མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་གྱིས་ཀྱང་སྤོབས་པ་ཆེན་པོས་རྒྱ་ནག་གི་ཆབ་སྲིད་ལམ་ལུཊ་ལ་འགྱུར་བ་ཏོག་ཙམ་གཏང་ཐུབ་ན་ཡག་པོ་ཡོད་པ་རེད།

བོད་ཀྱི་དུས་བབ།
༢༠༡༦/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་རྒྱ་ནག་གཞུང་གི་མགོ་འཁྲིད་ཚོས་སྣེ་འཁྲིད་དེ་རྒྱ་ནག་ནང་ཁྲིམས་ཀྱི་དབང་བསྒྱུར་དང་གསར་འགྱུར་རང་དབང་ཡོད་པ་ཞིག་བཟོ་ཐུབ་ན་ཡ་རབས་བཟང་སྤྱོད་ཀྱིས་ཕོངས་ཡང་ངོ་ཚ་ཡིས་ཕན་ནུས་ཏོག་ཙམ་འཐོན་རྒྱུ་ཡིན་སྐོར་གསུངས་འདུག

Untitled-5ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་རྒྱ་རིགས་ན་གཞོན་ཤེས་ཡོན་པ་ཁག་ཅིག་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དང་སྟབས་བསྟུན། རྒྱ་རིགས་དཔལ་འབྱོར་རིག་པའི་ཤེས་ཡོན་པ་ཆིན་ཝེ་ཕིན་ལགས་ཀྱིས་མ་འོངས་པར་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་གསར་བརྗེ་བྱེད་ཐབས་སྐོར་བཀའ་འདྲི་དགོངས་སྐོར་ཞུ་སྐབས། ༧གོང་ས་མཆོག་ནས་སྔ་མོ་ཏིན་ཞའོ་ཕིན་གྱིས་བློ་སྟོབས་ཆེན་པོའི་ཐོག་ནས་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ལ་བསྒྱུར་བཅོས་བཏང་སྟེ། དཔལ་འབྱོར་ལམ་ལུགས་ཀྱི་སྒོ་མོ་ཕྱེས་ནས་རྒྱ་ནག་ལ་ཕན་ཐོགས་ཞེ་དྲགས་བྱུང་ཡོད་པ་རེད། ད་ལྟ་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་ཆབ་སྲིད་འགྲོ་སྟངས་ཐད་ཏོག་ཙམ་འགྱུར་བ་ཞིག་གཏང་ཐུབ་པ་ཡིན་ན་ཡག་པོ་མེད་འགྲོ་དྲན་སོང་། ལམ་སང་ཆབ་སྲིད་ཀྱི་འགྱུར་བ་དེ་གུང་ཁྲན་ཏང་ལ་འགྱུར་བ་གཏོང་བའི་སྐད་ཆ་མིན་པར་ཏིན་ཞའོ་ཕིན་གྱིས་གུང་ཁྲན་ཏང་གིས་མགོ་འཁྲིད་པའི་འོག་ལ་དཔལ་འབྱོར་ལམ་ལུགས་ལ་འགྱུར་བ་བཏང་སོང་ང་། གུང་ཁྲན་ཏང་གི་མགོ་འཁྲིད་འོག་རྒྱ་ནག་ནང་ཤེས་ཡོན་དང་བྱམས་བརྩེའི་ཐོག་ཤུགས་བརྒྱབ་པ་ཡིན་ན་བྱེད་ཐུབ་པ་རེད། རྒྱ་ནག་གི་མགོ་འཁྲིད་ཚོས་མཐོང་གི་ཡོད་པ་རེད། ད་ལྟ་བྱང་ཀོ་རི་ཡའི་གནས་སྟངས་ག་འདྲ་འདུག མ་གཞི་དབུ་འཁྲིད་རེད་དེ་གཙོ་བོ་ལམ་ལུགས་དེ་མི་གཅིག་གི་ལག་པར་དབང་ཆ་ཆ་ཚང་ཡོད་པ་ཆགས་དུས་རྙོག་དྲ་དེ་འདྲ་འདུག་གཱ། དཔེར་ན། དངོས་གནས་བྱས་ན་མའོ་ཙེ་ཏུང་གིས་གསར་བརྗེ་བྱེད་པའི་དམིགས་ཡུལ་དང་སུན་ཀྲུང་ཧྲན་གྱིས་གསར་བརྗེ་བྱེད་པའི་དམིགས་ཡུལ་ནི་མི་གཅིག་དང་ཁྱིམ་ཚང་གཅིག་ལ་དབང་བསྡད་པ་དེར་ངོ་རྒོལ་བྱས་པ་རེད། ཕྱིས་སུ་དབང་ཐོབ་སྐབས་སོ་སོ་རྒྱལ་པོ་འདྲ་བྱས་ནས་བསྡད་ན་ཡག་པོ་མི་འདུག ཅེས་གསུངས་འདུག

ཡང་རྒྱ་རིགས་ཆིན་ཝེ་ཕིན་ལགས་ཀྱིས། རྒྱ་ནག་གཞུང་གི་ད་ལྟའི་ལམ་ལུགས་ལ་འདོད་པ་མ་ཁེངས་བའི་གཞོན་སྐྱེས་ཚོས། རྒྱ་ནག་ནང་ཆབ་སྲིད་གསར་བརྗེ་བྱེད་པར་སྐུལ་མ་གཏང་དགོས་སམ་ཡང་ན། སུན་ཀྲུང་ཧྲན་ལ་སློབ་སྦྱོང་བྱས་ཏེ་ད་ལྟའི་ལམ་ལུགས་མགོ་གཏིང་སློག་ཐབས་དགོས་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། གསར་བརྗེ་གཏང་ན་ཡག་པོ་ཡོད་པ་རེད། ངོ་ཐོག་ལ་བསམ་བློ་བཏང་བ་ཡིན་ན་གུང་ཁྲན་རིང་ལུགས་ངས་ཡག་པོ་ཡོད་པ་རེད་དྲན་གྱི་འདུག སྤྱི་ཚོགས་དང་དཔལ་འབྱོར་གྱི་ཐོག་ནས་ང་མཱ་ཁི་སི་རིང་ལུགས་པ་ཡིན་ཞེས་པ་དེ་སྤོབས་པ་བྱས་ནས་བཤད་ཀྱི་ཡོད། ང་ཕྱེད་ཀ་ནང་པ་ཡིན། ཕྱེད་ཀ་མཱ་ཁི་སི་རིང་ལུགས་པ་ཡིན་ཞེས་ཟེར་གྱི་ཡོད། ད་དུང་སྤྱི་ཚོགས་རིང་ལུགས་ཟེར་བ་དེ་ནང་པའི་དཔལ་འབྱོར་རིང་ལུགས་རེད་ཅེས་ཕལ་ཆེར་ལབ་ཐུབ་པ་རེད། གུང་ཁྲན་ཏང་གི་མགོ་འཁྲིད་ཚགས་ཚུད་པོ་ཡོད་པས་ཚགས་ཚུད་པོའི་ཐོག་གུ་ཡངས་པོ་བྱས་ན་ཡག་པོ་ཡོང་གི་རེད་དྲན་གྱི་འདུག འཛམ་བུ་གླིང་འདིའི་སྒང་ལ་གུང་ཁྲན་ཞེས་ལབ་དུས་སྡུག་པོ་འདྲ་ཞིག་རྩི་ཡི་མེད་འགྲོ། ད་ལྟ་གུང་ཁྲན་རིང་ལུགས་དཔེ་མི་སྲིད་ཡག་པོ་ཡོད་རེད་དཱ་ཟེར་བ་ཞིག་ཏན་ཏན་བཟོ་ཐུབ་ཀྱི་རེད། ཐོག་མ་གསར་བརྗེ་སློང་སྐབས་དངོས་གནས་དྲང་གནས་རྒྱ་ནག་གི་ངལ་རྩོལ་པ་་འབུམ་ཕྲག་ས་ཡ་མང་པོས་རྒྱབ་སྐྱོར་བྱས་པ་རེད་ལ། རེ་བ་ཞེ་དྲགས་བརྒྱབ་པ་རེད། ཡིན་ནའང་། ཕྱིས་སུ་དབང་ཆ་བྱུང་སྐབས་ཡང་ཁེད་མཚར་འདྲ་པོ་ཞིག་ཆགས་སོང་ང་། ང་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ནང་བསླེབས་པ་རེད། སྐབས་དེར་དངོས་གནས་གུང་ཁྲན་ཏང་ཡོན་དེ་ཚོ་ལྷག་བསམ་རྣམ་དག་ཡོད་པ་འདྲ་པོ་མཐོང་སོང་། དེར་བརྟེན་སྐབས་དེར་ངས་ང་གུང་ཁྲན་ཏང་ནང་འཛུལ་རྒྱུ་ཡིན་ཞེས་ལབ་པ་ཡིན། ཕྱིས་སུ་ཡ་རབས་ཀྱི་བསམ་བློ་དང་རྣམ་དཔྱོད་དེ་མེད་པ་ཡིན་དུས་ལུགས་སྲོལ་དམ་པོ་བྱེད་པ་དེ་ལྷག་བསྡད་པ་དང་། དམིགས་ཡུལ་དང་བསམ་བློ་གུ་ཡངས་པོ་དེ་མེད་པ་ཡིན་པས་སྐྱོན་ཡོང་བ་རེད། དེར་བརྟེན་མ་འོངས་པར་ད་ལྟའི་ལམ་ལུགས་ལ་འགྱུར་བ་བཏང་ཡང་ཡ་རབས་སྤྱོད་པ་བཟང་པོའི་ལྟ་གྲུབ་དེ་མེད་དུས་ཁག་པོ་ཆགས་འགྲོ་ཡི་རེད།

གཏམ་བརྗོད་རང་དབང་དང་གསར་འགྱུར་ཏོག་ཙམ་རང་དབང་དགོས་པ་རེད། མ་གཞི་དེ་རིང་ཁ་སང་སྔོན་མ་དང་བསྡུར་ན་པེ་ཅིན་དང་ཧྲང་ཧེ་དེ་ཚོར་ཇ་ཁང་དང་ཟ་ཁང་དེ་འདྲའི་ནང་དུ་མགོ་འཁྲིད་ཚོར་སྐྱོན་བརྗོད་བྱེད་མཁན་ཡོང་གི་འདུག་ཟེར་གྱི་འདུག་གཱ། གསར་འགྱུར་ནང་ཏོག་ཙམ་སྐྱོན་བརྗོད་བྱེད་ས་ཡོད་པ་ཞིག་བྱུང་བ་ཡིན་ན། སྔོན་ནས་སེམས་ནང་དུ་ཡ་རབས་བཟང་སྤྱོད་མེད་པ་ཡིན་ནའང་ཏོག་ཙམ་ངོ་ཚ་འདྲ་པོ་ཞིག་ཡོད་པ་དཔེར་ན། རྒྱ་གར་འདྲ་པོར་ཕན་གྱི་འདུག་གཱ། དེ་ནས་ཁྲིམས་ཀྱི་དབང་བསྒྱུར་དེ་གལ་ཆེན་པོ་རེད། ངའི་ངོ་ཤེས་པ་དེ་འདྲར་ཐུག་སྟེ་ཚགས་པར་རྒྱག་མཁན་ལ་ཐུག་དགོས་པ་རེད་ཅེས་ལབ་དུས། མི་མང་པོས་ཞེད་སྣང་འདྲ་བྱས་ནས་ཐུག་གི་འདུག ང་ལ་རྒྱབ་མདུན་མངོན་ལྐོག་བྱེད་དགོས་པ་གང་ཡང་མེད་པས་ཚགས་པར་རྒྱག་མཁན་སུ་ལ་ཐུག་པ་ཡིན་ནའང་སྤོབས་པ་བྱས་ནས་ཐུག་གི་ཡོད་མ་གཏོགས་ཞེད་སྣང་ཁྱོན་ནས་མེད། ངའི་རོགས་པ་མང་པོ་ཞིག་གིས་ཚགས་པར་རྒྱག་མཁན་ལ་ཐུག་དགོས་པ་རེད་ཅེས་ཞེད་སྣང་བྱེད་ཀྱི་འདུག གུང་ཁྲན་ཏང་གི་མགོ་འཁྲིད་ཚོ་ལུང་པ་ཁག་གི་ནང་དུ་འགྲོ་སྐབས་སྔོན་ལ་དྲི་བ་ག་རེ་འདྲི་རྒྱུ་ཡོད་པ་དེ་ཤོག་ལེབ་ནང་བྲིས་ནས་གཏོང་དགོས་ཀྱི་འདུག་གཱ། ཅེས་གསུངས་འདུག

ཡང་ཆིན་ཝེ་ཕིན་ལགས་ཀྱིས། མ་འོངས་པར་རྒྱ་ནག་འཛམ་གླིང་གི་དམངས་གཙོའི་ལམ་ལུགས་འཕེལ་ཕྱོགས་སུ་བསྐྱོད་དགོས་སྟབས། ང་ཚོས་རྒྱ་ནག་མི་མང་གིས་གཤམ་འོག་ནས་ཡར་དམངས་གཙོ་སྐུལ་འདེད་གཏོང་བར་རེ་སྒུག་བྱེད་དགོས་སམ་ཡང་ན། རྒྱ་ནག་གཞུང་གི་མགོ་འཁྲིད་ཚོས་རང་ངོས་ནས་དམངས་གཙོའི་གསར་བརྗེ་བྱེད་དགོས་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། རྒྱ་ནག་སྟོབས་ལྡན་རྒྱལ་ཁབ་ཀྱིས་འཛམ་བུ་གླིང་འདིའི་སྒང་ལ་དངོས་གནས་དྲང་གནས་གྲུབ་འབྲས་ཐོན་པ་ཞིག་དང་། ནུས་པ་ཐོན་པ་ཞིག་བྱེད་དགོས་བྱུང་ན། ཁྱིམ་མཚེས་རྒྱལ་ཁབ་གཙོ་བོར་གྱུར་བའི་རྒྱལ་ཁབ་ཚོའི་ཡིད་ཆེས་དང་བརྩི་འཇོག་བྱེད་པ་དེ་གལ་ཆེན་པོ་རེད། དེའི་ཆ་ནས་བཤད་པ་ཡིན་ན། གོང་དུ་བཤད་པའི་གསར་འགྱུར་རང་དབང་དང་ཁྲིམས་ཀྱི་དབང་བསྒྱུར་བྱུང་བ་ཡིན་ན་ཏན་ཏན་མིས་བརྩི་འཇོག་བྱེད་པ་དང་ཡིད་ཆེས་བྱེད་པ་ཤུགས་ཆེ་རུ་འགྲོ་ཡི་རེད་བསམ་གྱི་འདུག རྒྱ་ནག་སྟོབས་ལྡན་རེད་ཟེར་ནས་དྲག་པོའི་ཤུགས་ངོམས་ཏེ་དཔེར་ན་རྒྱ་ནག་ལྷོ་ཕྱོགས་ཀྱི་མཚོ་བརྒྱུད་ལ་ཅིག་ལབ་ཡོང་དུས། གླིང་ཕྲན་ཆུང་ཆུང་ཞིག་ལ་རྒྱ་ནག་གིས་བདག་དབང་ཞེ་དྲགས་བཤད་དེ་མི་རླུང་ལངས། དོགས་པ་བྱས་ཏེ་ཡག་པོ་ཅི་མི་འདུག་གཱ། དཔེར་ན། ང་རང་སྒེར་ལ་ཆ་བཞག་ན། རྒྱ་ནག་གི་མགོ་འཁྲིད་ཁ་ཤས་ཤིག་གིས་ང་ལ་ཚོགས་གཏམ་བཏང་སྟེ་སྐྱོན་བརྗོད་བྱས་ནས་རྒྱ་ནག་རྒྱལ་ཁབ་ལ་ག་རེ་ཕན་ཐོགས་ཡོད་པ་རེད། རྒྱ་ནག་གིས་སྐྱོན་བརྗོད་དང་ཚོགས་གཏམ་ག་ཚོད་མང་བ་བཏང་ན་ང་རྒྱ་ནག་ལ་འགྲོ་རྒྱུར་ཐག་རིང་དུ་ཕྱིན་པ་རེད། རྒྱ་ནག་ནང་གི་ནང་པ་དང་མི་མང་ལྷག་བསམ་རྣམ་དག་དེ་ཚོའི་གདོང་མཐོང་ཡོང་དུས་ང་གང་མགྱོགས་མགྱོགས་རྒྱ་ནག་ནང་བསླེབ་ཐུབ་ན་དྲན་གྱི་འདུག་ཀྱང་། ད་ལྟའི་རྒྱ་ནག་གཞུང་གི་སྲིད་བྱུས་མཁྲེགས་པོ་དེའི་འོག་ནས་ང་རྒྱ་ནག་ནང་བསླེབ་པ་ཡིན་ན། ཕལ་ཆེར་ང་ལ་ལག་ལྕགས་བརྒྱབ་སྟེ་བཙོན་ཁང་དུ་འགྲོ་དགོས་པ་འདྲ་པོ་འདུག སྐབས་དེར་ཁྱེད་རང་ཚོ་གྲོགས་པོ་ཚོས་སྐད་འདྲ་བརྒྱབ་པ་ཡིན་ནའང་སུ་གཅིག་གིས་རྩི་ཡི་མ་རེད། དེ་ལས་ང་འདི་ལྟར་ཐག་རིང་པོ་བྱས་ནས་བསྡད་ན་ཡག་པོ་རེད་དཱ། ང་ཕྱི་ལོགས་ལ་བསྡད་ནས་མི་ལ་ཕན་ཐོགས་དགའ་རབ་བྱེད་ཐུབ་ཀྱི་འདུག ཨ་རི་དང་ཡུ་རོབ་སོགས་ཀྱི་ནང་དཔེར་ན་ཉེ་ཆར་ང་ཡུ་རོབ་ཀྱི་ལུང་པ་དགའ་རབ་ཅིག་ནང་ཕྱིན་པ་རེད། ངས་སྐད་ཆ་བཤད་དུས་མི་སྟོང་ཕྲག་ཁ་ཤས་དང་སྟོང་ཕྲག་ ༡༠ དེ་འདྲ་ཡོང་གི་འདུག དགའ་བོ་ཞེ་དྲགས་གནང་གི་འདུག མི་མང་པོས་ངའི་སྐད་ཆ་གོ་ན་ཞེ་དྲགས་ཕན་གྱི་འདུག་ཟེར་གྱི་འདུག ང་རང་གིས་སྐྱིད་པོ་རྒྱག་པའི་སྐད་ཆ་མ་རེད། ངའི་མི་ཚེ་འདི་མི་ལ་ཕན་ཐོགས་ཡོད་པ་ཞིག་དགོས་ཀྱི་ཡོད་པ་རེད།

ད་ལྟ་ང་ལོ་ ༨༡ ཡིན་པའི་ནང་པའི་དགེ་སློང་ཞིག་ཡིན། ད་དུང་ལོ་ ༡༠ དང་ ༡༥། ༢༠ ཙམ་ལ་བསྡད་སྲིད་པ་རེད། ངའི་མི་ཚེ་འདི་འགྲོ་བ་མིའི་རིགས་ལ་བེད་སྤྱོད་ཡོད་པ་ཞིག་དགོས་པ་རེད། དེ་ངའི་དམ་བཅའ་ཡིན། ཞེས་གསུངས་འདུག དེ་ནས་རྒྱ་རིགས་ཆིན་ཝེ་ཕིན་ལགས་ཀྱིས་༧གོང་ས་མཆོག་ནས་འཛམ་གླིང་གི་དཔལ་ཡོན་ཐད་བཞག་གནང་བའི་རླབས་ཆེན་གྱི་མཛད་རྗེས་ལ་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག ད་ལན་གྱི་བརྙན་རིས་བཀའ་མོལ་འདི་དྲ་ལམ་དང་ཡུའུ་ཊོབ་བརྒྱུད་འཛམ་གླིང་གི་ཡུལ་ཕྱོགས་གང་སར་ཁྱབ་ཐུབ་པ་དང་། ལྷག་པར་དུ་རྒྱ་ནག་གི་གཞོན་སྐྱེས་ཚོས་ཧ་ཅང་དོ་འཁུར་ཆེན་པོ་གནང་སྟེ། ༧གོང་ས་མཆོག་དང་བོད་ལ་ཁྱོན་ཡོངས་ནས་ཤེས་རྟོགས་ཐུབ་པའི་ཡིད་ཆེས་ཡོད་ལ། རྒྱ་ནག་གཞུང་ནས་ཀྱང་བརྙན་རིས་འདི་མཐོང་ཐུབ་ཀྱི་ཡིན་ལ། ༧གོང་ས་མཆོག་ནས་ལྷག་བསམ་རྣམ་དག་གིས་རྒྱ་ནག་གཞུང་ལ་ཐུགས་རེ་འདི་འདྲ་གནང་བ་དང་། སྤྱི་ཚོགས་ཀྱི་གཟིགས་སྣང་དང་མ་འོངས་པའི་རེ་བ་བཅས་ཁོང་ཚོས་མཐོང་ཐུབ་ཀྱི་རེད། རྒྱ་ནག་གི་མ་འོངས་པ་དེ་བྱམས་དང་སྙིང་རྗེ་ཡོད་པའི་སྤྱི་ཚོགས་ཤིག་ཆགས་ཐུབ་པའི་རེ་བ་ཡོད་པ་དང་། བྱམས་དང་སྙིང་རྗེ་ལྡན་པའི་སྤྱི་ཚོགས་ཤིག་ཆགས་པ་ཡིན་ན་ད་གཟོད་འཛམ་གླིང་ལ་རེ་བ་ཡོད་པ་རེད་ལ། འགྲོ་བ་མིའི་རིགས་ལའང་རེ་བ་ཡོད་པ་རེད། བཀའ་དྲིན་ཆེ། ཞེས་ཞུས་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༢༢ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese