་ཟད་བོད་པའི་འགོ་དཔོན་རྣམས་ལ་ཡང་དངུལ་སྤྲོད་ཀྱི་ཡོད་པའི་གནས་ཚུལ་མཆོད་རྟེན་བསྐོར་ལམ་དུ་ཡི་གེ་སྦྱར་བ་མཐོང་མྱོང་ཡོད།
    བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མ་གྲོང་ནང་དུ་རྒྱ་མི་མང་རེ་མང་རེ་དང་རྒྱ་མིའི་མགྲོན་ཁང་ཟ་ཁང་མང་རེ་ཕྱིན་པ་མ་ཟད་རྒྱ་མི་དམག་མི་ཚོས་དམག་ཆས་གྱོན་ནས་བལ་ཡུལ་རྒྱལ་ཁབ་དེ་ཁོ་རང་ཚོའི་ནང་ནང་བཞིན་ཡོང་ཆོག་གིན་འདུག
    སྔོན་མ་ཨ་རིས་གློ་ཆུ་བཞི་སྒང་དྲུག་དང་སྐྱབས་བཅོལ་ལག་ཁྱེར་མེད་རྣམས་ཨ་རིས་སྐྱབས་བཅོལ་ལེན་གྱིན་ཡིན་ཟེར་དུས་གཅིག་ནས་བལ་ཡུལ་གཞུང་གིས་བཀག་འགོད་དང་བཙན་བྱོལ་གཞུང་དམངས་གཉིས་ཀྱིས་འགོག་རྐྱེན་ཐོག་བོད་མི་ཉམ་ཐག་རྣམས་ཨ་རི་འགྲོ་མ་ཐུབ་པ་བལ་ཡུལ་ལ་ཤི་རྒྱུ་འགུག་སྡོད་ཡོད་པ་བཞིན་རེད་འདུག
    ད་ཉིན་རེ་ནས་ཉིན་རེ་བཞིན་ཇི་སྡུག་ནས་ཇི་སྡུག་འགྲོ་དུས་བལ་ཡུལ་གྱི་བོད་མི་རྣམས་ཅི་བྱེད་ན་དགའ་ས་རེད་དམ།

    Reply
  3. ཀླུ། says:
    ལོ་ 15 སྔོན།

    གནས་ཚུལ་དེ་ཙམ་ན་རེད་རིམ་པར་འདྲ་མིན་མང་པོ་ཐོན་སོང་། ཡིན་ཡང་ཚང་མས་མཁྱེན་རྟོགས་བྱེད་རྒྱུ་གལ་ཆེ་ཡང་གནས་ཚུལ་འགོད་སྟངས་ལ་གཟབ་གཟབ་བྱེད་དགོས་་བ་འདྲ། གནས་ཚུལ་འདིའི་ཐད་དགོན་སྡེ་ཁག་མང་པོས་མི་འདོད་པའི་རྣམ་འགྱུར་སྟོན་བཞིན་པའི་སྒང་རེད། གཙོ་པོ་དེ་རྙོག་གཞི་བཟོ་ཆེད་རེད། བདུན་ཤས་སྔོན་ད་དུང་བལ་ཡུལ་གྱི་ཚགས་པར་ཞིག་ལ་གོང་ས་མཆོག་གི་སྐུ་ཚབ་དང་རྒྱལ་པོའི་རྒྱལ་སྲས་གཉིས་བལ་ཡུལ་མཐའ་མཚམས་ནས་གསང་སྟབས་ཀྱིས་ཐུག་འཕྲད་བྱས་ཏེ་ལས་འགུལ་འདྲ་མིན་མཉམ་འབྲེལ་གྱིས་སྤེལ་རྒྱུར་གྲོས་མོལ་བྱས་རེད་ཟེར་ནས་གནས་ཚུལ་ཞིག་ཀྱང་བཏོན་ཡོད།

    Reply
  4. བྱམས་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་གཅན་བཟོད་རྒྱམལགས། ཁྱེད་ཀྱང་བཟང། བོད་སྒྱུར་གང་ལེགས་གནང་འདུག་། ཐུགས་རྗེ་ཆེ། གཞན་དེ་ཚོ་རེ་བ་མི་འདུག་ལ། དབྱིན་ཡིག་དེ་ཚོ་མ་དག་པ་འདྲ་།

    Reply
  5. འབྲོག་ཁྱི། says:
    ལོ་ 15 སྔོན།

    ༄། ཡ་ཤ་ཁྲག་རུས་གསུམ་ལགས་་་་་་་་་་་་ཡང་ན་རང་གི་རྣམ་
    དཔྱོད་ཀྱི་རྩལ་ཐོན་ནས་རང་རྩོམ་ཞིག་ཕྲིས།དེ་མིན་ན་གཞན་གྱི་གསུངས་བྱིན་ཅན་དེ་དག་གཙང་དག་ངང་བཞགས་ན་མི་ལེགས་སམ།

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    དྲ་གྲོགས་བྱམས་རྒྱལ་ལགས། ཁྱོད་བཟང་ཐལ་ཨེ་གོ ཁྱོད་ཀྱིས་གསལ་བཤད་གནང་བར་ཐུགས་རྗེ་ཆེ། གཞན་དེ་ཚོ་ཡང་བོད་སྒྱུར་རེ་བྱེད་ཐུབ་བམ།

    Reply
  7. བྱམས་རྒྱལ། says:
    ལོ་ 15 སྔོན།

    གཅན་བཟོད་རྒྱམ་ལགས། ཁྱེད་ཀྱིས་༼Sechen Monastery སྲེད་རྒྱུད་གྲྭ་ཆང་། (ཡིན་ནམ་སྙམ།)༽ ཞེས་གསུངས་འདུག་པ་དེ་ ཞེ་ཆེན་དགོན་པ་རེད་ལགས་ ༼ ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང༽ མཁྱེན་བརྩེ་རིན་པོ་ཆེ་དགོན་པའང་ཞུ་བགྱི་རེད་ལགས།

    Reply
  8. བྱམས་རྒྱལ། says:
    ལོ་ 15 སྔོན།

    བལ་ཡུལ་ནང་བའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་ཀོ་པན་དགོན་པའི་འཛིན་སྐྱོང་གནང་མཁན་ཐུབ་བསྟན་འཇིགས་གྲོལ་ལགས་ཀྱིས་ལན་འདེབས་གནད་དུ་འཁེལ་བ་གནང་འདུག་། དེ་འདྲ་གནང་དགོས་རེད་།
    ནང་བའི་དགོན་པ་རྣམས་ལ་དོ་དམ་བྱེད་མཁན་ས་གནས་ལས་ཁུངས་ཀྱི་མི་སྣ་ཉི་མ་རྡོ་རྗེ་བླ་མའི་ཁོག་ཏུ་གཞན་ཕན་དང་བྱམས་བརྩེའི་འབྲས་བུ་སྨིན་རྒྱུའི་ཚབ་ལ་རྒྱ་འདྲེ་ཐེའུ་རང་འཛུལ་ཡོད་པ་འདྲ་།
    བལ་ཡུལ་དུ་བཞུགས་པའི་འབྲེལ་ཡོད་རང་རིགས་ཚོས་གདོན་འདྲེ་འདིའི་རིགས་ལ་ཡིད་གཟབ་དགོས་གལ་ཆེ།
    བལ་ཡུལ་གསང་བའི་ལས་ཁུངས་ཀྱི་གསང་མྱུལ་བ་མང་པོས་དགོན་པ་ནང་བྱ་ར་བྱེད་བཞིན་ཡོད་འདུག་པས་གཟབ་གཟབ་གནང་རོགས།
    ཀྱེ་མ་གངས་ལྗོངས་པ་རྣམས་ཅི་ཡིས་ལན།

    Reply
  9. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    ལྟས་ངན་འདི་ཚོ་་་ཉི་མ་ཞིག་ལ་བལ་ཡུལ་ནས་ཚང་མ་ཕུད་ས་རེད། བལ་ཡུལ་གྱི་བོད་པ་ཚོས་ཀྱང་བོད་ནང་གཉིས་པ་ལྟ་བུའི་དཀའ་ངལ་ཞིག་མྱོང་གི་ཡོད་པ་རེད། སྙིང་རྗེ་མ་རེད་དམ།

    Reply
  10. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    , Kedong Thuwanchi Choling Aani
    འདི་བཙུན་དགོན་དགེ་ལྡན་ཐར་པ་ཆོས་གླིང་ཡིན་ས་རེད།

    Reply
  11. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    བསེ་རུ་ལགས། ངས་གོང་ནས་ཞུས་ཟིན་ལྟར། དབྱིན་ཡིག་ནང་དག་མོ་ཞིག་མེད་པས་ངས་འདིར་འགོད་ཐབས་བྲལ། དེ་མིན་བལ་ཡུལ་ནང་ཡོད་བོད་ཀྱི་ས་དགེ་བཀའ་རྙིང་བོན་དང་བཅས་པའི་དགོན་པ་མང་ཆེ་བའི་མཚན་འདི་གར་ཡོད་པ་རེད། མ་གཞི་གོང་གི་དབྱིན་ཡིག་དེ་ཚོ་མང་ཆེ་བས་དགོན་པའི་མིང་དོན་སྟོན་ཐུབ་ཀྱི་མི་འདུག་ལགས།

    Reply
  12. བསེ་རུ། says:
    ལོ་ 15 སྔོན།

    གཅན་བཟོད་རྒྱམ་ལགས། ཁྱེད་ཀྱིས་དགོན་་པ་དེ་དག་མཚན་ཆ་ཚང་ཆོས་དོན་ནས་ཐབས་ཤེས་གནང་ན་གནང་ཐུབ་པ་ཞིག་རེད། དགོན་པ་དེ་དག་གི་མཚན་བོད་དབྱིན་གཉིས་ཀའི་ཐོག་ཆོས་དོན་ལས་ཁུངས་ལ་ཡོད་པ་རེད།
    ད་དུང་བཙན་བྱོལ་ནང་གི་སློབ་གྲྭ་ཁག་གི་ཁ་བྱང་དགོས་ན་ཡང་བོད་གཞུང་ཤེས་རིག་ཁུངས་ལ་ཆ་ཚང་ཡོད། དེ་དོན་དྲ་གྲོགས་ཚོས་ཐུགས་ལ་འཇོག་རོགས།།

    Reply
  13. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    སྤྱིར་དགོན་འདི་རྣམས་ཀྱི་མཚན་དབྱིན་ཡིག་བྲིས་པ་མི་དག་པས་འདིར་བོད་ཡིག་ནང་དུ་འགོད་པར་དཀའ་ངལ་ཆེ།་ གལ་སྲིད་དབྱིན་ཡིག་ནང་ཚད་ལྡན་ཞིག་ཡོད་ཚེ་བལ་ཡུལ་ནང་གི་དགོན་པ་མང་ཆེ་བའི་མཚན་འདི་གར་ཆ་ཚང་བ་ཡོད་པས་རོགས་ཕན་ཡོང་བ།
    གཤམ་དུ་བདག་གིས་གིས་ཤེས་ཚོད་ཅིག་བྲིས་ན་འདི་ལྟར།

    Dongak Choling མདོ་སྔགས་ཆོས་གླིང་།
    Sechen Monastery སྲེད་རྒྱུད་གྲྭ་ཆང་། (ཡིན་ནམ་སྙམ།)
    Kapan Monastery འདི་ཀོ་ཕན་དགོན་པ་མིན་ནམ་སྙམ།
    Karma Samtenaling ཀརྨ་བསམ་གཏན་གླིང་།
    Karma Samdenling ཀརྨ་བསམ་གཏན་གླིང་།
    Lhundup Choling་ ལྷུན་འགྲུབ་ཆོས་གླིང་།
    Triten Knobumche Bonbo བོན་དགོན་ཁྲི་བརྟན་ནོར་བུ་རྩེ།
    Ugren Dorjecholing་་ ཨོ་རྒྱན་རྡོ་རྗེ་ཆོས་གླིང་།
    Chupsang་ ཆུ་བཟང་དགོན་པ།
    Karmapa Thupten Choling ཀརྨ་ཐུབ་བསྟན་ཆོས་གླིང་།
    Copan Khanchayau Khaling Aani Gumba འདི་ཡང་བཙུན་དགོན་ཀོ་ཕན་བྱང་ཆུབ་ཆོས་གླིང་མིན་ནམ་སྙམ།
    Choling Tashi Tamang རྟ་མང་བཀྲ་ཤིས་ཆོས་གླིང་།
    Sangthok Palri Mingma Gumba ཟངས་མདོག་དཔལ་རིའི་དགོན། རྙིང་མ་དགོན་པ།

    Reply
  14. བསེ་རུ། says:
    ལོ་ 15 སྔོན།

    དགོན་པ་འདི་དག་གི་མིང་ཆ་ཚང་བོད་ཡིག་ཐོག་དགོས་ན།
    ཆོས་དོན་ལས་ཁུངས་ནས་འདི་དག་གི་མཚན་ཆ་ཚང་ཞིག་བོད་ཡིག་ཐོག་ནས་མི་རག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese