ཨ་རིའི་གྲོས་ཚོགས་ནས་ངོ་དེབ་སྦྱིན་བདག་ལ་འདྲི་ཞིབ་བྱས། བོད་ཀྱི་དུས་བབ། ༢༠༡༨/༠༤/༡༢ སྤྱི་ཚོགས་དྲ་ལམ་ངོ་དེབ་ནས་མི་ས་ཡ་མང་པོའི་གསང་བ་ཕྱི་ལ་ཤོར་བར་བརྟེན་ངོ་དེབ་ཀྱི་སྤྱིན་བདག་མཱར་ཁི་ཛོ་ཁིར་བྷག་དགོངས་སེལ་ཞུས་པ་དང་སྦྲགས་མ་འོངས་པར་བདེ་འཇགས་ཤུགས་སྣོན་ཆེད་ལས་མི་ཁྲི་གཉིས་ལེན་རྒྱུ་ཡིན་་་ ཇེ་མང་ཀློགས།
གསང་མྱུལ་བའི་དོགས་གཞིའི་འོག་བོད་མི་ཞིག་འཛིན་བཟུང་བྱས། བོད་ཀྱི་དུས་བབ། ༢༠༡༨/༠༤/༡༢ སི་ཝེ་ཌན་གཞུང་གིས་བོད་མི་ཞིག་འཛིན་བཟུང་བྱས་ཏེ་རྒྱ་ནག་གཞུང་གི་གསང་མྱུལ་བ་ཡིན་པའི་བདེན་དཔང་ཆ་ཚང་ཡོད་སྐོར་བསྒྲགས་འདུག་་་ ཇེ་མང་ཀློགས།
བོད་ཀྱི་ཆེས་སྔ་བའི་བང་སོ་རྙེད་ཡོད་ཟེར། བོད་ཀྱི་དུས་བབ། ༢༠༡༨/༠༤/༡༢ བོད་ཀྱི་སྟོད་མངའ་རིས་ཁུལ་ནས་ལོ་ངོ་༢༠༠༠ ནས་ ༣༠༠༠ ལྷག་གི་ལོ་རྒྱུས་ལྡན་པའི་བང་སོ་ ༩ རྙེད་ཡོད་པ་དང་ཞིབ་འཇུག་པས་བང་སོ་དེ་དག་ནི་བོད་ཀྱི་ཆེས་སྔ་བའི་བང་སོ་ཡིན་པར་བརྗོད།་་་ ཇེ་མང་ཀློགས།
ཕ་མ་ཤི་ནས་ལོ་བཞིའི་རྗེས་བྱིས་པ་སྐྱེས། བོད་ཀྱི་དུས་བབ། ༢༠༡༨/༠༤/༡༢ རྒྱ་ནག་ནང་ཡོད་པའི་ཐེན་ཐེན་ཞེས་པའི་ཕྲུ་གུ་ཞིག་ཁོ་རང་གི་ཕ་མ་གཉིས་རྐྱེན་འདས་སུ་ཕྱིན་སྟེ་ལོ་བཞི་ཡི་རྗེས་སུ་ལའོ་སིའི་བུད་མེད་ཅིག་གི་མངལ་ནས་བདེ་ལེགས་ངང་སྐྱེས་ཡོད་པ་རེད།་་་ ཇེ་མང་ཀློགས།
བཙོན་ཁང་གཏོར་སྟེ་བཙོན་པ་བསད། བོད་ཀྱི་དུས་བབ། ༢༠༡༨/༠༤/༡༡ གཏོར་རྒོལ་ཚོགས་པ་ཞིག་གིས་སྦིར་ཛིལ་གྱི་བཙོན་ཁང་ཞིག་ཏུ་འབར་རྫས་གཡུགས་སྟེ་མི་གྲངས་ ༢༣ ལ་ཤི་རྨས་བྱུང་ཡོད་འདུག་་་ ཇེ་མང་ཀློགས།
གནམ་གྲུ་བརྡབས་ཏེ་དམག་མི་ ༢༥༧ བསད། བོད་ཀྱི་དུས་བབ། ༢༠༡༨/༠༤/༡༡ ཨལ་ཇེ་རི་ཡའི་དམག་མིའི་གནམ་གྲུ་ཞིག་ལ་གློ་བུར་དུ་བརྡབ་སྐྱོན་བྱུང་སྟེ་དམག་མི་ ༢༥༧ རྐྱེན་ལམ་དུ་ཤོར་བ་དང་ཁག་ཅིག་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་འདུག་་་ ཇེ་མང་ཀློགས།
རིན་མེད་འབྲས་ནད་བརྟག་དཔྱད། བོད་ཀྱི་དུས་བབ། ༢༠༡༨/༠༤/༡༡ རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ཁག་ཏུ་རིན་མེད་ངང་འབྲས་ནད་བརྟག་དཔྱད་དང་སྔོན་འགོག་ཐབས་ཀྱི་གོ་རྟོགས་ལས་འགུལ་ཞིག་སྤེལ་གྱི་ཡོད་འདུག་་་ ཇེ་མང་ཀློགས།