ཀུ་ཤུ་ཉིན་རེའི་གསར་ཁང་འཛུགས་མཁན་འཛིན་བཟུང་བྱས། བོད་ཀྱི་དུས་བབ། ༢༠༢༠/༠༢/༢༨ རྒྱ་ནག་དང་ཧོང་ཀོང་གཞུང་གི་མགོ་འཁྲིད་ཚོར་དུས་རྒྱུན་སྐྱོན་བརྗོད་མང་པོ་བྱེད་མཁན་ཀུ་ཤུ་ཉིན་རེའི་གསར་ཁང་འཛུགས་མཁན་ཇི་མི་ལའེ་ལགས་རང་ཁྱིམ་ནས་འཛིན་བཟུང་བྱས་ཡོད་འདུག་་་ ཇེ་མང་ཀློགས།
རྒྱ་གར་བྷེང་ལོར་དུ་ཕག་པའི་འགོས་ནད་བསླེབས་འདུག བོད་ཀྱི་དུས་བབ། ༢༠༢༠/༠༢/༢༧ རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་དུ་ཕག་པའི་འགོས་ནད་(H1N1)བསྐྱར་དུ་བྱུང་སྟེ་མི་ ༡༠༠ ལྷག་ལ་ནད་རྟགས་ཐོན་ཡོད་འདུག་་་ ཇེ་མང་ཀློགས།
མི་སེར་ཐོབ་ཐང་གི་བཅའ་ཁྲིམས་ལ་རྒྱབ་སྐྱོར་དང་ངོ་རྒོལ་བྱེད་མཁན་བར་འཁྲུག་འཛིང་ཤོར། བོད་ཀྱི་དུས་བབ། ༢༠༢༠/༠༢/༢༦ རྒྱ་གར་རྒྱལ་ས་ལྡི་ལིའི་བྱང་ཕྱོགས་སུ་མི་སེར་ཐོབ་ཐང་གི་བཅའ་ཁྲིམས་ལ་རྒྱབ་སྐྱོར་དང་ངོ་རྒོལ་བྱེད་མཁན་བར་འཁྲུག་འཛིང་ཤོར་ཏེ། མི་གྲངས་ ༢༧ ལྷག་གི་སྲོག་ཤོར་ཡོད་པ་དང་། མི་གྲངས་ ༡༨༨ བརྒལ་བར་རྨས་སྐྱོན་ཕོག་འདུག་་་ ཇེ་མང་ཀློགས།
བལ་ཡུལ་གྱི་གསར་འགྱུར་རྩོམ་སྒྲིག་པ་ ༡༧ གྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས། བོད་ཀྱི་དུས་བབ། ༢༠༢༠/༠༢/༢༠ རྒྱ་ནག་གཞུང་ཚབ་ཀྱིས་བལ་ཡུལ་གསར་འགོད་པ་ཚོར་རྒྱ་ནག་གིས་བལ་ཡུལ་གསོ་སྐྱོང་བྱེད་བཞིན་ཡོད་པས་གསོ་སྐྱོང་བྱེད་མཁན་གྱི་ལག་པར་སོ་རྒྱག་མི་ཆོག་པའི་ཉེན་བརྡ་གཏོང་གི་ཡོད་འདུག་་་ ཇེ་མང་ཀློགས།
ཨ་རིས་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ ༥ ལ་དོགས་ཟོན་བྱེད་ཀྱི་འདུག བོད་ཀྱི་དུས་བབ། ༢༠༢༠/༠༢/༡༩ ཨ་རིའི་གཞུང་ནས་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཤིན་ཧྭ་དང་རྒྱལ་སྤྱིའི་རླུང་འཕྲིན་ཁང་ཟེར་བ་སོགས་ཀྱིས་ཆབ་སྲིད་དྲིལ་བསྒྲགས་བྱེད་ཀྱི་ཡོད་པར་དོགས་ཟོན་དགོས་པའི་ཐག་གཅོད་གནང་འདུག་་་ ཇེ་མང་ཀློགས།
རྒྱ་གར་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཨང་ལྔ་པར་གྱུར། བོད་ཀྱི་དུས་བབ། ༢༠༢༠/༠༢/༡༨ ཨ་རིའི་དཔྱད་ཞིབ་ཁང་ཞིག་གིས་ཕྱི་ལོ་ ༢༠༡༩ ལོའི་རྒྱ་གར་གྱི་རྒྱལ་ཡོངས་ཐོན་སྐྱེད་སྤྱི་འབོར་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༢།༩༤ ལ་འཕར་ཡོད་སྐོར་བསྒྲགས་འདུག་་་ ཇེ་མང་ཀློགས།
ཏཱ་ལའི་བླ་མ་ཞེས་པའི་བརྙན་འཕྲིན་ལེ་ཚན་ཞིག་དབུ་འབྱེད་གནང་། བོད་ཀྱི་དུས་བབ། ༢༠༢༠/༠༢/༡༧ དུས་རྒྱུན་༧གོང་ས་མཆོག་གི་མདུན་ནས་གསུང་ཆོས་ཞུ་མཁན་ཝི་ཏི་ནམ་གྱི་ཁེ་ལས་པ་ཞིག་གིས་སྦྱིན་བདག་གནང་སྟེ་ཏཱ་ལའི་བླ་མ་ཞེས་པའི་བརྙན་འཕྲིན་ལེ་ཚན་ཞིག་དབུ་འབྱེད་གནང་སྟེ་གཙོ་བོ་ཝི་ཏི་ནམ་གྱི་དད་ལྡན་དོན་གཉེར་་་ ཇེ་མང་ཀློགས།
གྷན་དྷི་མཆོག་གི་སྐུ་བརྙན་གཏོར་རྒོལ་བཏང་། བོད་ཀྱི་དུས་བབ། ༢༠༢༠/༠༢/༡༠ ཁ་སང་རྒྱ་གར་ཤར་ཕྱོགས་མངའ་སྡེ་ཇར་ཁན་ཌིའི་ (Jharkhand) གྲོང་ཁྱེར་ (Hazaribagh) ནང་རྒྱ་གར་གྱི་ཞི་བདེའི་འཐབ་རྩོད་ཀྱི་ཡབ་ཆེན་གྷན་དྷི་མཆོག་གི་སྐུ་བརྙན་ཞིག་གཏོར་བཤིག་བཏང་ཡོད་པས། གྲོང་ཁྱེར་ཉེན་རྟོག་པས་ཉེས་ཅན་རྩད་གཅོད་གཏོང་བཞིན་ཡོད་འདུག་་་ ཇེ་མང་ཀློགས།