ལྡི་ལིའི་མཁའ་དབུཊ་སྦག་བཙོག་ཛ་དྲཊ་ཆཊ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཁའ་དབུགས་སྦག་བཙོག་གི་གནས་སྟངས་ཛ་དྲགས་ཆགས་ཏེ་བདུན་ཕྲག་འདིའི་ནང་ཨར་ལས་འཛུགས་སྐྲུན་དང་དངོས་ཟོག་སྐྱེལ་འདྲེན་ལས་རིགས་མཚམས་འཇོག་རྒྱུ་ཡིན་འདུག

དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་རྒྱལ་ས་ལྡི་ལིའི་མཁའ་དབུགས་སྦག་བཙོག་གི་གནས་སྟངས་ཛ་དྲགས་ཆགས་ཏེ། ལྡི་ལི་གཞུང་གིས་གཟའ་འཁོར་འདིའི་ནང་ལྡི་ལིའི་སློབ་གྲྭ་ཁག་སྒོ་བརྒྱབ་རྒྱུ་དང་། ཉིན་རེའི་འཚོ་བའི་མཁོ་དངོས་ཕུད་ཚོང་ཟོག་སྐྱེན་འདེན་དང་། འགྲིམ་འགྲུལ་འགྲོ་འོང་། ཨར་ལས་འཛུགས་སྐྲུན། ཡུལ་སྐོར་སྤྲོ་འཆམ་ལས་རིགས་སོགས་གནས་སྐབས་སུ་བཀག་སྡོམ་བྱས་ཏེ། ཡུལ་མི་ཚང་མ་སོ་སོའི་རང་ཁྱིམ་དུ་སྡོད་དགོས་པ་དང་། མཁའ་དབུགས་སྦག་བཙོག་གཙང་མ་བཟོ་ཐབས་བྱེད་དགོས་སྐོར་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་འདུག

ཐེངས་འདིའི་མཁའ་དབུགས་སྦག་བཙོག་ཆགས་པའི་རྒྱུ་རྐྱེན་གཙོ་བོ་ནི། ལྡི་ལི་གྲོང་ཁྱེར་གྱི་མཐའ་འཁོར་དུ་ཆགས་པའི་ཧར་ཡ་ནཱ་ (Haryana) མངའི་སྡེའི་ཞིང་པ་མང་པོས་ཞིང་ཁའི་རྩྭ་ལྡུམ་མེར་བསྲེགས་པའི་དུ་བ་དང་། སྟོན་ཏོག་བསྡུ་སྐབས་ས་རྡུལ་ཆེ་བ་སོགས་ཀྱིས་ཡིན་པ་དང་། དེ་ནི་གྲོང་ཁྱེར་ལྡི་ལིའི་ནང་ལོ་ལྟར་འཕྲད་བཞིན་པའི་དཀའ་ངལ་ཆེན་པོ་ཞིག་ཡིན་འདུག

མཁའ་དབུགས་སྦག་བཙོག་གི་དུག་རླངས་མིའི་གློ་བའི་ནང་སོང་ན་འབྲས་སྐྲན་གྱི་ནད་དང་། སྙིང་རྩ་འགག་པ་སོགས་དབུགས་འབྱིན་རྔུབ་ཀྱི་རིམས་ནད་སྣ་ཚོགས་འགོས་ཀྱི་ཡོད་པ་དང་། ད་ཆར་ལྡི་ལིའི་དུ་སྨུག་གི་རྐྱེན་པས་ཡུལ་མི་མང་པོའི་མགོ་ན་བ་དང་། གློ་བརྒྱབ་པ། མིག་ཚ་བ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པར་མ་ཟད། དུ་སྨུག་ཤུགས་ཆེན་འཐིབས་པའི་རྐྱེན་གྱིས་འགྲིམ་འགྲུལ་བརྡབ་སྐྱོན་གྱི་དོན་རྐྱེན་ཡང་མང་པོ་ཡོང་གི་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༡/༠༩

Leave a Reply

One thought on “ལྡི་ལིའི་མཁའ་དབུཊ་སྦག་བཙོག་ཛ་དྲཊ་ཆཊ།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    འབྱུང་བའི་དཀའ་ངལ་འདི་མི་གི་བཟོས་པ་རེད་ལ་དཀའ་ངལ་འདི་སེལ་རྒྱུའི་ཐབས་ལམ་ཡང་མི་གི་སྟོན་དགོས་པ་རེད་།