མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༼ འཛམ་གླིང་གི་སྣེ་གསུམ་པ ༽ བོད་ཡུལ་སྐྱོབ་རོགས།

བོད་ཀྱི་དུས་བབ།
༢༠༠༩/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་མི་མང་ལ། བོད་ཀྱི་གནད་དོན་དེ་ཆབ་སྲིད་རེད། ང་ཚོས་དོ་སྣང་བྱེད་གི་མིན་ཟེར་བའི་སྐད་ཆ་ལྷག་ཡོད་པ་མ་རེད། བོད་ཀྱི་ཁོར་ཡུག་དེ་རྒྱ་གར་མི་མང་གི་ལྟོ་གོས་དང་འབྲེལ་བ་དམ་ཟབ་ཡོད། བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་སོ་སོའི་གཞུང་ལ་འབོད་སྐུལ་ཞུ་དགོས་པ་རེད། ཉིན་ཞིག་རྒྱ་ནག་གིས་བོད་ནས་ནུབ་ཕྱོགས་སུ་བཞུར་བཞིན་པའི་ཆུ་བོ་དག་ཤར་ཕྱོགས་སུ་ཁ་བསྒྱུར་བ་ཡིན་ན། རྒྱ་གར་མི་མང་ལ་དཀའ་ངལ་ཆེན་པོ་ཞིག་ཆགས་ཚར་བ་རེད་ཟེར།

 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྡུ་སྐོང་འོག ཟླ་འདིའི་ཚེས་ ༧ ཉིན་ནས་བདུན་ཕྲག་གཉིས་རིང་ཌན་མག་གི་རྒྱལ་ས་ཁོ་པེན་ཧ་གྷན་དུ་རྒྱལ་ཁབ་ ༡༩༢ ཙམ་གྱི་སྐུ་ཚབ་འཐུས་མི་ ༣༠༠༠༠ ལྷག་མཉམ་ཞུགས་ཀྱིས་གནམ་གཤིས་འགྱུར་ལྡོག་སྐོར་ལ་ཚོགས་ཆེན་ཞིག་ཚོགས་མགོ་ཚུགས་ཡོད་ལ། རྒྱལ་ཁབ་སོ་སོའི་གནམ་གཤིས་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་སྒྲིག་འཛུགས་ཁག་མཉམ་རུབ་ཀྱི་ཚོགས་འདུ་ཞིག་ཀྱང་ཟུར་དུ་འཚོགས་ཀྱིན་ཡོད་འདུག གཞུང་འབྲེལ་མིན་པའི་ཚོགས་འདུ་དེའི་སྟེང་བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་དང་ཆོས་སྐྱིད་ལགས་རྣམ་གཉིས་ཀྱང་ཆེད་བཅར་གནང་ཡོད་འདུག་ལ། དེ་མིན་ངྷ་རམ་ས་ལའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་དང་བསྟན་འཛིན་ཟླ་སྒྲོན་ཤར་ལང་། ངྷ་ས་བདེ་དོན་ལས་ཁུངས་ཀྱི་བསྟན་འཛིན་མི་དབང་དང་ཆོས་སྒྲོན། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷོ་ཨེ་ཤ་ཡའི་འབྲེལ་མཐུད་པ་ཆོས་འགྲུབ་ལགས་བཅས་བསྡོམས་པས་བོད་པའི་སྐུ་ཚབ་ ༨ མཉམ་ཞུགས་གནང་ཡོད་འདུག

 

ཐེངས་འདིའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་ཆེན་དེའི་སྟེང་། ཡར་རྒྱས་ཆེ་བ་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ཁར་བྷོན་དུད་རླངས་ཉུང་དུ་གཏོང་ཐབས་དང་། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་གནམ་གཤིས་འགྱུར་ལྡོག་གི་ཐད་ནུས་པ་ཤུགས་ཆེར་འདོན་ཐབས་སུ་དཔལ་འབྱོར་གྱི་མཐུན་འགྱུར་གནང་རྒྱུ། འཛམ་གླིང་གི་ནགས་ཚལ་གཅོད་འབྲེག་དེ་ ༢༠༣༠ ལོ་ནས་གཏན་འགོག་ཡོང་ཐབས་སུ་ཁར་བྷོན་ཚོང་དོན་གྱི་ལས་རིམ་སྒྲིག་རྒྱུ་སོགས་ཡིན་འདུག

 

ཕྱི་ཚེས་ ༨ ཉིན་འདི་གའི་གསར་འགོད་པས་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་སུ་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས་ལན་འདེབས་གནང་དོན། ཐེངས་འདིར་ཌན་མག་ནང་ཚོགས་འདུ་ཁག་གཉིས་འཚོགས་ཀྱིན་ཡོད་པ་རེད། གཅིག་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྐངས་པའི་རྒྱལ་ཁབ་ཁག་གི་སྐུ་ཚབ་འཐུས་མིའི་ཚོགས་འདུ་ཞིག་རེད། དེར་ང་ཚོ་བཅར་ཐུབ་ཡོད་པ་མ་རེད། ཟུར་དུ་གཞུང་འབྲེལ་མིན་པའི་ཚོགས་པ་སྒྲིག་འཛུགས་ཁག་གིས་གནམ་གཤིས་འགྱུར་ལྡོག་སྐོར་ལ་ཚོགས་འདུ་ཞིག་ཚོགས་ཀྱིན་ཡོད་པ་རེད། དེར་ང་ཚོའི་ཕྱི་དྲིལ་ཁོར་ཡུག་དང་འཛུགས་སྐྲུན་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་དང་ཁོང་གི་ཕྱག་རོགས་ཆོས་སྐྱིད་རྣམ་གཉིས་བཏང་ཡོད། གཞན་ངྷ་རམ་ས་ལའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་ཀྱང་ཕྱིན་ཡོད་པ་རེད། ད་དུང་ང་ཚོར་ཤུགས་མཉམ་རུབ་ཆེད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཅིག་གི་འཐུས་མི་དང་། ཨ་རིའི་སན་ཧྤུ་རན་སི་ཁོར་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་དང་ཁོར་ཡུག་ཆེད་མཁས་པ་རྗོན་ཨེ་སམ་ John Isom ལགས་བཅས་ཞུགས་ཀྱིན་ཡོད་པ་རེད་ཟེར།

 

ཁོང་གིས་མུ་མཐུད་དུ་བོད་པའི་ཚོགས་ཞུགས་པ་དག་གི་ལས་འགན་སྐོར་གསུངས་དོན། བོད་ནང་རྒྱ་ནག་གིས་འཛུགས་སྐྲུན་དང་གཏོར་བཤིག་གཏོང་དང་མི་གཏོང་དེ་ཨེ་ཤ་ཡའི་ཁོར་ཡུག་སྲུང་སྐྱོབ་དང་། ལྷག་པར་དུ་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གནམ་གཤིས་འགྱུར་ལྡོག་ལ་འབྲེལ་ཡོད་སྟབས། བོད་ཀྱི་ཁོར་ཡུག་ལ་རྒྱལ་སྤྱིའི་ཐོག་ནས་དོ་སྣང་བྱ་དགོས་ཀྱིན་འདུག བོད་ཀྱི་ཁོར་ཡུག་ནི་སའི་གོ་ལའི་སྣེ་མོ་གསུམ་པ་དེ་ཆགས་ཡོད་ལ། ཨེ་ཤ་ཡའི་ནང་གི་གཙང་པོ་ཆེན་པོ་བཅུ་ཡི་འབྱུང་ཁུངས་ཡིན། གཙང་པོ་དེ་དག་འཛམ་གླིང་མི་འབོར་བརྒྱ་ཆ་ ༤༧ ཙམ་གྱི་འཚོ་རྟེན་ཆགས་ཡོད། རྒྱ་གཞུང་གིས་བོད་ནང་འཛུགས་སྐྲུན་དང་གཏོར་བཤིག་ཆེན་པོ་བཏང་བའི་རྐྱེན་གྱིས་གནམ་གཤིས་ཇེ་དྲོར་ཕྱིན་ཏེ། བོད་ཡུལ་གྱི་འཁྱགས་རོམ་ཞུ་སྟེ་གཙང་པོ་དེ་དག་ཀྱང་ཇེ་ཆུང་དུ་འགྲོ་བཞིན་ཡོད། མ་འོངས་པར་འཛམ་གླིང་གི་མི་འབོར་བརྒྱ་ཆ་ ༤༧ ཙམ་ལ་ཆུའི་དཀའ་ངལ་འཕྲད་སྲིད་སྟབས། བོད་པའི་གནད་དོན་དེ་ཆབ་སྲིག་གཅིག་པུ་མ་ཡིན་པར་ཨེ་ཤ་ཡའི་མི་མང་གི་ཉིན་རེའི་འཚོ་བ་དང་འབྲེལ་བ་ཆགས་ཡོད་སྟབས། ཐེངས་འདིར་བོད་པའི་ཚོགས་ཞུགས་པ་ཚོས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བོད་མི་ཚོར་བདག་ཆེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་དང་རོགས་འདེགས་ཡོང་རྒྱུར་འབོད་སྐུལ་བྱེད་ཀྱིན་ཡོད་པ་རེད། ཅེས་གསུངས་སོང་།

 

ཡང་ཁོང་ལ་ཌན་མག་ནང་འཚོགས་བཞིན་པའི་གཞུང་འབྲེལ་གྱི་ཚོགས་ཆེན་དེར་བོད་མི་ཚོ་ཞུགས་ཐབས་ཡོད་མེད་དང་། གཞུང་འབྲེལ་མིན་པའི་ལྷན་ཚོགས་དེའི་སྟེང་གྲ་སྒྲིག་གང་འདྲ་ཡོད་མེད་དྲིས་པར་ལན་སྐྱོན་དོན། གཞུང་འབྲེལ་གྱི་ལྷན་ཚོགས་དེའི་སྟེང་ལ་ཞུགས་རྒྱུར་ང་ཚོས་འབད་བརྩོན་བྱས་ཡོད་པ་མ་རེད་ལ། རེ་བའང་དེ་ཙམ་ཡོད་པ་མ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་སྒྲིག་ཚོགས་ཆུང་ནང་རྒྱ་ནག་ཡོད་སྟབས་བཀག་འགོག་བྱེད་གི་རེད། ཐེངས་འདིར་ང་ཚོར་གྲ་སྒྲིག་གང་འདྲ་ཡོད་ཟེར་ན། བོད་ཀྱི་ཁོར་ཡུག་དང་གནམ་གཤིས། ཆུ་སོགས་ཀྱི་སྐོར་ནས་ཡིག་ཆ་ཁག་ ༨ ཙམ་གྲ་སྒྲིག་བྱས་ཡོད། དེ་བཞིན། ཉེ་ཆར་ཨི་ཊ་ལི་དང་རྒྱ་གར་བྷེང་ལོར་བཅས་སུའང་བོད་ཀྱི་ཁོར་ཡུག་སྐོར་ལ་བསམ་འཆར་བཏོན་ཡོད་པ་རེད། སྐབས་དེར་རྒྱ་གར་མི་མང་ལ། བོད་ཀྱི་གནད་དོན་དེ་ཆབ་སྲིད་རེད། ང་ཚོས་དོ་སྣང་བྱེད་གི་མིན་ཟེར་བའི་སྐད་ཆ་ལྷག་ཡོད་པ་མ་རེད། བོད་ཀྱི་ཁོར་ཡུག་དེ་རྒྱ་གར་མི་མང་གི་ལྟོ་གོས་དང་འབྲེལ་བ་དམ་ཟབ་ཡོད། བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་སོ་སོའི་གཞུང་ལ་འབོད་སྐུལ་ཞུ་དགོས་པ་རེད། ཉིན་ཞིག་རྒྱ་ནག་གིས་བོད་ནས་ནུབ་ཕྱོགས་སུ་བཞུར་བཞིན་པའི་ཆུ་བོ་དག་ཤར་ཕྱོགས་སུ་ཁ་བསྒྱུར་བ་ཡིན་ན། རྒྱ་གར་མི་མང་ལ་དཀའ་ངལ་ཆེན་པོ་ཞིག་ཆགས་ཚར་བ་རེད། ཅེས་ངོ་སྤྲོད་དང་སྐུལ་སློང་བྱེད་ཀྱིན་ཡོད་པ་རེད། ཅེས་གསུངས་བྱུང་།

 

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༥ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༨ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 6

  1. གངས་ཕྲུག་བློ་བཟང་ངག་དབང་ says:
    ལོ་ 17 སྔོན།

    བློ་མཐུན་གསང་གཏོར་ལགས།་ཁྱེད་ཀྱི་བུད་མེད་ཚོགས་པ་དང་།་དགུ་བཅུ་གསུམ་ཚོགས་པ་ནི་སྐབས་འཚོལ་རིང་ལུགས་ལས་ཀ་མ་གཏོགས་དོན་དངོས་ཕན་པའི་ལས་བྱེད་མཁན་མིན་ཞེས་གསུངས་འདུག་་ངས་ཁྱེད་ལ་བཀའ་འདྲི་ཞུ་རྒྱུར་འོ་ན་ཁྱེད་ཀྱི་ད་བར་བཙན་བྱོལ་བོད་གཞུང་གི་གསང་བ་ཕྱིར་རྒྱ་གུང་ཁྲན་ལ་སྤྲོད་པ་ལས་དེ་མིན་གྱི་བོད་སྤྱི་དོན་ལ་སྨན་པའི་ལས་གང་ཞིག་སྒྲུབ་ཡོད་དམ་་བུད་མེད་ཚོགས་པ་དང་དགུ་བཅུ་གསུམ་གིས་འགྲུབ་འབྲས་ཐོན་ན་འདྲ་མ་ཐོན་འདྲ་གང་ལྟར་ཉིན་ལྟར་བོད་སྤྱི་ལ་སྨན་པའི་ལས་ཀ་བྱེད་ཀྱི་ཡོད།་ངའི་རེ་བར་ཁྱེད་རྒྱ་དམར་གྱི་གླ་ཕོག་ལེན་མཁན་ཡིན་ན་མ་གཏོགས།་དེ་ལ་ཕྱ་གྲུ་མཉམ་འདེགས་མ་ཐུབ་ཀྱང་གནོད་མ་བསྐྱལ།་དེ་ངའི་རེ་བ་ཡིན

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    མགྱོགས་འགྲོས་རྟ་ཡི་བང་རྩལ་བྱེ་མའི་ཐང་དུ་ལུས།།
    བྱོལ་སོང་གོམ་ཁ་ཁྱར་ཁྱོར་འགྲན་པའི་ལམ་དུ་རྒྱུགས།།
    སེམས་བཟང་བདག་པོ་ཞིག་གིས་རེ་ཞགས་རྒྱང་དུ་བསྲིངས།།
    མུན་ནག་དུང་གི་ཞབས་ནས་གསེར་རྡོག་ཐོབ་པར་རེ།།

    Reply
  3. གསང་གཏོར། says:
    ལོ་ 17 སྔོན།

    བོད་ཀྱི་གཞུང་འབྲེལ་མ་ཡིན་ཚོགས་པ་བུད་མེད་དང་དགུ་བཅུ་གསུམ་ལྟ་བུ་ནི་སྐབས་འཚོལ་རིང་ལུགས་པའི་ལས་ཀ་མ་གཏོགས་དོན་དངོས་ཕན་པའི་ལས་བྱེད་མཁན་ཞིག་མིན་པ་ཀུན་གྱི་མཁྱེན་གསལ་རེད།་ལྟོས་ཚོགས་ཞུགས་བྱེད་མཁན་མི་སྣ་དག་ལ།་་ཀིར་ཏི་སྒྲོན་དཀར་དང།་ཟླ་སྒྲོན།་ངག་དབང་འོད་འབར་ལྟ་བུ་ནི་བོད་ཀྱི་ཁོར་ཡུག་ཕར་ཞོགས་རང་ཉིད་ཕ་ཡུལ་ལ་ཆ་རྒྱུས་མེད་མཁན་ཤ་སྟག་ཡིན།་

    Reply
  4. 0_9Lolo says:
    ལོ་ 17 སྔོན།

    དངོས་གནས་རེད་ནད་མེད་ལས་ཐར་བ།
    ང་ཚོ་བོད་མི་རིགས་འདི་སྐྱོབ་དགོས་ན་ང་ཚོ་ཚང་མས་རང་རང་གི་ཕྲག་སྟིང་གི་ཁུར་བོ་དེ་ལ་དོན་སྣང་བྱེད་དགོས་པ་ནི་གལ་ཆེན་པོ་མཐོང་གི་འདུག
    ངས་གོང་ནས་བཤད་པ་བཞིན་རང་རང་གི་ཕྲག་སྟིང་གི་ཁུར་བོ་ཟེར་བ་དེ་རང་མི་རིགས་ཀྱིས་ཐུན་མོང་མ་ཡིན་པས་སྐད་ཡིག་དང་།
    ཐ་སྙད་གཞན་སྐད་ནང་ལ་ཤོར་འགྲོ་བས་རིགས་ལ་གཟབ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་མཐོང་གི་ཡོད་ནོར་སོང་བ་རེ་ཡོད་ན་དགོངས་དག་ཞུ་བ་ཡིན།

    Reply
  5. ནད་པ says:
    ལོ་ 17 སྔོན།

    བོད་ཡུལ་སྐྱོབས་རོགས། ཞེས་སྡུག་སྐད་ག་ཚོད་གཅིག་བརྒྱབ་ཀྱང་བོད་ཡུལ་སྐྱོབ་མཁན་ཞིག་ད་བར་སུ་གང་ཡང་བྱུང་མེད། བོད་ཡུལ་སྐྱོབ་དགོས་ན་བོད་རིགས་རྩམ་ཟན་ཡོངས་ཀྱིས་སྐྱོབ་དགོས་པ་ལས་གཞན་སུ་གཅིག་གིས་ཀྱང་བོད་འདི་སྐྱོབ་ཐབས་བྲལ་བ་ཞིག་རེད།

    བོད་འདི་ངོ་མ་སྐྱོབ་དགོས་ན་ང་ཚོས་ང་ཚོ་སྐྱོབ་རྒྱུར་སེམས་ཤུགས་དང་། འཆར་གཞི། ལག་ལེན་རྒྱུན་འཁྱོངས་བཅས་ཀྱི་ལས་ལ་བརྩོན་དགོས།

    Reply
  6. ཨ་ཆགས་ཚེ་རྡོར།་ says:
    ལོ་ 17 སྔོན།

    རྒྱ་གར་གཞུང་གིས་ངེས་པར་བོད་ཀྱི་གནད་དོན་ཐོག་འཛིན་པའི་ལངས་ཕྱོགས་རྒྱལ་སྤྱི་སྟེང་ཅུང་མངོན་གསལ་སྟོན་པའི་དུས་ལ་བབ་ཡོད།་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese