ཨ་རི་ནས་བོད་པ་གཞང་འཚོང་ཁང་གཉེར་མཁན་གཉིས་འཇུ་བཟུང་བྱས།

ཨ་རིའི་ (fox 9) གསར་ཁང་གིས་ ༢༠༡༧།༧།༡༡ ཉིན་སྤེལ། ཨ་རིའི་དབུས་ནུབ་ཀྱི་མེན་ནི་སོ་ཊ་ (Minnesota) མངའ་སྡེའི་གྲོང་ཁྱེར་ཨེ་ཌེ་ནཱ་ (Edina) དང་རེ་ཆ་ཧྥེལ་ཌི་ (Richfield) གཉིས་ནང་གཞང་འཚོང་ཁང་གཉེར་མཁན་བོད་པ་གཉིས་འཇུ་བཟུང་བྱས་ཡོད་པ་དང་། བོད་པ་དེ་གཉིས་ཀྱིས་གྲོང་ཁྱེར་དེ་གཉིས་ནང་རྒྱ་མོ་ཁག་ཅིག་ཁྲིད་ཡོང་ནས་སྨད་འཚོང་གི་ཁེ་ལས་གཉེར་བཞིན་ཡོད་འདུག

བོད་པ་དེ་གཉིས་ཀྱི་གཅིག་གི་མིང་ལ་བསོད་ནམས་ཚེ་རིང་ (Sonam Tsering) ཟེར་ཞིང་། ད་ལྟ་རང་ལོ་ ༣༦ ཡིན་པ་དང་། ཁོ་ཨ་རིའི་གྲོང་ཁྱེར་ཕི་ལེ་མུ་ཐི་ (Plymouth)ནང་སྡོད་ཀྱི་ཡོད་འདུག གཞན་དེའི་མིང་ལ་བཀྲ་ཤིས་མཐར་ཕྱིན་ (Zhaxi Taxing ཡི་གེ་དང་པོ་དེ་རྒྱ་ཡིག་གི་འབྲི་སྟངས་ལྟར་ ‘བཀྲ་ཤིས’ ཞེས་བྲིས་འདུག) ཟེར་ཞིང་ད་ལྟ་རང་ལོ་ ༤༡ ཡིན་པ་དང་། ཁོ་ཨ་རིའི་གྲོང་ཁྱེར་ལུ་ཡེ་སི་ཕར་ཁི་ (St. Louis Park) ནང་སྡོད་ཀྱི་ཡོད་འདུག

བོད་པ་དེ་གཉིས་ཀྱིས་གཞང་འཚོང་ཁང་གཉེར་བའི་གནས་ཚུལ་དེ་ཨ་རིའི་གྲོང་ཁྱེར་ཉེན་རྟོག་པས་ན་ནིང་ཕྱི་ཟླ་ ༡༡ པའི་ནང་ཁེ་ལས་དྲིལ་བསྒྲགས་དྲ་ཚིགས་ (backpages.com) ཞེས་པའི་སྟེང་གཞང་འཚོང་གི་ལས་རིགས་ཁྱབ་བསྒྲགས་བྱས་ཡོད་པ་ཞིག་ལས་ཤེས་རྟོག་བྱུང་ཡོད་པ་དང་། ཉེན་རྟོག་པ་ཚོས་བསྒྲགས་དྲ་ཚིགས་དེའི་སྟེང་གི་ཁ་པར་ཨང་གྲངས་ཐོག་ཁ་པར་བཏང་སྟེ། ཁ་པར་གཏོང་ཡུལ་ལྟེ་གནས་ཀྱིས་བོད་མི་གཞང་འཚོང་ཁེ་ལས་གཉེར་མཁན་དེ་གཉིས་ཀྱི་སྡོད་གནས་ཁ་བྱང་མཁོ་སྤྲོད་བྱས་ཡོད་འདུག

ནག་ཉེས་ཞི་གཏུགས་ཀྱི་གནས་ཚུལ་ལྟར་ན། རང་མིང་བརྗོད་འདོད་མེད་པའི་ཉེན་རྟོག་པ་ཞིག་གིས། ཁོ་རང་ཨེ་ཌེ་ནཱ་གྲོང་ཁྱེར་གྱི་སྡོད་གནས་ཐོག་རྩེག་ཁང་ཞིག་ཏུ་འགྲོ་སྐབས་ཉལ་གོས་གྱོན་པའི་བུད་མེད་ཅིག་ལ་ཐུག་ཡོད་པ་དང་། སྐབས་དེར་ཁོས་སྐད་སྒྱུར་བ་བརྒྱུད་ནས་བུད་མེད་དེར་ཁོ་རང་ཉེན་རྟོག་པ་ཡིན་སྐོར་ངོ་སྤྲོད་བྱས་རྗེས་དྲི་བ་བཏང་བར། བུད་མེད་དེས་ཉེན་རྟོག་པར་ཁོ་མོ་ཨེ་ཌེ་ནཱ་ (Edina) དང་རེ་ཆ་ཧྥེལ་ཌི་ (Richfield) གྲོང་ཁྱེར་ནང་སྨད་འཚོང་གི་ལས་ཀར་མ་ཁྲིད་སྔོན་ཏག་ཏག་ལ་ཁོ་མོ་རྒྱ་ནག་ནས་ནེའུ་ཡོག་གྲོང་ཁྱེར་དུ་འབྱོར་བ་ཡིན་སྐོར་བརྗོད་ཡོད་འདུག

ཉེན་རྟོག་མགོ་བས་བཀྲ་ཤིས་ཟེར་བ་དེ་གཞང་འཚོང་ཁང་གཉེར་མཁན་གཙོ་བོ་ཡིན་ཞིང་། ཁོ་ཨེ་ཌེ་ནཱ་གྲོང་ཁྱེར་གྱི་སྡོད་གནས་ཐོག་རྩེག་ཁང་ཞིག་ནས་རེ་ཆ་ཧྥེལ་ཌི་གྲོང་ཁྱེར་གྱི་སྡོད་གནས་ཐོག་རྩེག་ཁང་ཞིག་ཏུ་སྤར་ཡོད་པ་མ་ཟད། ཐོག་རྩེག་ཁང་དེ་གར་འགྲོ་འོང་བྱེད་མཁན་མི་མང་པོ་ཡོད་པ་དང་། མི་དེ་ཚོ་ཐོག་རྩེག་ཁང་དེ་གར་སོང་ནས་དུས་ཡུན་ཐུང་ཐུང་ཞིག་གི་རིང་ལ་མ་གཏོགས་སྡོད་ཀྱི་མེད་སྐོར་སོགས་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༡ ནང་ཉེས་དོན་ཞིབ་བཤེར་བས་ཁེ་ལས་དྲིལ་བསྒྲགས་དྲ་ཚིགས་ (backpages.com) སྟེང་བརྡ་ལན་ཞིག་སྤེལ་ཏེ་ཐད་ཀར་རེ་ཆ་ཧྥེལ་ཌི་གྲོང་ཁྱེར་གྱི་སྡོད་གནས་ཐོག་རྩེག་ཁང་དེར་ཕྱིན་ཡོད་པ་དང་། ཐོག་རྩེག་ཁང་དེ་གར་སྨད་འཚོང་མ་མང་པོ་ཡོད་པ་དང་། སྨད་འཚོང་མ་དེ་ཚོའི་གྲས་ཀྱི་བུད་མེད་ཅིག་གིས་ཉེན་རྟོག་པར། བོད་མི་ཚེ་རིང་ཟེར་བ་དེ་ཁོ་མོ་དང་མཉམ་དུ་བསྡད་ཡོད་པ་དང་། ཁོ་མོས་ཚེ་རིང་ལ་གཞང་འཚོང་གི་ཡོང་འབབ་ལས་དངུལ་སྨར་སྤྲོད་ཀྱི་ཡོད་སྐོད་བཤད་འདུག

ཉེན་རྟོག་པས་བོད་མི་ཚེ་རིང་ཟེར་དེ་ད་དུང་གཞང་འཚོང་ཁང་གཞན་པར་འབྲེལ་བ་ཡོད་པར་དོགས་གཞི་བྱེད་ཀྱི་ཡོད་པ་དང་། དངུལ་ཁང་གི་ཡིག་ཚགས་ལ་ཞིབ་འཇུག་བྱས་པ་ལྟར་ན། ཟླ་བ་ ༥ མ་ཟིན་ཙམ་ནང་། བོད་མི་བཀྲ་ཤིས་ཟེར་བ་དེས་ཨ་སྒོར་ ༢༥༠༠༠ ལྷག་དང་། ཚེ་རིང་ཟེར་བ་དེས་ཨ་སྒོར་ ༡༩༠༠༠ ལྷག་སོ་སོའི་དངུལ་བྱང་ཐོག་བཞག་ཡོད་འདུག

ཨ་རིའི་ཧིན་ནིབ་ཕེན་རྫོང་ (Hennepin County) ཁྲིམས་རྩོད་པ་ཧྥི་རེ་མན་ (Mike Freeman)ལགས་ཀྱིས། གཞང་འཚོང་གི་ཁེ་ལས་རིགས་ནི་ཨ་རིའི་ནང་གི་ཁྲིམས་འགལ་ཚབས་ཆེ་ཤོས་ཤིག་ཡིན་སྐོར་བརྗོད་འདུག ཁྲིམས་རྩོམ་པ་དེས་གཞུང་འབྲེལ་གསལ་བསྒྲགས་སྤེལ་ཏེ། “ཐེངས་འདིའི་གྱོད་དོན་ཁྲོད་སྨད་འཚོང་མཁན་བུད་མེད་དེ་དག་གཞང་འཚོང་ཁང་གཉེར་མཁན་ཚོས་གླས་ཡོད་སྟབས་ནག་ཉེས་མེད། ད་རེས་ང་ཚོས་ཧིན་ནིབ་ཕེན་རྫོང་གི་གཞང་འཚོང་གི་ལས་གཉེར་མཁན་ཚོ་རྩ་གཏོར་གཏོང་རྒྱུ་ཡིན” ཞེས་སོགས་འཁོད་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༧/༡༢

Leave a Reply

18 thoughts on “ཨ་རི་ནས་བོད་པ་གཞང་འཚོང་ཁང་གཉེར་མཁན་གཉིས་འཇུ་བཟུང་བྱས།

 1. མི་འདི་གཉིས་ཀ ་ལི་ཐང་བ་རེད་འདུག་པ་ཟད་གདོང་ནག་རིལ་དེ་ཁོ་ན་ལ་སྐྱེས་མན་དང་ཕྲུ་གུ་གསུམ་ཡོད་འདུག་མ་ཟད་ཁོ་བོད་ནས་མི་བསད་ནས་བྲོས་ཡོང་འདུག

  1. ཆ་རྒྱུས་ཡོད་ཞིག་རེད་འདུག
   ཁོང་གཉིས་གཉིས་ཀྱི་ལོ་རྒྱུས་རོབ་ཙམ་ཞིག་གསུངས་རོགས་གནང།ཡང་མི་ག་མོ་ཞིག་གི་ལབ་ཀྱི་འདུག་ཟེར་མ་གསུངས་རོགས་གནང།

 2. ལྷ་ནོར། བོད།

  ཚང་མ་དགོད་བྲོ་བ་ལ། བོད་པ་ཚོས་ལས་ངན་བྱས་ན་བོད་པ་རེད་ཟེར་མི་ཆོག་པ་ཅི་རེད། བོད་པ་ཡ་རབས་ཡིན་ཙང་ལས་ངན་གཅིག་ཀྱང་བྱེད་ཀྱི་མ་རེད་ཟེར་བཞིན་ཡོད་དམ། དེ་ན་བོད་པས་ལས་ངན་བྱས་ཀྱང་ཚང་མ་སྦས་དགོས་པ་ཡིན་ནམ། མི་ངན་ནི་མི་ངན་རང་ཡིན་པས་ཁོས་བྱས་ཉེས་ཐེ་འདོན་བྱེད་པ་ནི་སྤྱི་ཚོགས་ལ་འགན་ཡོད་ལ། གསར་འགྱུར་ཚན་པ་ལ་དེ་བས་ཀྱང་འགན་ཡོད། རྩོམ་པ་པོ་ཚོ་ལ་ཡང་འགན་ཡོད། སྤྱི་ཚོགས་ཟིང་ཟིང་གི་ཁྲོད་ན་ང་ཚོ་བོད་པའི་གཤིས་སྤྱོད་བརླག་བཞིན་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད། དཔེར་ན་་་རིགས་སློབ་དབུ་འཛིན་དང་ཁོང་གི་སླ྄ོབ་ཕྲུག་གཉིས་བཅས་བཀྲོངས་མཁན་གྲྭ་བའི་གཟུགས་སུ་བཀོད་པའི་བོད་པ་ཁ་ཤས་ཡིན། འདས་ལོ་གྲི་འཛུགས་རེས་བྱེད་པ་ཡང་བོད་པ་རེད། ད་ལོ་སུ་སེ་ནས་གསོས་རེས་བྱེད་ོ་ཡང་བོད་པ་རེད། འདི་ལྟ་བུའི་བྱས་ཉེས་བྱེད་མཁན་བོད་པ་རྣམས་ཀྱང་ཐེར་འདོན་བྱས་པ་དང་། བོད་པ་རེད་ཟེར་བ་ཙམ་གྱིས་ནོར་འཁྲུལ་དུ་བཅོལ་ན་ལག་དམར་བ་དེ་དག་གནས་སྟངས་གང་འདྲ་ཞིག་གི་འོག་ནས་སྦས་གསེང་བྱེད་དགོས་པ་རེད། ངོ་གནས་བསམ་བློའི་ཁ་ཕྱོགས་མེད་པའི་རང་ཕྱོགས་མཁྲེགས་འཛིན་པ་རྐྱང་རེད།

 3. སྲས་སྐུ་ངོ་།

  གོང་གི་གསར་འགྱུར་དེའི་ནང་མི་དེ་གཉིས་ལ་རྒྱ་རིགས་ཟེར་བ་ལས་བོད་རིགས་ཟེར་བའི་ཐ་སྙད་ཅིག་རྐྱང་བྲིས་མི་འདུག
  མིང་ལ་བལྟས་ན་བོད་རིགས་ཡིན་ཡང་། གསར་འགོད་པས་རྒྱུ་མཚན་གང་ལ་བརྟེན་ནས་བོད་མི་ཟེར་བ་བྲིས་པ་ཡིན་ནམ།

 4. ཉམས་ཆུང་འོག་འདེགས།

  རེད་རེད། དག་ལ་མ་དག་ལ་དེ་འདྲ་བཀོད་ཆོག་རེད། སྔོན་མ་ཡིན་ན་ཏྲེ་བོ་སྐད་གྲགས་ཆེན་པོ་རེད། ཁྲིན་ཏུ་དང་། ལྷ་ས། བལ་ཡུལ། རྒྱ་གར། ཉེ་ཆར་སུས་སི་སོགས་ལ་སྐད་བཞག་པ་དང་འཇོག་བཞིན་པ་རེད། དེང་སང་ལི་ཐང་བ་འང་ལྟ་བ་མེད་ཅིང་གནས་ཚུལ་འདྲ་མིན་མང་པོ་དང་། བླ་མ་ཚེ་བཀྲ་ཟེར་བ་དང་། ཡང་ཕ་རན་སིར་ནང་དམེ་་ནང་གསོད། དེ་རིང་གཞང་ལ་བརྟེན་ནས་ཁ་གསོ་ཐབས་བྱེད་པ། ངོ་མ་བློ་ཕམ་རེད།

 5. དེའི་ནང་ཁོང་གཉིས་ཀྱི་དངུལ་ཁང་ནང་ཨ་རི་སྒོར་ ༢༩༠༠༠།༠༠ ཟེར་བ་དེ་གསར་འགྱུར་དངོས་གནས་ནང་ཨ་རི་སྒོར་ ༥༢༠༠༠།༠༠ རེད་འདུག

 6. བྱང་ཆུབ་གུ་རུང་།

  མི་དེ་གཉིས་དོན་དངོས་སུ་བོད་པ་ཡིན་པ་འདྲ། ཡིན་ནའང་དབྱིན་ཇིའི་གསར་འགྱུར་ནང་བིད་པ་རེད་ཅེས་བྲིས་མེད་ཀི

 7. མི་དེ་གཉིས་བོད་རིགས་ཡིན་པ་བཤད་མཆོག་རེད་་་ཡིན་ན་དུས་བབ་གསར་བསྒྱུར་ནང་ལ་མི་དེ་གཉིས་པར་དངོས་སུ་བཞག་པ་དང་པར་གྱི་ངོ་གདུང་ལ་བསད་སྟག་གང་ཡང་མེད་པའི་ཐོག་ནས་བཞག་པ་ནི་ཁྲམས་འགལ་རེད་་་་

 8. མི་ངན་འདི་ཚོ་ཞབས་འདྲེན་རེད་ཡ།་་་གཤམ་ནས་དྲ་གྲོགས་ཞིག་གིས་ཁམས་ལི་ཐང་ནས་ཡིན་པ་གསལ་བཤད་བྱས་འདུག འདི་ཚོ་མི་གསོད་མཁན།་་་་ནག་འཚོང་རྒྱག་མཁན་བོད་པའི་ཞབས་འདྲེན་རེད་ཡ་་་་།

 9. བཀྲ་ཤིས་མཐར་ཕྱིན་ཟེར་བའི་མིང་བྲི་སྟངས་ཏེ་རྒྱ་ཡིག་གི་ཐོག་བོད་མིང་བྲི་སྟངས་ཞིག་རེད་གཡས་ཀྱི་མི་དེ་བོད་རིགས་འདྲ་བོ་མིན་འདུག་ཁྱོད་ཚོ་ཨ་རི་ཡོད་མཁན་འབྲེལ་བོད་རིགས་ཚོས་ཁོ་གཉིས་ངོ་མ་བོད་རིགས་ཡིན་མིན་རྟགས་དཔྱད་བྱེད་ཐུབ་ན་ཡག་པོ་འདུག་དེང་སང་ཨ་རི་ལ་ཡོད་ཁན་ཧི་མ་ལའི་རིགས་དང་གཞན་མང་པོ་ཞིག་པོ་ཞིག་བོད་པའི་མིང་ཐོག་ནས་བསྡད་ཁན་མང་པོ་ཡོད་པ་རེད།།

 10. ཁོ་གཉིས་བོད་པ་ཡིན་ཤག་རེད། རོགས་པ་གཅིག་ལི་ཐང་ནས་ཡིན་པ་ཨ་རིར་སྡོད་པའི་ཁོ་རང་གི་ངོ་ཤེས་ཚོས་ལབ་འདུག ངོ་མ་ཞབས་འདྲེན་རེད།

  1. དབུས་ལྗོངས་དགའ་བ།

   གསར་བསྒྱུར་དངོས་ནང་བོད་པ་ཞེས་ཚིག་གཅིག་ཀྱང་མེད་ན་འདིར་བོད་པ་ཞེས་མཐའ་གཅིག་ཏི་འབྲི་དགོས་དོན་གང་ཡིན་ནམ།

   1. བུ་རིགས་པ་ཅན།

    དབྱིན་ཡིག་གི་གསར་འགྱུར་གཅིག་མིན་གཉིས་མིན་མང་པོ་ཞིག་གི་ནང་སླེབས་འདུག ཁ་ཤས་ནང་བོད་པ་དེ་གཉིས་བོད་ནས་ཡོང་བ་དང་ཨ་རིའི་ནང་ཁྲིམས་འགལ་ཐོག་འཛུལ་རྗེས་སྐྱབས་བཅོལ་ཡིག་ཆ་ཞུས་ཡོད་སྐོར་སོགས་འཁོད་འདུག་པ་མ་མཐོང་ངམ་དབུས་ལྗོངས་དགའ་བ་ལགས།