ཝ་ཤིན་ཊོན་ཏུ་ཞབས་སོར་བཀོད་པ།

བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་ཉིན་གསུམ་གྱི་ཆིབས་བསྒྱུར་གནང་ཆེད་ཟླ་ ༢ ཚེས་ ༡༧ ཉིན་རྒྱབ་ཞབས་སོར་འཁོད་པ་དང་། གནམ་ཐང་དུ་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་དང་། དོན་གཅོད་བློ་བཟང་སྙན་གྲགས་ལགས། ཨ་རི་གཞུང་གི་སྣེ་ལེན་སྡེ་ཚན་གྱི་ལས་བྱེད་དང་། རྒྱ་གར་གཞུང་ཚབ་ཁང་གི་སྐུ་ཚབ་བཅས་ནས་ཕེབས་བསུ་ཞུས་གནང་།

མགྲོན་ཁང་མདུན་དུ་ས་གནས་བོད་མི་དང་བོད་མིའི་གྲོགས་པོ། དེ་བཞིན་གསར་འགོད་པ་མང་པོས་ཕེབས་བསུ་ཞུས་པ་དང་། ས་གནས་བོད་པའི་སློབ་ཕྲུག་ཁག་གཅིག་ནས་དགའ་བསུའི་གཞས་སྣ་གཟིགས་འབུལ་གནང་།

ཕྱི་ཚེས་ ༡༨ ཉིན་གྱི་ཞོགས་པར་སྲིད་འཛིན་ཨོ་བྷ་མར་མཇལ་གནང་རྒྱུ་དང་། ཉིན་རྒྱབ་ཕྱི་འབྲེལ་བློན་ཆེན་ཧ་ལ་རི་ཁི་ལིན་ཊོན་ལ་མཇལ་རྒྱུ། དེ་བཞིན་ཨ་རི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་དང་རྒྱ་གར་གཞུང་ ཚབ་ནས་༧གོང་ས་མཆོག་མཇལ་བར་ཕེབས་རྒྱུ་རེད་།

༼གནས་ཚུལ་གྱི་ཁུངས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ པར་པ། རྫོགས་སངས་བསོད་ནམས་ཡིན།༽

 

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

7 thoughts on “ཝ་ཤིན་ཊོན་ཏུ་ཞབས་སོར་བཀོད་པ།

  1. གཅན་དཔལ་ལྡན།

    དེ་རིང་ཨོ་བྷ་མས་ཕོ་བྲང་དཀར་པོའི་ནང་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུ་ཡིན་པ་མ་ཟད། ད་དུང་ལྕམ་སྐུ་དྲུང་ཆེ་ཧེ་ལི་རིར་ཡང་མཇལ་འཕྲད་གནང་རྒྱུ་ཡིན་འདུག སྐབས་འདིར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་གང་མང་ཞིག་གིས་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་ལ་བསྟོད་བསྔགས་ཞུ་བཞིན་ཡོད་ལ། མཇལ་འཕྲད་འདིས་ཨ་རྒྱ་གཉིས་ཀྱིས་འབྲེལ་བར་དོ་ཕོགས་གང་ཡང་མི་འགྲོ་བར་ངེས་འཛིན་བྱེད་ཀྱི་ཡོད་འདུག རྒྱ་རི་ཚང་གིས་ཨ་རིར་གསར་འགོད་་པའི་དྲི་བར་ལན་འདེབས་སྐབས། ཐེངས་འདིར་༧གོང་ས་མཆོག་གིས་བོད་དོན་སྤྱི་དང་བྱེ་བྱག་འབྲེལ་མོལ་ཐེངས་༩བའི་གནས་སྟངས་ངོ་སྤྲོད་ཞུ་རྒྱུ་ཡིན་འདུག ཁོང་གིས་བཤད་པ་ལྟར་ན། ཐེངས་འདིར་དབུ་ཁྲིད་རྣམ་གཉིས་ལ་གསར་འགོད་གསལ་བསྒྲགས་སོགས་གོ་སྒྲིག་བྱས་ཡོད་ཚོད་མི་འདུག