རྒྱ་ནག་དྲ་རྒྱ་དོ་དམ་ཁང་གི་མགོ་འཁྲིད་ཀྱིས་ནག་ཉེས་ངོས་ལེན་བྱས། བོད་ཀྱི་དུས་བབ། ༢༠༡༨/༠༧/༣༡ རྒྱ་ནག་རྒྱལ་ཁབ་ཀྱི་དྲ་རྒྱའི་ཆ་འཕྲིན་དོ་དམ་ཁང་གི་མགོ་འཁྲིད་ཟུར་པ་ལེའུ་ཝེ་དང་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་འཁྲིད་ཟུར་པ་མོ་ཇེན་ཁྲང་སོགས་མཐོ་རིམ་མགོ་འཁྲིད་གསུམ་ལ་ཁྲིམས་ཐག་བཅད་ཡོད་འདུག་་་ ཇེ་མང་ཀློགས།
རོ་སྒམ་བེད་སྤྱོད་གཏོང་མི་ཆོག བོད་ཀྱི་དུས་བབ། ༢༠༡༨/༠༧/༣༡ རྒྱ་ནག་ཅང་ཞི་ཞིང་ཆེན་སྲིད་གཞུང་གིས་འདི་ལོའི་ཕྱི་ཟླ་ ༩ པ་ནས་བཟུང་མི་འདས་གྲོངས་སུ་ཕྱིན་རྗེས་ཕུང་པོ་མེར་བསྲེགས་གཏོང་དགོས་པ་ལས་རོ་སྒམ་ནང་དུ་བཅུག་སྟེ་དུར་འཇུག་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་འདུག་་་ ཇེ་མང་ཀློགས།
ཐའེ་ཝན་ནང་བོད་ཀྱི་རྒྱལ་དར་བྱང་བུ་བཀོལ་སྤྱོད། བོད་ཀྱི་དུས་བབ། ༢༠༡༨/༠༧/༣༠ ཐའེ་ཝན་གྱི་བོད་དོན་རྒྱབ་སྐྱོར་བ་ཚོར་རྔན་པའི་ཚུལ་དུ་བོད་ཀྱི་རྒྱལ་དར་དཔར་བའི་འགྲུལ་སྐྱོད་བྱང་བུ་དང་ཅ་དངོས་ཉོ་བྱེད་སོགས་ཀྱི་བྱང་བུ་ཞིག་རིན་མེད་ཀྱིས་སྤྲད་དེ་བཀོལ་སྤྱོད་བྱེད་བཞིན་འདུག་་་ ཇེ་མང་ཀློགས།
ལག་ཐོག་ཁ་པར་ཁྲི་ ༢ རིན་མེད་ཀྱིས་སྤྲད། བོད་ཀྱི་དུས་བབ། ༢༠༡༨/༠༧/༣༠ བོད་རང་སྐྱོང་ལྗོངས་ནང་རྒྱ་གཞུང་གིས་དྲ་རྒྱའི་དབུལ་སྐྱོར་ལས་གཞི་གཏིང་ཟབ་ཏུ་སྤེལ་ཆེད་གོ་སྐབས་གསར་པ་དང་ཆ་རྐྱེན་གསར་པ། སྟེགས་བུ་གསར་པ་ཞེས་པ་བསྐྲུན་ཏེ་ལག་ཐོག་ཁ་པར་ཁྲི་ ༢ རིན་མེད་དུ་སྤྲད་ཡོད་འདུག་་་ ཇེ་མང་ཀློགས།
ལོ་ངོ་ ༤༠ རྗེས་འོས་བསྡུ་ཐེངས་དང་པོ་བྱས། བོད་ཀྱི་དུས་བབ། ༢༠༡༨/༠༧/༣༠ དེ་རིང་ལྷོ་ཨ་ཧྥི་རུ་ཁའི་རྒྱལ་ཁབ་ཛིམ་བྷ་བེ་མི་མང་གིས་ལོ་ངོ་བཞི་བཅུའི་རྗེས་ཀྱི་སྲིད་འཛིན་འོས་བསྡུ་ཐེངས་དང་པོ་བྱས་ཡོད་ཀྱང་སྲིད་འཛིན་ཟུར་པ་མུ་གྷ་བྷི་ཡིས་འོས་བསྡུའི་གྲུབ་འབྲས་ལ་ངོས་ལེན་བྱེད་ཀྱི་མེད་འདུག་་་ ཇེ་མང་ཀློགས།
ཞིང་ཆེན་མགོ་འཁྲིད་ཅིག་ལ་ལོ་ངོ་ ༡༦ ཁྲིམས་ཐག་བཅད། བོད་ཀྱི་དུས་བབ། ༢༠༡༨/༠༧/༣༠ རྒྱ་ནག་ཧྥུའུ་ཅན་ཞིང་ཆེན་གྱི་མགོ་འཁྲིད་ཟུར་པ་སུ་སུའུ་ལིན་གྱིས་ལྐོག་རྔན་འབོར་ཆེན་བླངས་པའི་ཉེས་མིང་འོག་ལོ ༡༦ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་་་ ཇེ་མང་ཀློགས།
ས་ཡོམ་གྱིས་མི་མང་པོར་ཤི་རྨས་བཟོས། བོད་ཀྱི་དུས་བབ། ༢༠༡༨/༠༧/༣༠ ཁ་སང་ཨིན་རྡུ་ནེ་ཞི་ཡའི་ནང་ཚད་རིམ་ ༦།༤ ཅན་གྱི་ས་ཡོམ་བྱུང་སྟེ་ཡུལ་དེའི་ལོམ་བྷོ་གླིང་ཕྲན་གྱི་ཡུལ་སྐོར་བ་ ༡༤ རྐྱེན་འདས་དང་མི་གྲངས་ ༡༦༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག་་་ ཇེ་མང་ཀློགས།
རྐང་སྤོལ་རུ་ཁག་ཅིག་གིས་དུས་བཅད་ཀྱི་གྲྭ་པ་བྱས། བོད་ཀྱི་དུས་བབ། ༢༠༡༨/༠༧/༣༠ ཐའེ་ལན་ཌིའི་རྐང་སྤོལ་རུ་ཁག་གིས་སྲོག་སྐྱོབ་དྲིན་ཆེན་ལ་བཀའ་དྲིན་ཞུ་ཆེད་དུས་བཅད་ཀྱི་གྲྭ་པ་བྱས།་་་ ཇེ་མང་ཀློགས།