ཐུ་བྷོད་སྙན་ངག་མཁན་པོའི་མཚན་གནས་ཕུལ། བོད་ཀྱི་དུས་བབ། ༢༠༡༨/༠༦/༡༩ བོད་ཀྱི་སྙན་ངག་པ་དང་རྩོམ་པ་པོ་གྲགས་ཅན་འཇུ་སྐལ་བཟང་ལགས་ལ་ཐུ་བྷོད་སྙན་ངག་མཁན་པོའི་མཚན་གནས་ཕུལ་ཡོད་འདུག་་་ ཇེ་མང་ཀློགས།
ཇོ་ནང་གཞན་སྟོང་བགྲོ་གླེང་ཐེངས་བཅུ་གསུམ་པ་ཚོགས། བོད་ཀྱི་དུས་བབ། ༢༠༡༨/༠༦/༡༨ ཇོ་ནང་གཞན་སྟོང་བགྲོ་གླེང་བཅུ་གསུམ་པའི་ཐོག་ཏུ་དགོན་སྡེ་ ༤༠ ལྷག་ནས་སློབ་གཉེར་བ་ ༢༧༠༠ལྷག་འཛོམས་ནས་མདོ་སྔགས་གཞུང་ལུགས་ལ་བགྲོ་གླེང་མཐར་ཕྱིན་པ་མཛད་་་ ཇེ་མང་ཀློགས།
བོད་མི་ཞིག་ལ་གསང་ཉུལ་བའི་ཁྲིམས་ཆད་ཕོག བོད་ཀྱི་དུས་བབ། ༢༠༡༨/༠༦/༡༦ སི་ཝེ་ཌན་ནང་གནས་སྡོད་བྱས་ཡོད་པའི་བོད་མི་རྡོ་རྗེ་རྒྱལ་མཚན་ཟེར་བ་ཞིག་གིས་བཙན་བྱོལ་བོད་མིའི་གནས་ཚུལ་བསྡུ་རུབ་ཀྱིས་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་པའི་ནག་ཉེས་འོག་ལོ་གཉིས་མ་ཟིན་ཙམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད།་་་ ཇེ་མང་ཀློགས།
སྙིང་སྟོབས་ཞུམ་པ་མེད་པའི་རྩོམ་སྒྲིག་པ་ཞིག་ལྐོག་གསོད་བྱས། བོད་ཀྱི་དུས་བབ། ༢༠༡༨/༠༦/༡༥ རྒྱ་གར་རྩོམ་སྒྲིག་པའི་མཐུན་ཚོགས་ཀྱིས་གསར་འགོད་པར་དྲག་རྒོལ་བྱེད་པ་ནི་གསར་འགོད་རང་དབང་གི་གཞི་རྩའི་ཐོབ་ཐང་དང་ཡང་དག་པའི་དམངས་གཙོ་རྡོག་རོལ་གཏོང་གི་ཡོད་སྐོར་བརྗོད་འདུག་་་ ཇེ་མང་ཀློགས།
༧གོང་ས་མཆོག་སྐུ་གཟུཊ་གསལ་ཐང་ཡིན། བོད་ཀྱི་དུས་བབ། ༢༠༡༨/༠༦/༡༣ ཉེ་སྔོན་གསར་ཁང་ཞིག་གིས་༧གོང་ས་མཆོག་གི་སྐུ་གཟུགས་གནས་སྟངས་ཛ་དྲག་ཆགས་ཡོད་སྐོར་གྱི་གནས་ཚུལ་སྤེལ་ཏེ་མི་མང་པོར་སེམས་འཚབ་བསླངས་ཡོད་ཀྱང་སྐུའི་བླ་སྨན་པ་སོགས་ནས་༧གོང་ས་མཆོག་གི་སྐུ་གཟུགས་གསལ་ཐང་ཡིན་པས་ཚང་མས་་་ ཇེ་མང་ཀློགས།
བསྟན་འཛིན་རྡོ་རྗེ་ལཊ་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོཊ་ཀྱི་ཚོཊ་གཙོར་བསྐོས། བོད་ཀྱི་དུས་བབ། ༢༠༡༨/༠༦/༡༣ འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོར་སྤྱི་མོས་འདེམས་ཐོན་བྱུང་འདུག་་་ ཇེ་མང་ཀློགས།
སྐུ་བརྙན་གསར་བཞེངས་གནང་། བོད་ཀྱི་དུས་བབ། ༢༠༡༨/༠༦/༡༣ བལ་ཡུལ་བོད་མི་ཚོས་བོད་དོན་ཆེད་སྐུ་སྲོག་ཤོར་བ་རྣམས་ཀྱི་འཁྲུངས་རྟགས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བརྙན་ཞིག་གསར་བཞེངས་ལེགས་འགྲུབ་བྱུང་ཡོད་འདུག དེ་རིང་ཞོགས་པའི་ཆུ་ཚོད་ ༩ ཐོག བལ་ཡུལ་ཤེལ་དཀར་ཆོས་སྡེ་དགེ་ལྡན་ལེགས་བཤད་གླིང་གི་་་ ཇེ་མང་ཀློགས།
ཐའེ་ཝན་ནང་ཨ་རིའི་གཞུང་ཚབ་བསྐོས་བར་སྐྱོན་བརྗོད་བྱས། བོད་ཀྱི་དུས་བབ། ༢༠༡༨/༠༦/༡༣ རྒྱ་ནག་གཞུང་གིས་ཐའེ་ཝན་ནང་ཨ་རིའི་གཞུང་ཚབ་བསྐོ་བཞག་བྱས་པ་དེ་ནི་རྒྱ་ནག་གཅིག་གི་སྲིད་བྱུས་ལ་གུས་བརྩི་མེད་པའི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པས་ཕྱིར་འཐེན་དགོས་ཟེར། ་་་ ཇེ་མང་ཀློགས།