མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་དྲིལ་བཀའ་བློན་གྱི་འགན་སྲིད་སྐྱོང་མཆོག་གིས་མཉམ་ལྕོགས་གནང་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༠༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ལས་གནས་ནས་རྩ་དགོངས་ཞུས་ཟིན་པ་དང་འབྲེལ་ཏེ། དེ་རིང་ཕྱི་དྲོའི་ཆུ་ཚོད་ ༥།༣༠ སྟེང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་འབྲེལ་གྱི་གནས་ཚུལ་ཐོག་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་།

IMG_5278བཀའ་ཤག་གི་གསལ་བསྒྲགས་ནང་འཁོད་དོན། “ད་ཉིན་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༨ རེས་བཟའ་ཉི་མའི་སྔ་དྲོར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གློ་བུར་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་འདུག་པ་དང་། དགོངས་ཞུ་གནང་དགོས་པའི་རྒྱུ་མཚན་ཡིག་ཐོག་ཏུ་ང་རང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་འགངས་ཆེ་བ་ཁག་གདོང་ལེན་གནང་བའི་ཆེད་དུ་ཡིན་སྐོར་དང་། ཞལ་ཐོག་ནས་བཀའ་བློན་ཡིན་མུས་ཐོག་ད་ལྟ་འགྲོ་བཞིན་པའི་འོས་བསྡུ་ཆེན་མོའི་བགྲོ་གླེང་ལས་རིམ་ཁག་ནང་མཉམ་ཞུགས་ཐུབ་པའི་ཆེད་དུ་ཡིན་སྐོར་དཔལ་ལྡན་སྲིད་སྐྱོང་མཆོག་ལ་སྙན་ཞུ་གནང་འདུག་ཅིང་། ད་ཉིན་ནས་གནས་སྐབས་ཆར་ཕྱི་དྲིལ་བཀའ་བློན་གྱི་མཛད་འགན་དཔལ་ལྡན་སྲིད་སྐྱོང་མཆོག་ནས་མཉམ་ལྕོགས་གནང་རྒྱུ་གནང་སོང་བ་བཅས་གསལ་བསྒྲགས་སུ། བཀའ་དྲུང་ཡིག་ཚང་ནས།” ཞེས་བཀོད་འདུག

 

IMG_5269

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༤།༣༠ སྟེང་། བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་བཟང་མོ་ལགས་དང་གསར་འགོད་པ་ཚོར་ཁ་པར་འབྱོར་ཏེ། ད་ལྟ་བཀའ་ཤག་ལྷན་རྒྱས་ཚོགས་ཡོད་པ་དང་། དེའི་རྗེས་ལ་སྲིད་སྐྱོང་མཆོག་གིས་ཕྱི་དྲིལ་བཀའ་བློན་སྐོར་ལ་གསལ་བསྒྲགས་ཤིག་སྤེལ་འཆར་ཡོད་སྐོར་བརྗོད་པ་བཞིན། གསར་འགོད་པ་རྣམས་ཆུ་ཚོད་ ༥ པའི་སྟེང་བཀའ་ཤག་མདུན་དུ་འཛོམས་སྐབས། བཀའ་བློན་ལྷན་ཚོགས་གྲོལ་བཞིན་ཡོད་ཀྱང་བཀའ་ཤག་གི་ལས་བྱེད་ཚོས་གསར་འགོད་ལྷན་ཚོགས་ཡོད་པ་ཤེས་རྟོགས་བྱུང་མེད་སྟབས། གསར་འགོད་པ་ཚོས་བསྐྱར་དུ་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་ཁ་པར་བཏང་སྐབས་སྲིད་སྐྱོང་ཕེབས་གྲབས་ཡོད་སྐོར་བརྗོད་བྱུང་།

སྲིད་སྐྱོང་མཆོག་གིས་ངག་ཐོག་ནས་གསལ་བཤད་གནང་བའི་ནང་། དེ་རིང་ཞོགས་པ་སྔ་བོར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ངའི་ནང་ལ་ཕེབས་སོང་། གློ་བུར་དུ་ཕྱི་དྲིལ་བཀའ་བློན་ནས་དགོངས་པ་ཞུ་རྒྱུ་ཡིན་གསུང་གི་འདུག དེའི་རྗེས་ལ་གསར་འགོད་ལྷན་ཚོགས་བསྐོངས་ཏེ་རྒྱུ་མཚན་ཞུས་འདུག ང་རང་ལ་ག་རེ་གསུངས་སོང་ཟེར་ན། ད་ལྟ་འོས་བསྡུ་ཆེན་མོ་འགྲོ་བཞིན་ཡོད་པའི་ནང་མོ་རང་གིས་ཆ་ཤས་ལེན་འདོད་ཡོད། བཀའ་བློན་ལས་ཐོག་ཡིན་ན་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་ཆ་ཤས་ལེན་ཐུབ་ཀྱི་མི་འདུག་སྟབས། བཀའ་བློན་གྱི་ཞབས་སྟེགས་ལས་དགོངས་པ་ཞུས་ཏེ་འོས་བསྡུའི་ནང་ཆ་ཤས་ལེན་རྒྱུ་ཡིན་གསུངས་སོང་། ང་ཚོ་ཚང་མས་མཁྱེན་གསལ་ལྟར། ༧གོང་ས་མཆོག་གིས་གསོལ་རས་གནང་བཞག་པའི་དམངས་གཙོ་འདིའི་ནང་སུ་ཞིག་གིས་ཆ་ཤས་ལེན་ནའང་གཏམ་བརྗོད་རང་དབང་རེད།

ལོ་བཞི་དང་ཕྱེད་ལྷག་རིང་ཕྱག་རོགས་བཀའ་བློན་གནང་བ་དེ་ལ་ངས་ཕྱག་རོགས་བཀའ་བློན་ཚང་མས་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་ཉིན་རྒྱབ་བཀའ་བློན་ལྷན་ཚོགས་ཚོགས་པ་རེད། ཚོགས་དགོས་དོན་ཡང་ཕྱི་དྲིལ་བཀའ་བློན་གློ་བུར་དུ་དགོངས་པ་ཞུས་ཡོད་སྟབས། སང་ཉིན་ནས་ཕྱི་དྲིལ་ལས་ཁུངས་ལ་འགན་འཁུར་མཁན་ཞིག་དགོས་ཀྱི་ཡོད་སྟབས། བཀའ་ཤག་གིས་ཐུགས་ཐག་བཅད་པ་དེ་གནས་སྐབས་རིང་སྲིད་སྐྱོང་རང་གིས་ཕྱི་དྲིལ་གྱི་འགན་དེ་འཁུར་རྒྱུ་བྱས་པ་རེད། ཅེས་གསུངས་སོང་།

གསར་འགོད་པས་ད་ནིང་བདེ་སྐྱིད་ཆོས་དབྱངས་མཆོག་གི་གསལ་བསྒྲགས་ནང་། བློ་ཕམ་ཡོད་སྐོར་ཞིག་བཀོད་ཡོད་པ་དེ་ག་རེ་ཡིན་པ་བཀའ་འདྲི་ཞུས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། བློ་ཕམ་ཟེར་བ་དེ་ལ་མོ་རང་གིས་ད་ལན་སྲིད་སྐྱོང་གི་འོས་བསྡུའི་བགྲོ་གླེང་འགྲོ་སྟངས་དེར་བློ་ཕམ་ཡོང་གི་འདུག གནད་དོན་ཆེ་ཁག་དེ་འདྲ་ལ་དགོངས་ཚུལ་ཡོད། དེའི་དོན་དག་ལ་ཆ་ཤས་ལེན་འདོད་ཡོད་ཅེས་ད་ནང་གསུངས་སོང་། ཞེས་སོགས་བཀོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

12801185_10205869726603298_7472950288158501868_n

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

ཆུ་ཚོད་ ༡༧ སྔོན་ལ།
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

མཆན། 10

  1. བློ་བཟང་། says:
    ལོ་ 11 སྔོན།

    ཕྱི་དྲིལ་བཀའ་བློན་གྱི་འགན་སྲིད་སྐྱོང་གིས་མཉམ་ལྕོགས་གནང་རྒྱུ་ཟེར་བ་ནོར། ཕྱི་དྲིལ་བཀའ་འགན་དེ་སྔོན་ནས་བློ་སེང་གིས་ཤི་འཐམ་རོ་འཐམ་བྱེད་བཞིན་པར་བཅོས། དེ་མིན་ཨབ་ཕྲུག་སྐལ་རྡོར་དམྱལ་བ་ནས་སྐྱོབས་མི་ཐུབ་པས། རང ཉེས་མང་བོ་ཞིག་གཤིན་རྗེ་ཆོས་རྒྱལ་ལག་པར་ཤོར་ཉེན་ཡོད་པས་སོ།

    Reply
  2. བརྩོན་རྒྱམ། says:
    ལོ་ 11 སྔོན།

    ཐོས་པ་དགའ་དང་བསྟན་རྣམ་ཀུན་གསལ་སོགས་དྲ་འབུ་འདི་ཚོས་གནས་ལུགས་མེད་པར་གླེང་བ་ཞིག་མིན་པར་འདུག་གང་ཡིན་ཟེར་ན་དེ་རིང་ཞོགས་པ་ནས་ངོ་དེབ་ཐོག་ལ་དེའི་སྐོར་གང་མང་ཞིག་གླེང་གི་འདུག ངས་ལྟས་ན་མི་ཤེས་ཡོན་མཁན་ཞིག་ཡིན་ན་གཙོ་བོ་རང་ཚིགས་བརྟན་པོ་དང་དྲང་བདེན་དགོས་པ་གལ་ཆེན་ཡིན་པ་བརྗོད་མ་དགོས་པ་ཞིག་རེད།  འབའ་བ་རང་ཉིད་ཤེས་ཡོན་ཡོད་མཁན་ཞིག་ཡིན་ཟེར་བ་ཡིན་དུས་ངེས་པར་བསམ་བློ་གཏོང་དགོས་པ་ཞིག་རེད་ཡིན་ན་ཡང་ངས་དངོས་ནས་འབའ་བ་ཟེར་བ་འདི་རང་ཚིགས་བརྟན་པོ་ཞིག་མ་ཡིན་པ་སྔོན་མ་ནས་ཤེས་ཡོད་རྒྱུ་མཚན་གང་ཡིན་ཟེར་ན་གྲོས་ཚོགས་ནང་སྔོན་མ་གླེང་ཉོག་བྱུང་སྐབས་ཚོགས་གཙོས་ད་མི་གཅིག་འགྲོ་བ་ཡིན་ན་གྲོས་ཚོགས་འདི་ཚོགས་ཐུབ་ཀྱིན་མ་རེད་ཞེས་བརྗོད་སྐབས་དེ་ག་འགྲོ་མཁན་འབའ་བ་རེད་དེ་ནས་ཟུང་མི་འཇུག་རྡེའུ་ཞིག་རེད་བསམ་ནས་ཡོད་མ་ཟད་དེ་ནས་ཟུང་ཁོང་གིས་རྒྱུད་ལམ་གང་ཞིག་ནས་སྐད་ཆ་བཤད་རུང་སིན་སྣང་ཞིག་ལས་ཉན་འདོད་ཞིག་མི་འདུག་ངོ་མ་བཤད་ན་ཤེས་ཡོན་པ་ཚོས་དྲང་བདེན་བྱེད་དགོས་པ་གལ་ཆེན་མཐོང་།

    Reply
  3. ཐོས་པ་དགའ། says:
    ལོ་ 11 སྔོན།

    ད་ལོ་རྩུབ་ངོ་འདུག

    ཁ་སང་སྔ་དྲོ་བློ་བུར་དུ་གངས་ཅན་སྐྱིད་གཤོངས་ལ་ས་ཡོམ་4.4ཅན་ཞིག་རྒྱབ་འདུག མི་ལ་སྐྱོན་བྱས་མེད་ཀྱང་། བཙན་བྱོལ་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་གསུམ་གྱི་མཛད་གཙོ་རྣམ་པ་གཉིད་ལས་དཀྲོགས་འདུག ས་ཡོམ་གྱི་འགུལ་ཤུགས་དེས་བཀའ་ཤག་ལྷག་རྒྱས་ཕར་རྒྱུགས་ཚུར་རྒྱུགས་བྱེད་དགོས་པ་བཟོས་འདུག ད་དུང་སྤྱི་ཚོགས་དཔྱད་བརྗོད་པ་དང་། ས་གཤིས་རིགས་པ། གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། ས་ཡོམ་དེ་རྡ་རམ་ས་ལའི་ཕྱི་ནང་གང་རུང་ནས་རིམ་གྱིས་ཤུགས་ཆེ་རུ་འགུལ་ཉེན་ཆེ་ལ། དེ་ལྟར་བྱུང་ན་བཀའ་ཤག་དང་དེའི་ནང་ནས་སྲིད་སྐྱོང་མཆོག་གི་བཞུགས་གནས་ལ་ཉེན་ཁ་ཆེ་བའི་གླེང་སློང་ཤུགས་ཆེ་བྱེད་ཀྱིན་འདུག དེའི་བར་ན་སྲིད་སྐྱོང་མཆོག་དང་འབྲེལ་བའི་སྲིད་ཞུ་བ་མང་པོས་སེམས་ཚབས་ཀྱིས་ཉེན་ཁ་དེ་ལས་སྐྱོབས་ཆེད། ཞི་དྲག་གཉིས་ཀའི་གཏམ་བཤད་རྫོགས་མཐའ་མེད་པ་བྱས་པས། སྟེང་གི་ལྷ་དང་། བར་གྱི་མིའི་སྤྱི་ཚོགས་ཀུན་འཁྲུག་ཆ་ཧ་ཅང་དོད་པར་གྱུར། དེའི་སྐབས་སྲིད་སྐྱོང་མཆོག་གི་བསྟེན་བསྟེན་བསྒྲུབས་ཀྱི་སྲུང་མ་དམ་ཚིག་ཅན། ཨ་རིར་བཞུགས་པའི་སྐལ་རྡོར་དང་རྡ་སར་བཞུགས་པའི་འབའ་སྐལ་གཉིས་ཀྱིས་རང་རང་གི་འཁོར་ན་ཡོད་པའི་འབྱོང་བོ་དང་མི་མ་ཡིན། དྲི་ཟ། གཞི་བདག་ལ་སོགས་པ་ཡོད་ཚད་ལ་དྲ་རྒྱའི་སྐུད་ལམ་ནས་ཚོགས་འདུ་བསྡུས་ཏེ་གང་དགའ་ཅི་ལེགས་གྲོས་བྱེད་བཞིན་པའི་སྒང་རེད། དེའི་བར་གསེང་ན་སྲིད་སྐྱོང་མཆོག་ལ་རིང་ནས་ཐུགས་རྗེའི་སྤྱན་གྱིས་གཟིགས་མཁན། རྡ་ས་དང་ཧ་ཅང་ཐག་མི་རིང་བའི་ཡུལ་ཞིག་ན་བཞུགས་པ་ཨོ་རྒྱན་པདྨའི་མཚན་ཅན། ནག་ཕྱོགས་བདུད་བཞིའི་དཔུང་ཚོགས་ལ་བྱམས་པ་དང་བརྩེ་བའི་ཐུགས་རྗེས་གཟིགས་མཁན། ཁོང་གིས་དེ་སྔོན་ནས་ཐུགས་དམ་ཉེར་གཟིགས་ཀྱིས་སྲིད་སྐྱོང་མཆོག་ལ་རྩུབ་ངོ་ཤར་འདུག་གསུངས་ནས་རྟ་མཆོག་ཁྲོ་བོའི་སྐུར་བཞེངས་ཏེ། སྤྱན་གཉིས་ཧྲིག་ཧྲིག་ཏུ་ནམ་མཁར་གཟིགས་ཞོར་དུ། འཁོར་ན་ཡོད་པའི་བློན་ཆེན་གཡག་བྱོན་སྨ་ར་ཅན་ཀླུའི་མྱིང་ཅན་ལ་འཁོར་ཚོགས་མི་ཉུང་བ་དང་ལམ་རྒྱགས་བཅས་བསྒྲིགས་ཏེ། ནུབ་ཨ་རི་དང་། ཤར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་སོང་ནས་སྲིད་སྐྱོང་མཆོག་ཉེན་ཁ་ལས་ཐར་ཆེད། ལས་སུ་བྱ་བ་དུ་མ་བརྩམས་ཏེ་ཕྱིར་རྡ་སར་འབྱོར་བ་དང་ནུས་མེད་དུ་གྱུར་ནས་ད་ལྟའི་ཆར་ལྷན་འཇགས་ངང་བཞུགས། གནས་ཚུལ་འདིའི་བརྒྱུད་རིམ་ལ་ཐུགས་ཁུར་བཞེས་མཁན། དྲང་བདེན་དང་གནས་ལུགས་གཙུག་ཏུ་བཀུར་བའི་སྐྱེས་མཆོག་གཅིག་གིས་དབུ་ཁྲིད་པའི་འབངས་འཁོར་རྣམས་ཀྱིས་བོད་འབངས་སྤྱིའི་བདེ་སྡུག་ཐུགས་ལ་མནག་སྟེ། གངས་རིའི་མགོན་པོར་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་བག་ཕེབས་ངང་བཞུགས་འདུག་པ་བཅས་སོ།།
    ཐོས་པ་དགས་བྲིས།

    Reply
  4. བསྟན་རྣམ། says:
    ལོ་ 11 སྔོན།

    འབའ་བ་སྐལ་བཟང་རྒྱལ་མཚན་ད་སྐབས་རྒྱ་ནག་ལ་མཁས་པའི་ཤེས་ཡོན་པ་ཞིག་གི་ཚད་ལས་བརྒལ་ཏེ་སྲིད་སྐྱོང་བློ་བཟང་སེང་གེའི་རྒྱུགས་ཁྱི་ཞིག་དང་སྐབས་འཚོལ་བ་ཞིག་ཆགས་པ་ཡ་མཚན་སྐྱེས་རྒྱུ་ཅང་མེད། ཁོས་སྲིད་སྐྱོང་བློ་བཟང་སེང་གེ་ལ་འདི་ལྟ་བུའི་སྤྲེལ་ལད་འཁྲབ་དགོས་དོན་ག་རེ་ཡིན་ནམ་ཞེ་ན། ཁོང་དང་ཁོང་གི་ནང་མི་བཅས་པ་ཨོ་སི་ཀྲི་ལ་ཡ་རུ་འགྲོ་རྒྱུའི་རྒྱན་ཐོབ་སྟེ་འགྲོ་རྒྱུར་སྒུག་བསྡད་ཡོད། གངས་སྐྱིད་ཁུལ་གྱི་གཞུང་ཞབས་ནང་བཤད་བཞིན་པ་ཞིག་ལ་སྲིད་སྐྱོང་གིས་འབའ་བ་སྐལ་བཟང་རྒྱལ་མཚན་ཨོ་སི་ཀྲི་ལི་ཡར་ཕྱིན་རྗེས་དེ་གའི་དོན་གཅོད་ནང་དུ་བོད་རྒྱ་འབྲེལ་མོལ་ལས་བྱེད་དུ་བསྐོ་རྒྱུ་ཁས་ལེན་བྱས་ཡོད་ཚུལ་ཁོ་རང་གི་ཆུང་མས་གྲོགས་མོ་ཁ་ཤས་ལ་བཤད་ཡོད་འདུག ད་སྐབས་ཁོང་ལ་དངངས་སྐྲག་ཅིག་ཡོད་པ་ནི་གལ་ཏེ་སྲིད་སྐྱོང་བློ་བཟང་སེང་གེའི་འོས་བསྡུའི་སྐོར་ལ་ཞབས་ཞུ་ཅི་ཙམ་སྒྲུབ་ཐུབ་མིན་དང་། ཚོགས་གཙོ་སྤེན་པ་ཚེ་རིང་ལ་འོས་ཤོག་ཅི་ཙམ་ཐོབ་མིན་བཅས་ནི་ཁོང་གི་མ་འོངས་པའི་མདུན་ལམ་ཐག་གཅོད་ཀྱི་ལྡེ་མིག་ལྟ་བུ་ཡིན། དེ་ལ་བརྟེན་ནས་ཁོང་གིས་སྐབས་འཚོལ་བ་དང་མྱུག་རིམ་པ་ལྟ་བུའི་ལས་ཀ་བྱེད་གི་ཡོད་རེད། ཡིན་ནའང་ཚོགས་གཙོ་སྤེན་ཚེ་འོས་ཐོབ་ནའང་ཁོང་རང་རྒྱ་ཡིག་གི་ཤེས་ཚད་ཡག་པོ་ཡོད་པས་བོད་རྒྱ་འབྲེལ་མོལ་ལས་བྱེད་ཅིག་ལ་བསྐོ་འཇོག་བྱེད་གི་རེད། སེམས་ཁྲལ་དེ་འདྲ་ལངས་དགོས་མི་འདུག་སྙམ། མ་གཞི་ནས་མི་འདིའི་རིགས་ལ་སློབ་སྦྱོང་ཏོག་ཙམ་ཡོད་ཀྱང་མི་གཤིས་ནི་ཐབས་སྐྱོ་བོ་དང་ཐ་ཤལ་བ་ཞིག་རེད། དེ་གསལ་བོ་རེད།

    Reply
  5. ཀུན་གསལ། says:
    ལོ་ 11 སྔོན།

    ཡ་མཚན་རང་རེད། བཀའ་ཤག་གི་གསར་འགོད་གསལ་བསྒྲགས་ཡིན་ན་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལ་འབྲེལ་བ་གང་ཡོད་དམ།
    (དེ་རིང་ཉིན་རྒྱབ་ཆུ་ཚོད་ ༤།༣༠ སྟེང་། བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་བཟང་མོ་ལགས་དང་གསར་འགོད་པ་ཚོར་ཁ་པར་འབྱོར་ཏེ། ད་ལྟ་བཀའ་ཤག་ལྷན་རྒྱས་ཚོགས་ཡོད་པ་དང་། དེའི་རྗེས་ལ་སྲིད་སྐྱོང་མཆོག་གིས་ཕྱི་དྲིལ་བཀའ་བློན་སྐོར་ལ་གསལ་བསྒྲགས་ཤིག་སྤེལ་འཆར་ཡོད།) དང་ (གསར་འགོད་པ་ཚོས་བསྐྱར་དུ་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་ཁ་པར་བཏང་སྐབས་སྲིད་སྐྱོང་ཕེབས་གྲབས་ཡོད་སྐོར་བརྗོད་བྱུང་།) ཟེར།
    དེ་བཞིན་གོང་དུ་བཀའ་དྲུང་གི་མཚན་རྟགས་བཀོད་པའི་ཡིག་ཆ་དེ་ཡང་འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་བྲིས་ཤིང་། བཀའ་དྲུང་གིས་མཚན་རྟགས་བཀོད། སྲིད་སྐྱོང་གིས་ཆོག་མཆན་གནང་བ་མིན་འགྲོ
    ད་ལྟད་མོ་མང་དུ་འབྱུང་རྒྱུ་ཡིན་པ་འདྲ།

    Reply
  6. འཇིགས་མེད says:
    ལོ་ 11 སྔོན།

    ད་གནས་ཚུལ་ཡག་པོ་མ་བྱུང་ནང་མ་མཐུན་གནས་ཚུལ་དུ་མ་ཞིག་ཡོད་སྲིད་ ནང་བཀྲ་མ་གཤིས་ན་ཕྱི་དོན་མི་གྲུབ་ཟེར་བ་ལྟར་རེད་

    Reply
  7. ཐོས་པ་དགའ། says:
    ལོ་ 11 སྔོན།

    བཀའ་ཤག་གི་གསལ་བསྒྲགས་དང་བདེ་སྐྱིད་ཆོས་དབྱིངས་ཀྱི་གསལ་བསྒྲགས་གཉིས་མཐུན་པ་མི་འདུག དེ་ཅི་རེད།
    འབའ་བ་སྐལ་བཟང་རྒྱལ་མཚན་ཟེར་པ་ཁོང་ལ་དེ་སྔོན་སེམས་ནང་གདེངས་འཇོགས་ཆེན་པོ་ཡོད། འོན་ཀྱང་ད་ཕྱོགས་རིས་ཀྱི་ན་ཚ་འགོས་ཚར་འདུག ད་གྲག་རྒྱུ་མེད་པའི་ཀན་སེལ་ཆགས་སྲིད་པ་རེད། ཕངས་བ་ལ།

    Reply
  8. བསྟན་འཛིན་ལྷ་སྒྲོན། says:
    ལོ་ 11 སྔོན།

    འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བཀའ་ཤག་གི་གསར་བསྒྲགས་ཡོད་མེད་ཇི་ལྟར་ཤེས་པ་དང་འབྲེལ་བ་གང་ཡོད་དམ།
    བཀའ་ཤག་གི་ལས་བྱེད་ཚོས་གསར་འགོད་གསལ་བསྒྲགས་ཡོད་མེད་པར་འབའ་པས་ཇི་ལྟར་ཤེས་པ་རེད། ཧ་ཧ་ཧ། ད་ཡིན་ན་སེང་གེ་བཀའ་ཤག་གི་ནང་དུ་སྡོམ་ཐག་འདུག

    Reply
  9. བསྟན་རྣམ། says:
    ལོ་ 11 སྔོན།

    དེང་སྐབས་འབའ་བ་སྐལ་བཟང་འདི་བ་ཚང་དགོས་མི་དགོས་ཚང་མའི་ནང་སྐེ་སྲིང་གི་འདུག་ག་་་་་ཁ་ཉིན་སྔོན་མ་བལ་ཡུལ་སྦོག་ར་ཁུལ་དུ་གོང་ས་མཆོག་གི་སྐུ་པར་ཕབ་པའི་སྐོར་ལ་མི་མང་ལ་གསལ་བཤད་བྱས་ནས་དྲིལ་བསྒྲགས་བྱས་བ་དང་། ད་ལམ་ཡང་གཟའ་ཉིན་མའི་ཉིན་བཀའ་ཤག་གི་ཅི་བྱེད་ལ་སོ་ལྟ་བྱས་ཏེ་གསར་འགོད་པར་ཁ་པར་བཏང་བ་ནས་བཀའ་ཤག་གྲོལ་བརྡ་བརྒྱབ་པ་སོགས་མགོ་རྔ་ཚང་མའི་ནང་འཚིངས་ཁ་རྒྱག་གི་འདུག་ག་་་ཧ་་་ཧ་་་ཧ་་་་མི་འདི་དངོས་ཡོད་གནས་ཚུལ་ཐོག་ནས་མི་ངན་ཐ་ཤལ་ཡིན་པ་ཙམ་མ་ཟད། ཁམས་པའི་ཕོ་རྒོད་ཚོ་དང་མི་འདྲ་བར་སྐབས་འཚོལ་བ་དང་མགོ་བདེ་དྲན་འཁྲུལ་ཞིག་རེད།

    Reply
    • བདེན་མཐའ་སེལ་བ། says:
      ལོ་ 11 སྔོན།

      དགོངས་ཞུའི་ནང་དོན་ལན་འདེབས་གཉིས་ལ་འབྲེལ་བ་གཅིག་ཀྱང་མེད་པ་ཞིག་གནང་སོང་། དགོངས་པ་ཞུ་མཁན་གྱི་ཞུ་ཆོག་ཆོག་དང་གནང་མཁན་གྱི་གནང་ལས་སླ་བ་ལ་ཕྲུ་་རྩེད་མོའི་བཟོ་འདྲ་བོ་ཞིག་འདུག་ངོ ཚ་བ་ལ།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese