མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་ནང་བྷི་བྷི་སི་རླུང་འཕྲིན་བཀག་འགོག

བོད་ཀྱི་དུས་བབ།
༢༠༡༧/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༡༩༧༨ ལོ་ནས་ཧོང་ཀོང་ནང་རྒྱ་ཁྱབ་ཏུ་ཕྱིན་པའི་བྷི་བྷི་སི་རླུང་འཕྲིན་ལ་བཀག་འགོག་བྱེད་ཀྱི་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༤ ཉིན་ཧོང་ཀོང་སྲིད་གཞུང་གིས་འདས་པའི་ལོ་ངོ་  ༣༩ རིང་ཧོང་ཀོང་མི་མང་གིས་ཆུ་ཚོད་ ༢༤ རིང་ཉན་འཇོག་བྱེད་སའི་བྷི་བྷི་སིའི་འཛམ་གླིང་རླུང་འཕྲིན་ཚན་པའི་གསར་འགྱུར་བཀག་སྡོམ་བྱས་ཏེ། དེའི་ཚབ་དུ་རྒྱ་ནག་གི་རླུང་འཕྲིན་གསར་འགྱུར་ཚན་པ་ཞིག་བཅུག་ཡོད་འདུག

ཧོང་ཀོང་མི་མང་གི་གསར་འགོད་རང་དབང་ལ་བློ་ཚབས་ཆེ་བའི་མི་ཁག་ཅིག་གིས།  ཧོང་ཀོང་ནང་བྷི་བྷི་སིའི་གསར་འགྱུར་བཀག་སྡོམ་བྱས་པ་དེས། རྒྱ་ནག་དམར་ཤོག་ཚོགས་པས་ཧོང་ཀོང་གི་གསར་འགྱུར་རང་དབང་བཀག་སྡོམ་བྱས་ཏེ།  དམར་ཤོག་ཚོགས་པ་རང་གི་གསར་འགྱུར་བརྒྱུད་ལམ་ཁག་ཧོང་ཀོང་ནང་ཧམ་འཛུལ་བྱེད་ཀྱི་ཡོད་སྐོར་བརྗོད་པ་མ་ཟད། ཧོང་ཀོང་ནང་རྒྱ་ནག་གི་སྟངས་འཛིན་སྔར་ལས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ལུགས་བརྗོད་ཀྱི་འདུག

དྲ་ཐོག་ནས་མཚན་རྟགས་ ༡༠༥༦ ཙམ་བསྡུ་རུབ་བྱས་པའི་ལས་འགུལ་བ་ཁག་ཅིག་གིས།  ང་ཚོར་བྷི་བྷི་སིའི་འཛམ་གླིང་རླུང་འཕྲིན་གསར་འགྱུར་བསྐྱར་དུ་དགོས། ཅེས་ཧོང་ཀོང་སྲིད་གཞུང་ལ་ཞུ་གཏུག་བྱེད་བཞིན་ཡོད་ཀྱང་།  ཧོང་ཀོང་སྤྱི་དམངས་བརྙན་འཕྲིན་ཁང་གི་མགྲིན་ཚབ་པས།  ཧོང་ཀོང་ནང་རྒྱ་ནག་གི་རླུང་འཕྲིན་གསར་འགྱུར་གཏོང་རྒྱུའི་དམིགས་ཡུལ་ནི། རྒྱ་ནག་དང་ཧོང་ཀོང་བར་ཕན་ཚུན་གྱི་རིག་གཞུང་རྒྱུས་ལོན་བྱེད་ཐབས་ཤིག་ཡིན་པ་ལས་ཆབ་སྲིད་ཀྱི་རྒྱབ་ལྗོངས་མེད་པ་མ་ཟད།  ཧོང་ཀོང་ནང་མུ་མཐུད་མཚན་མོའི་ཆུ་ཚོད་ ༨ ཀྱི་རིང་དང་།  གཟའ་མཇུག་སོགས་ལ་བྷི་བྷི་སིའི་རླུང་འཕྲིན་གསར་འགྱུར་ཐད་གཏོང་བྱེད་ཀྱི་ཡིན།  ཞེས་བརྗོད་ཡོད་འདུག

བྷི་བྷི་སི་གསར་ཁང་གིས།  ང་ཚོའི་གསར་འགྱུར་ལེན་ཚན་ལ་འགྱུར་བ་ཐེབས་ཐེངས་རེར། གསར་འགྱུར་ཉན་མཁན་ཚོར་བློ་ཕམ་བྱུང་གི་ཡོད།  འོན་ཀྱང་། ང་ཚོས་ཐབས་ཤེས་ཡོད་རྒུ་བཏོན་ཏེ་གསར་འགྱུར་ཉན་མཁན་ཚོར་མུ་མཐུད་གསར་འགྱུར་ཉན་ཐུབ་ཐབས་བྱེད་ཀྱི་ཡིན་ལ།  ད་ལྟ་ཧོང་ཀོང་ནང་མཚན་དཀྱིལ་དུ་བྷི་བྷི་སིའི་རླུང་འཕྲིན་གསར་འགྱུར་ཉན་ཐུབ་པ་བཟོས་ཡོད་པ་མ་ཟད། མུ་མཐུད་ཆུ་ཚོད་ ༢༤ རིང་ངམ་ཡང་ན་དྲ་ལམ་དང་།  འཕྲུལ་སྐར་(Telstar 18 DTH)བརྒྱུད་དེ་ཧོང་ཀོང་མི་མང་གིས་ཉན་ཐུབ་ཀྱི་ཡོད། ཅེས་བརྗོད་འདུག

ཡང་བྷི་བྷི་སི་གསར་ཁང་གིས།  ཧོང་ཀོང་སྤྱི་དམངས་བརྙན་འཕྲིན་ཁང་གིས་ཁོ་ཚོའི་ཉིན་མོའི་གསར་འགྱུར་ལས་རིམ་ཁག་ཏུ་བྷི་བྷི་སིའི་དབྱིན་ཇིའི་གསར་འགྱུར་ཁག་ཅིག་ཐད་གཏོང་བྱ་རྒྱུའི་ཁས་ལེན་བྱས་ཡོད།  ཅེས་བརྗོད་འདུག

གསར་འགོད་པ།  སྐལ་བཟང་སྤྱིན་པ། 

འབྲེལ་ཡོད་གསར་འགྱུར།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

ཆུ་ཚོད་ ༢༡ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤

མཆན། 2

  1. ཆོས་རྒྱལ་ཚེ་རིང། says:
    ལོ་ 9 སྔོན།

    bbc དང CNN ལྟ་བུ་གསར་ཁང་དག་འཛམ་གླིང་གི་གསར་ཁང་སྐད་གྲགས་ཅན་རེད། དམིགས་བསལ་རང་སྲིད་རང་སྐྱོང་གི་སྲིད་གཞུང་ཧོང་ཀོང་ནང་རྒྱལ་སྤྱིའི་གསར་འགྱུར་བཀག་སྡོམ་བྱེད་པ་ནི་གསར་འགོད་རང་དབང་བཀག་སྡོམ་བྱེད་པ་རེད། བོད་མིར་ཆ་བཞག་ན་མ་འོངས་པར་རང་སྲིད་རང་སྐྱོང་ཐོབ་པ་ཡིན་ན། ཧོང་ཀོང་ལ་མིག་དཔེ་ལྟ་དགོས་པ་ཞིག་ཆགས་ཡོད།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 9 སྔོན།

    མི་གི་སྤྱི་ཚོགས་ཀྱི་བདེ་འཇགས་ལ་འགན་འཁུར་ནས་གནས་ཚུལ་བརྒྱུད་སྤེལ་བྱ་རྒྱུ་དེ་གསར་འགོད་པས་ལས་བའགན་དང་རང་དབང་ཡིན་པ་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་འགན་འཁུར་མེད་པར་སྤྱི་ཚོགས་ནང་བྱུང་བའི་གནས་ཚུལ་ཡོངས་རྫོགས་བརྒྱུད་་ལམ་དུ་སྤེལ་རྒྱུའི་འགན་འཁུར་བླངས་ཚེ་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཕན་ལས་གནོད་ཆེ་བས་སྦི་སྦི་སི་ཙམ་མ་ཡིན་པ་གསར་འགྱུར་སྡེ་ཚན་དང་གསར་འགོད་སྡེ་ཚན་ཚོའི་ཐུགས་གནང་ཟབ་ནན་དགོས་པ་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese