བསྟན་འཛིན་ཆོས་དབྱངས་ལཊ་སྐུ་གྲོངས་འདུག

སྐུ་ལུས་མེར་སྲེག་གནང་མཁན་བསྟན་འཛིན་ཆོས་དབྱངས་ལགས་དེ་རིང་ཉིན་རྒྱབ་ཆུ་ཚོད་ ༤:༥༠ ཐོག་ལྡི་ལིའི་(Safjdarjung Hospital)སྨན་ཁང་དུ་སྐུ་གྲོངས་ཡོད་འདུག

བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བརྗོད་ན། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་རྗེས་བསྟན་འཛིན་ཆོས་དབྱངས་ལགས་ཀྱི་སྐུ་གཟུགས་གནས་སྟངས་གློ་བུར་ཛ་དྲག་ཏུ་གྱུར་ཞིང་། ཁོང་གིས་ཨ་མ་ལགས་དང་ཨ་ཞང་ལགས་ལ་འབོད་ཀྱིན་”བོད”ཅེས་ཡང་ཡང་བརྗོད་དེ་ཕྱི་དྲོའི་ཆུ་ཚོད་ ༤:༥༠ ཐོག་སྐུ་གྲོངས་ཡོད་འདུག་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། ལྡི་ལི་ཁུལ་གྱི་བོད་རིགས་མི་མང་བཅས་འཛོམས་ཏེ་ཁོང་གི་ཤུལ་ལུས་ནང་མིར་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་འདུག

ལྡི་ལིའི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་མཆོག་ཆེད་ཕེབས་ཀྱིས། ཆོས་དབྱངས་ལགས་ཀྱི་ཨ་མ་ལགས་དང་སྤུན་མཆེད་ལ་གདུང་སེམས་མཉམ་སྐྱེད་གནང་པ་དང་སྦྲགས། འཛིན་སྐྱོང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གནང་བའི་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོའི་གསུང་འཕྲིན་གནང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༧/༢༢

Leave a Reply

2 thoughts on “བསྟན་འཛིན་ཆོས་དབྱངས་ལཊ་སྐུ་གྲོངས་འདུག

  1. ༄༅། བསྟན་འཛིན་ཆོས་དབྱིངས་ལགས་སྐུ་ཚེ་རྗོགས་པར་སེམས་གཏིང་ནས་གདུང་སེམས་མཉམ་སྐྱེད་ཡོད།
    ཁོང་གི་ཕ་མ་སྤུན་མཆེད་ཚོར་ཐུགས་གསོ་ཞུ་གི་ཡོད། ལྷག་པར་དུ་ཁོང་གི་ཨ་མ་ལགས་སུ་ཞུ་རྒྱུ་ལ་བུ་འདས་གྲོངས་སོང་བར་
    ནམ་ཡང་ཐུགས་ཁྲལ་མ་གནང་རོགས། སྐྱེས་ནས་འཆི་དགོས་པ་འཇིག་རྟེན་ཆོས་ཉིད་རེད། བུ་ཁོང་གི་སེམས་ནང་ལ་བོད་
    ཅེས་པ་དྲན་པ་དང། མ་འཆི་སྔོན་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་པར་ཞིག་གནང་རོགས་བརྗོད་པ་དེས་༧གོང་ས་
    མཆོག་གི་སྐྱབས་འོག་ནས་ནམ་ཡང་དོར་མེད་འཛིན་པ་དང། སྐྱེ་བ་འཆི་མ་དེ་ཡང་བོད་གངས་ཅན་ལྗོངས་ལ་སྐྱེས་ནས་
    གངས་ཅན་པའི་འཐབ་རྕོད་ལ་འབད་བརྕོན་གནང་ཐུབ་ཐབས་ཡོང་བའི་མཆོག་གསུམ་ལ་སྨོན་ལམ་འདེབས།
    བོད་རྒྱལ་ལོ། བདེན་པ་རྒྱལ་ལོ། ཞི་བདེ་རྒྱལ་ལོ། བྱམས་བརྕེ་རྒྱལ་ལོ།

  2. གཞུང་པ་ཚེ་དབང་བསོད་ནམས་

    བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་རང་ལུས་མཆོད་མེར་ཕུལ་མཁན་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱངས་མཆོག་ལ་གདུང་སེམས་མཉམ་སྐྱེད་དང་གུས་བཏུད་ཞུ་གི་ཡོད་ལ་དམ་པ་ཁོང་གི་ཕ་མ་སྤུན་ཉེ་རྣམས་ལ་ཐུགས་གསོའི་འཚམས་དྲི་ཡང་ཞུ་གི་ཡོད་།