ཆོས་ལུགས་ལས་དོན་ལ་སྔར་ལྷག་དོགས་ཟོན་དགོས། བོད་ཀྱི་དུས་བབ། ༢༠༡༨/༠༨/༢༨ རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཝང་ཡང་གིས་བོད་ནང་ཆོས་ལུགས་ཁག་གི་ལས་དོན་ཐོག་སྔར་ལྷག་དམ་དྲག་དོགས་ཟོན་བྱེད་དགོས་པ་མ་ཟད། ཁ་བྲལ་རིང་ལུགས་ལ་ངེས་པར་དུ་ཁ་གཏད་གཅོག་དགོས་སྐོར་བརྗོད་འདུག་་་ ཇེ་མང་ཀློགས།
བོད་ནང་དྲག་ཆས་བཀོལ་སྤྱོད་ཀྱི་དམག་སྦྱོང་བྱེད་ཀྱི་འདུག བོད་ཀྱི་དུས་བབ། ༢༠༡༨/༠༨/༡༨ རྒྱ་ནག་བཅིངས་གྲོལ་དམག་གིས་མེ་སྒྱོགས་དང་མེ་ཤུགས་འཕུར་མདེལ་སོགས་བོད་མཐོ་སྒང་དུ་དབོར་འདྲེན་བྱས་ཏེ་དྲག་ཆས་བཀོལ་སྤྱོད་ཀྱི་སྦྱོང་བརྡར་བྱེད་བཞིན་ཡོད་འདུག་་་ ཇེ་མང་ཀློགས།
གནའ་རྫས་དཔྱད་ཞིབ་སྡེ་ཁག་ཅིག་བོད་དུ་བསྐྱོད། བོད་ཀྱི་དུས་བབ། ༢༠༡༨/༠༨/༡༧ བོད་རྒྱའི་གནའ་རྫས་རིག་པའི་ཆེད་མཁས་པ་ ༣༠ ལྷག་གིས་གྲུབ་པའི་དཔྱད་ཞིབ་སྡེ་ཁག་གསར་པ་ཞིག་བོད་ཁུལ་དུ་ཆེད་གཏོང་གིས་མཚོ་བོད་མཐོ་སྒང་གི་གནའ་བོའི་ཤེས་རིག་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག་་་ ཇེ་མང་ཀློགས།
བོད་མི་ཞིག་ལ་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ། བོད་ཀྱི་དུས་བབ། ༢༠༡༨/༠༨/༡༤ བོད་རིགས་བརྩམས་སྒྲུང་རྩོམ་པ་པོ་གྲགས་ཅན་ཨ་ལའེ་ལགས་སུ་རྒྱ་ནག་གི་རྩོམ་རིག་བྱ་དགའ་ཆེ་ཤོས་ཀྱི་གྲས་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་ཡོད་འདུག་་་ ཇེ་མང་ཀློགས།
བོད་ཀྱི་བང་སོ་སྔོག་འདོན། བོད་ཀྱི་དུས་བབ། ༢༠༡༨/༠༨/༡༣ རྒྱ་ནག་གཞུང་གིས་བོད་མངའ་རིས་རྩ་མདའ་རྫོང་ཁོངས་ནས་ལོ་ངོ་༢༠༠༠ གི་ལོ་རྒྱུས་ཡོད་པའི་གནའ་བོའི་བང་སོ་ ༡༠ ལྷག་སྔོག་བཞིན་ཡོད་འདུག་་་ ཇེ་མང་ཀློགས།
རེབ་གོང་སྒྱུ་རྩལ་འགྲན་སྡུར་བྱས། བོད་ཀྱི་དུས་བབ། ༢༠༡༨/༠༨/༠༩ རེབ་གོང་ཐང་ཆེན་དུ་རེབ་གོང་ཐང་བྲིས་སྒྱུ་རྩལ་འགྲན་སྡུར་སྐབས་ ༤ པ་བསྡུས་ཏེ་ཐང་བྲིས་པ་ ༤༦༧ དང་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་པ་ ༨༣ མཉམ་ཞུགས་བྱས་ཡོད་འདུག་་་ ཇེ་མང་ཀློགས།
རྒྱ་ནག་ནས་དགེ་རྒན་མང་པོ་བོད་དུ་བཏང་། བོད་ཀྱི་དུས་བབ། ༢༠༡༨/༠༨/༠༧ རྒྱ་ནག་ཧྲང་ཧེ་ནས་དགེ་རྒན་ ༥༥ བོད་གཞིས་ཀ་རྩེ་རུ་ཆེད་གཏོང་བྱས་ཏེ་གྲངས་ཉུང་མི་རིགས་ས་ཁུལ་དུ་ཤེས་ཡོན་མཐོར་འདེགས་ཀྱི་རོགས་སྐྱོར་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག་་་ ཇེ་མང་ཀློགས།
བསྟན་འཛིན་ཆོས་འཕེལ་ལགས་རྒྱ་གཞུང་གིས་འཇུ་བཟུང་བྱས། བོད་ཀྱི་དུས་བབ། ༢༠༡༨/༠༨/༠༦ རྒྱ་ནག་གཞུང་གིས་བོད་ནག་ཆུ་ས་ཁུལ་ནས་ཡིན་པའི་བོད་རིགས་ཚོང་པ་བསྟན་འཛིན་ཆོས་འཕེལ་ཞེས་པ་ཞིག་གློ་བུར་དུ་འཛིན་བཟུང་བྱས་ཏེ་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་འདུག་་་ ཇེ་མང་ཀློགས།