གངས་ཕྲུག་དོན་འགྲུབ་ལ་གསེར་གྱི་རྟགས་མ་ཐོབ། བོད་ཀྱི་དུས་བབ། ༢༠༡༨/༡༢/༠༧ བོད་རིགས་འབྲོག་མི་པར་ལེན་སྒྱུ་རྩལ་བ་གངས་ཕྲུག་དོན་འགྲུབ་ལགས་ལ་སྐབས་དོན་གསུམ་པའི་ཧོང་ཀོང་རྒྱལ་སྤྱིའི་པར་ལེན་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་ཐོབ།་་་ ཇེ་མང་ཀློགས།
སྣེའུ་གདོང་ཟམ་ཆེན་འགྲུབ་ལ་ཡོད་ཟེར། བོད་ཀྱི་དུས་བབ། ༢༠༡༨/༡༢/༠༧ རྒྱ་ནག་གཞུང་གིས་བོད་སྣེའུ་གདོང་ནས་སྟོད་ལུང་བདེ་ཆེན་བར་ཟམ་པ་རིང་པོ་ཞིག་རྒྱག་བཞིན་ཡོད་པ་དེ་ཟླ་འདིའི་ཟླ་མཇུག་ཏུ་འགྲུབ་ཀྱི་ཡོད་སྐོར་བསྒྲགས་འདུག་་་ ཇེ་མང་ཀློགས།
བོད་ནང་ལོ་ཁྲི་ ༤ ཙམ་གྱི་ལོ་རྒྱུས་ལྡན་པའི་རྡོ་ཆས་རྙེད། བོད་ཀྱི་དུས་བབ། ༢༠༡༨/༡༢/༠༡ བོད་རང་སྐྱོང་ལྗོངས་ཉིང་ཁྲི་ཀླུ་སྟེང་གྲོང་ཚོ་ནས་ལོ་ངོ་ཁྲི་ ༣ ནས་ ༤ བར་གྱི་ལོ་རྒྱུས་ལྡན་པའི་རྡོ་ཆས་རིགས་དང་སྲོག་ཆགས་ཀྱི་རུས་པ་སོགས་རྙེད་ཡོད་འདུག་་་ ཇེ་མང་ཀློགས།
རེབ་གོང་ནས་ནག་ཚོཊ་ཤིག་རྩད་ཆོད་ཡོད་ཟེར། བོད་ཀྱི་དུས་བབ། ༢༠༡༨/༡༡/༣༠ རྒྱ་ནག་གཞུང་ནས་རེབ་གོང་ཧོར་རྒྱ་སྡེ་བའི་ས་ཞིང་བསྡུ་རུབ་བྱེད་པར་མོས་མཐུན་མི་བྱེད་མཁན་གྱི་ནག་ཚོགས་ཤིག་རྩད་ཆོད་དེ་ངན་ཇུས་པ་ཚོགས་མི་ ༩ འཛིན་བཟུང་བྱས་ཡོད་སྐོར་བསྒྲགས་འདུག་་་ ཇེ་མང་ཀློགས།
གློག་སྡོང་གིས་ཆབ་མདོ་ནས་ལྷོ་ཁར་མཐུད། བོད་ཀྱི་དུས་བབ། ༢༠༡༨/༡༡/༢༨ རྒྱ་ནག་གཞུང་གིས་བོད་ཆབ་མདོ་ནས་ལྷོ་ཁ་བར་གྱི་མཐོ་སྒང་དུ་རིང་ཚད་སྤྱི་ལེ་ ༢༧༣༨ ཡོད་པའི་གློག་སྡོང་དྲ་བ་འཛུགས་སྐྲུན་གྱི་ལས་གཞི་གྲུབ་སྟེ་གློག་ཤར་གཏོང་བྱས་ཡོད་ལུགས་བརྗོད་འདུག་་་ ཇེ་མང་ཀློགས།
འབྲི་གཡག་ཁྲི་གཉིས་ལ་ལག་འཁྱེར་སྤྲད། བོད་ཀྱི་དུས་བབ། ༢༠༡༨/༡༡/༢༧ རྒྱ་ནག་གཞུང་གིས་མང་ཕྱུག་མང་ཕན་གྱི་སྲིད་བྱུས་ཟེར་བ་ལག་བསྟར་བྱས་ཏེ་དཀར་མཛེས་ཁུལ་ལི་ཐང་རྫོང་ཁོངས་ཀྱི་ནོར་གནག་ཁྲི་ ༢ ལ་ཉེན་འགོག་འགན་བཅོལ་ེཞེས་པའི་ལག་འཁྱེར་སྤྲད་ཡོད་འདུག་་་ ཇེ་མང་ཀློགས།
ལྐོག་རྔན་བླངས་བས་ཚེ་བཙོན་གྱི་ཁྲིམས་ཐག་བཅད། བོད་ཀྱི་དུས་བབ། ༢༠༡༨/༡༡/༢༤ རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ལྷ་ས་གྲོང་ཁྱེར་ཆུ་མཁོ་འདོན་ཡན་ལག་ཁང་གི་མགོ་འཁྲིད་གཞོན་པ་བོད་མི་བློ་བཟང་ཚེ་རིང་ཞེས་པ་ཞིག་ལ་ཞིབ་བཤེར་བྱེད་ཀྱི་འདུག་་་ ཇེ་མང་ཀློགས།
དྲ་ཐོག་ནས་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཡིག་ཚད་བཏང་། བོད་ཀྱི་དུས་བབ། ༢༠༡༨/༡༡/༢༢ རྒྱ་ནག་གཞུང་གིས་བོད་ནང་དུ་ཐབས་བརྒྱ་ཇུས་སྟོང་གིས་ཆབ་སྲིད་དྲིལ་བསྒྲགས་སྣ་ཚོགས་བྱེད་བཞིན་ཡོད་པ་ལྟར་དྲ་ཐོག་བརྒྱུད་དུས་གཅིག་ལ་ལྷ་ས་ཁུལ་གྱི་མི་གྲངས་ ༣༡༤༠༠༠ ལ་རྩ་ཁྲིམས་དང་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཡིག་ཚད་བཏང་ཡོད་འདུག་་་ ཇེ་མང་ཀློགས།