་་་
ཇེ་མང་ཀློགས།དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
་་་
ཇེ་མང་ཀློགས།་་་
ཇེ་མང་ཀློགས།་་་
ཇེ་མང་ཀློགས།་་་
ཇེ་མང་ཀློགས།སྨན་པའི་ས་མིག་གསལ་བསྒྲགས། མོན་གྷོ་འབྲས་བློ་གླིང་གྲྭ་ཚང་སྨན་ཁང་ནས་གསལ་བསྒྲགས་ཞུ་དོན། འདི་ག་སྨན་ཁང་དུ་བོད་རིགས་ཕྱི་ལུགས་སྨན་པ་ཞིག་དགོས་མཁོ་འདུག་ན། དེ་དོན་ལས་སྣེ་འདིར་ཞུགས་འདོད་ཡོད་ཚད་གཤམ་འཁོད་འབྲེལ་གཏུགས་སུ་གང་མྱུར་འབྲེལ་བ་ཡོང་བ་ཞུ། དགོས་མཁོ་ཆ་རྐྱེན། ༡༽ གཙོ་བ་ MD ཡང་ན་ MBBS ཐོན་པ་དགོས། ༢༽ དོལ་རྒྱལ་བསྟེན་གསོལ་དང་འབྲེལ་བ་མེད་པ་རང་ཁོངས་ས་གནས་འགོ་འཛིན་གྱི་ངོ་སྦྱོར་དགོས། ༣༽ སྤྱི་སྒེར་གང་དུ་ཕྱག་ལས་གནང་མུས་ཡིན་ཚད་ལས་ཁུངས་དེ་ནས་རྩོད་རྙོག་མེད་པའི་ངོ་སྦྱོར་དགོས། ༤༽ དེ་སྔ་སྨན་པའི་ཕྱག་ལས་གནང་བའི་ཉམས་མྱོང་ནི་དམིགས་བསལ་ཆ་རྐྱེན་དུ་བརྩི་རྒྱུ། མཐུན་རྐྱེན། ༡༽ གསོལ་ཕོགས་ཡིད་ཚིམས་པ་འབུལ་རྒྱུ། ༢༽ ཆ་རྐྱེན་འཛོམས་པའི་བཞུགས་ཁང་ཞལ་ལག་འབུལ་རྒྱུ། འབྲེལ་གཏུགས་ཁ་སྦྱང། Loseling Hospital Tibetan Colony, Mundgod N.K.-581411, Karnataka་་་
ཇེ་མང་ཀློགས།ཉི་མ་འཚོའི་བྱིས་སྒྲུང་དཔེ་ཚོགས། ༼གྲོགས་པོ་ཆུང་ཆུང་ཚོ། སྒྲུང་དེབ་དང་ལྷན་དུ་རྩེད་༽ ཅེས་པ་ལས། རིམ་པ་དང་པོའི་དཔེ་དེབ་བརྒྱད་པོ་དཔར་སྐྲུན་ལེགས་པར་གྲུབ་པ་ནི་བོད་རིགས་གྲོགས་པོ་ཆུང་ཆུང་ཚོའི་རྩེད་རོགས་ཡག་པོ་ཞིག་ཏུ་འགྱུར་བའི་སྨོན་འདུན་དང་སྦྲགས། མི་འགྱངས་པར་གཤམ་གསལ་་བོད་རིགས་འདུས་སྡོད་ཀྱི་ས་གནས་ཁག་ལ་འབྱོར་བཞིན་ཡོད་ན། མངགས་ཉོ་གནང་མཁན་གྱི་ཐུགས་འདུན་དང་འཚམས་པར་སྨོན། འབྲེལ་ཡུལ་གཙོ་བོ། ཉི་མ་འཚོ། ནོར་གླིང་། ཁ་པར། 9816641091 འདི་ནས་སྐད་འཕྲིན་དང་WhatsApp གཉིས་ལ་མཐུད་ཐུབ། ངོ་དེབ་ཀྱི་མིང་། Pearl Peal ཡིན། ཡིག་ཟམ། nyimatso21@yahoo.co.in མེག་ལོར། དཀོན་མཆོག ཁ་པར། 9805879948 གངས་སྐྱིད། སྨིན་སྣང་མཛེས། ཁ་པར། 8219556941 ལྡི་ལི། ཨ་ཚོགས་རིག་འཛིན། ཁ་པར།་་་
ཇེ་མང་ཀློགས།ཆོས་བརྡ་གསལ་བསྒྲགས། ༄༅།།རིས་མེད་བསྟན་པའི་གསལ་བྱེད་མཁན་ཆེན་དམ་པ ༧ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་འདས་མཆོད་སྨོན་ལམ་སྐབས་བཅུ་དྲུག་པར། ཇི་ལྟར་གདན་ཞུའི་གསོལ་འདེབས་ཕུལ་དོན་ལྟར། དཔལ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་དབུ་བཞུགས་ཀྱིས། ཕྱི་ལོ་ ༢༠༡༩ ཟླ ༡ པོའི་ཚེས ༡ ནས ༣ བར་ཏེ་ཉིན་གསུམ་རིང་། གནས་མཆོག་རྡོ་རྗེ་གདན་བྱང་ཆུབ་ཤིང་དྲུང་དུ་བླ་མ་མཆོད་པ་དང་། རྡོར་སེམས་སྒོམ་བཟླས། འཇམ་དཔལ་མཚན་བརྗོད། བཟང་སྤྱོད་སྨོན་ལམ་སོགས་གསོག་བསྒྲུབ་ཀྱི་སྒོ་ནས་འཚོགས་གཏན་ཁེལ་བ་ལ། འདས་མཆོད་སྨོན་ལམ་གོ་སྒྲིག་ཚོགས་པས་སྨོན་ལམ་ཞལ་འདེབས་མ་དངུལ་ནས་འགྲོ་སོང་གི་ཐུགས་འགན་གཙོར་བཞེས་ཐོག འཚོགས་ཉིན་སྔ་གཞུག་བསྡོམ་ཉིན་ལྔའི་རིང་གི་དགེ་འདུན་པའི་བཞུགས་ཤག་དང་བཞེས་ལག་སོགས་རྙིང་མ་དགོན་པར་གྲ་སྒྲིག་ཡོད་པའི་ཁར། གྲྭ་མང་འཚོགས་ཞུགས་ཡོངས་ལ་སྐུ་ཡོན་དང་མང་ཇ་བཞེས་བག་སོགས་ཀྱི་བསྙེན་བཀུར་གང་ནུས་འཆར་ཅན་བཞིན་ཞུ་འཆར་ལགས་ན། རྒྱ་བལ་འབྲུག་གསུམ་སོགས་ནས་ཆེད་དུ་གདན་ཞུ་བྱས་པའི་གྲྭ་ཚང་ཁག་གི་གཙོས། ཕྱོགས་དང་རིས་སུ་མ་ཆད་པའི་མཁན་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ཀྱིས་དབུས་གྲྭ་བཙུན་སྔགས་གསུམ་སོགས་གང་མང་མང་ཕེབས་ཐུབ་རྒྱུར་གསོལ་འདེབས་ཞུ་རྒྱུ་དང་། དམིགས་བསལ་བླ་རུང་ཆོས་སྒར་ཆེན་མོའི་སློབ་མ་སློབ་བརྒྱུད་དང་བཅས་པ་འཚོགས་དུས་ཀྱི་ཉིན་བཅུའི་སྔོན་ནམ་གང་ཐུབ་ཀྱིས་སྔ་ཙམ་ཕེབས་ཏེ་གོ་སྒྲིག་ཚོགས་མི་རྣམས་ལ་མཐུན་འགྱུར་དང་རོགས་ཕན་གང་ནུས་བསྩལ་གནང་ཡོང་རེ་བཅས་ཀྱི་གསལ་བསྒྲགས་སུ། འདས་མཆོད་སྨོན་ལམ་གོ་སྒྲིག་ཚོགས་ཆུང་ནས། ཕྱི་ལོ ༢༠༡༨ ལོའི་ཟླ ༡༡ ཚེས ༡༥ ལའོ།།་་་
ཇེ་མང་ཀློགས།བཙུན་མ་གསར་བསྡུའི་གསལ་བསྒྲགས། བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་འདི་ཉིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་དང་བོད་ཀྱི་བཙུན་མའི་ལས་འཆར་སོགས་ཀྱི་མཐུན་འགྱུར་ལ་བརྟེན་ནས་གཙོ་བོ་བོད་ཆོལ་ཁ་གསུམ་ནས་ཕེབས་པའི་བཙུན་མ་ཚོ་དང་། བཙན་བྱོལ་ནང་འཚར་ལོངས་བྱུང་བའི་བཙུན་མ། དེ་བཞིན་ཧི་མ་ལ་ཡའི་རིགས་རྒྱུད་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་བཙུན་མ་རྣམས་ལ་ཆོས་རྒྱུད་རིས་མེད་ཀྱི་ནང་ཆོས་གཙོ་བོར་གྱུར་བའི་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་སླད་སློབ་གཉེར་ཁང་དེ་བཞིན་གསར་དུ་བཙུགས་ཤིང་། ད་བར་ལོ་ངོ་ཉི་ཤུ་ལྷག་ཙམ་གྱི་རིང་ལ་གཙོ་བོ་ནང་ཆོས་མཚན་ཉིད་དང་། བརྡ་སྤྲོད་སུམ་རྟགས། དབྱིན་ཡིག་སོགས་སློབ་སྦྱོང་སྤྲོད་ནས་ཕར་ཕྱིན་རབ་འབྱམས་པ་དང་། དབུ་མ་རབ་འབྱམས་པ། དེ་བཞིན་རིགས་གནས་རབ་འབྱམས་པ་དང་དགེ་བཤེས་མ་སོགས་ཐོན་ནས་དགོན་སྡེ་གཞན་དང་། སློབ་གྲྭ་ཁག་ལ་སློབ་དགེ་བྱེད་བཞིན་ཡོད་ལ། རྗེས་ལོ་སླར་ཡང་བཙུན་མ་གསར་བསྡུ་བྱ་རྒྱུ་ལགས་ན། སློབ་སྦྱོང་ཚུལ་བཞིན་བྱ་འདོད་ཀྱི་འཛུལ་ཞུགས་བྱ་བློ་ཡོད་ན་དགོས་མཁོའི་ཆ་རྐྱེན་ཚང་རིགས་རྣམས་དུས་ཚོད་འགྱངས་མེད་སྙན་ཞུ་འབུལ་རྒྱུ་མ་ཟད་དུས་བཀག་ཚང་རྗེས་སྙན་ཞུ་འབྱོར་རིགས་རང་བཞིན་གྱིས་རྩིས་མེད་དུ་འགྲོ་རྒྱུ། དེ་སྔོན་སློབ་གྲྭ་སོགས་ཀྱི་ལག་འཁྱེར་ཡོད་ན་དེའི་ངོ་བཤུས་འབུལ་དགོས་པའི་ཐོག་ཡིག་རྒྱུགས་དངོས་གཞིའི་ཉིན་ཞིབ་འཇུག་ཆེད་ལག་འཁྱེར་ངོ་བཤུས་མཉམ་འཁྱེར་དགོས། གལ་ཏེ་ལག་འཁྱེར་སོགས་གང་ཡང་མེད་ན་འབྲི་ཀློག་གཉིས་ཀྱི་ཡིག་རྒྱུགས་དང་འབྲི་ཀློག་མི་ཤེས་མཁན་གྱི་རིགས་རྣམས་ངག་རྒྱུགས་ཐོག་སྐབས་དང་བསྟུན་ནས་བརྟག་དཔྱད་བྱ་རྒྱུ་དང་། རྒྱུགས་འཕྲོད་ཀྱང་སྔོན་འགྲོ་ནས་རྟགས་རིགས་བར་ལོ་ངོ་བཞིའི་རིང་ལ་ཀུན་སྤྱོད་སོགས་ལ་ཞིབ་འཇུག་བྱས་ནས་དངོས་གཞི་སྒྲིག་ཁོངས་སུ་བསྡུ་རྒྱུ། དགོན་འདིའི་སྒྲིག་གཞི་བཙུན་མ་སྤྱི་ཡོངས་ལྟར་བརྩི་སྲུང་དགོས་པ་ལས་སུ་ལའང་དམིགས་བསལ་གང་ཡང་མེད་པ་དེ་དོན་དགོངས་འཇགས་ཡོད་པ་ཞུ། ཆ་རྐྱེན། ༡༽ བཙུན་མ་རང་ཉིད་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྙན་ཞུ་ཕྱེད་པར་གཅིག ༢༽ བཙུན་མ་རང་ཉིད་ཀྱི་གཉེན་ཉེ་གང་རུང་གི་རྒྱབ་གཉེར་ཞུ་ཡིག་ཅིག་དགོས། ༣༽ རང་ལོ་བཅུ་བཞི་ཡན་ནས་ཉེར་ལྔ་མན་ཡིན་དགོས། ༤༽ སྨན་པའི་རྒྱབ་གཉེར་ཡིག་ཆ་དགོས། སྤྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་༥་་་
ཇེ་མང་ཀློགས།དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།