ཨི་རག་ཏུ་འགད་རྫས་གཏོར་ཏེ་ཉུང་མཐར་མི་ ༧༧ བསད་པ་དང་མི་ ༢༧༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་བྱུང་འདུག
ཕྱི་ཚེས་ ༡༠ ཉིན་ཧྥ་རན་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གོང་ཚེས་ཉིན་ཨི་རག་གྲོང་ཁྱེར་ཆེ་ཤོས་བྷ་བྷེ་ལོན་ Babylon དུ་ཡོད་པའི་ཐགས་ལས་བཟོ་གྲྭ་ཞིག་གི་ཕྱི་ལོགས་སུ་རླངས་འཁོར་ཞིག་ཏུ་གས་གཏོར་དོན་རྐྱེན་བྱུང་སྟེ་ཉུང་མཐར་མི་ ༧༧ ལ་སྲོག་སྐྱོན་དང་མི་ ༢༧༠ བརྒལ་བར་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་ཚུལ་ཡུལ་དེའི་དཔོན་རིགས་ཤིག་གིས་བརྗོད་ཡོད་འདུག སྐབས་དེར་ཉེན་རྟོག་པ་མྱུར་སྐྱོབ་བྱེད་སར་སླེབས་སྐབས་ཉེ་འཁྲིས་སུ་གས་གཏོར་ཐེངས་གཉིས་པ་དེ་བྱུང་ཡོད་འདུག འདིའི་ཐད་ཡུལ་དེའི་ཉེན་རྟོག་མགོ་བས་བརྗོད་དོན། གས་གཏོར་བྱུང་སྐབས་བཟོ་གྲྭའི་ལས་བཟོ་བ་ཚོ་ཏག་ཏག་སྒོའི་ཕྱི་ལ་ཐོན་ཡོང་གི་ཡོད་སྟབས་ཤི་རྨས་ཚབས་ཆེན་ཐེབས་པ་རེད་ཅེས་དང་། ཡང་ཁོང་གིས་སྐབས་དེའི་གས་གཏོར་ཁྲོད་མི་ ༣༨ ཙམ་བསད་པ་དང་མི་ ༡༤༠ ལ་རྨས་སྐྱོན་ཚབས་ཆེན་ཕོགས་ཡོད་ཚུལ་སོཊ་འགྲེལ་བརྗོད་བྱས་འདུག ཉིན་དེར་ཨི་རག་རྒྱལ་ས་ནས་སྤྱི་ལེ་ ༦༠ མཚམས་སུ་ཡོད་པའི་ཁ་ཆེའི་ལྷ་ཁང་ཞིག་གི་མདུན་དུའང་གས་གཏོར་དོན་རྐྱེན་བྱུང་ཡོད་འདུག་ལ། ཉེན་རྟོག་པས་མྱུར་སྐྱོབ་བྱེད་སྐབས་མོ་ཊ་ཞིག་ལ་གས་གཏོར་བྱུང་སྟེ་ཉུང་མཐར་མི་ ༡༡ བསད་པ་དང་མི་ ༧༠ ལ་རྨས་སྐྱོན་བྱུང་འདུག དེ་མིན་ཉིན་དེར་ཡུལ་དེའི་ས་ཁུལ་ཁ་ཤས་ལའང་གས་གཏོར་དོན་རྐྱེན་བྱུང་སྟེ་ཉུང་མཐར་མི་བཅུ་གྲངས་ལྷག་བསད་ཡོད་ཚུལ་འབྲེལ་ཡོད་དཔོན་ཞིག་གིས་བརྗོད་ཡོད་འདུག
ཕྱི་ཚེས་ ༡༠ ཉིན་གྱི་དོན་རྐྱེན་དེ་ནི་ ༡༠༡༠ ལོར་ཡུལ་དེར་བྱུང་བའི་གས་གཏོར་དོན་རྐྱེན་ཆེ་ཤོས་དེ་ཡིན་ཚུལ་དབྱེ་ཞིབ་པས་འགྲེལ་བརྗོད་བྱས་འདུག





![Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]](https://tibettimes.net/wp-content/uploads/2026/05/Screen-Shot-2026-05-14-at-5.25.22-PM-360x180.png)
ཨི་རག་གི་འཁོན་འཛིན་འགད་གཏོར་མི་བསད་གྲང་འབོར་འདིས། ང་ཚོ་བོད་མིའི་ཞི་བའི་ཐབས་ལམ་གྱི་དགེ་མཚན་ཤེས་ཐོག་ད་དུང་རང་གི་ཡོན་ཏན་གོང་འཕེལ་གཏོང་ཐུབ་པའི་རེ་བ་ཡོད།
ཨི་རག་གི་གནས་སྟངས་ཐད་ནས་གསར་འགོད་པར་རྒྱུ་ཆ་ཁ་སྣོན་ཙམ་བྱས་ན། འདས་པའི་ལོ་ ༧ གྱི་རིང་ལ་ཨི་རག་ཏུ་ཁྱོན་སྡོམ་འགད་རྫས་ཐེངས་ ༡༧༡༥ བཀད་འདུག
ཞིབ་ཕྲར་བཀོད་ན།
༢༠༠༣ ལོར་ ༢༥ གཏོར་བ།
༢༠༠༤ ལོར་ ༡༤༠ གཏོར་བ།
༢༠༠༥ ལོར་ ༤༧༨ གཏོར་བ།
༢༠༠༦ ལོར་ ༢༩༧ གཏོར་བ།
༢༠༠༧ ལོར་ ༤༤༢ གཏོར་བ།
༢༠༠༨ ལོར་ ༢༥༧ གཏོར་བ།
༢༠༠༩ ལོར་ ༧༦ གཏོར་འདུག
དུས་ཡུན་འདི་དག་གི་རིང་ལ་ཉུང་མཐར་མི་འབུམ་ ༡ ལྷག་བསད་ཡོད་འདུག
༢༠༡༠ མགོ་བཙུགས་ནས་ད་བར་དུ་ཟླ་ངོ་རེ་རེ་བཞིན་འགད་རྫས་གཏོར་ཏེ་ཁྱོན་ཟླ་བཞིའི་རིང་མི་ ༡༧༠ བསད་པ་དང་། མི་ ༣༩༦ རྨས་ཡོད་པ་རེད།
ཕྱི་ཟླ་ ༥ པའི་དེ་རིང་གི་ཤི་གྲངས་འདི་དག་ཀྱང་ཁར་སྣོན་དགོས་པ་རེད།