མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ངོ་སྤེན་པ་ཚེ་རིང་མཆོག་དོན་གཅོད་ལ་བཞུགས་སྐབས་ཀྱི་མཛད་རྗེས་བཅུ། 

བོད་ཀྱི་དུས་བབ།
༢༠༡༧/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། འོད། (ཨུ་རུ་སུ།)

༼  བཀའ་ཤག་དང་སྲིད་སྐྱོང་གིས་སྐུ་ངོ་སྤེན་པ་ཚེ་རིང་ལ་སྐྱོན་ཡོད་མདོག་གིས་གསལ་བཤད་ཅི་ཙམ་གནང་ཡང་། ཁོང་གིས་མ་འཇོན་པ་དེ་འདྲ་གང་ཡང་མ་རེད་སྙམ། གནད་དོན་འདི་ནི་ནང་ཚུན་ལ་ཕྲག་དོག་དང་། གུས་ཞབས་མ་ཞུས་པའི་སྐྱོན་ཆ་ཞིག་རེད། སྐུ་ངོ་སྤེན་པ་ཚེ་རིང་མཆོག་གིས་ངོ་ལོ་ཉི་ཤུ་ལྷག་གི་རིང་ལ་བཙན་བྱོལ་གཞུང་དུ་ཞབས་ཞུ་བསྒྲུབས་ནས་མི་མང་གི་སེམས་ཀྱི་དབུ་ཁྲིད་གལ་ཆེན་ཞིག་ཀྱང་ཆགས་ཡོད། ད་ཐེངས་བཀའ་ཤག་གམ་སྲིད་སྐྱོང་གིས་མཛད་སྤྱོད་འདི་ལྟར་གནང་བ་ནི་ངོ་མས་བློ་ཕམ་གྱི་གནས་རང་རེད། སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་ཕྱག་ལས་མང་བོ་གནང་སྟེ། མཛད་རྗེས་བཞག་དང་འཇོག་བཞིན་པ་ཡོངས་གྲགས་རེད། བོད་མིའི་སྒྲིག་འཛུགས་དྲ་བ་རུ་ཡང་དེའི་སྐོར་མང་བོ་བཀོད་ཡོད། ངས་འདིར་དོན་ཚན་བཅུ་འདྲེན་བྱ་རྒྱུ་ཡིན་ལ། འདི་དཔེ་མཚོན་ཙམ་ཡིན། ད་དུང་འདིར་མ་དྲངས་པ་མང་བོ་ཡོད་པ་ཤེས་དགོས།  ད་དུང་འདིའི་རྒྱབ་ལྗོངས་གཞན་ཞིག་ཡིན་པ་ངས་ལོགས་སུ་འབྲི་རྒྱུ་ཡིན། ༽

༡༽ འདི་ལོའི་ཕྱི་ཟླ་ ༧ ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུངས་གྲངས་ ༨༢ བཞེས་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་ཞིག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་དུས་ཆེན་སྔ་སྣུར་ཐོག་སྲུང་བརྩི་གཟབ་རྒྱས་ཞུས་འདུག འདི་འདྲ་ཞིག་སྔར་ཡང་བྱུང་མ་མྱོང་ལ། ཕྱིས་སུའང་འབྱུང་དཀའ་ཞིག་རེད།

༢༽ སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་ ༢༠༡༦ ཟླ་བ་ ༡༠ ཚེས་ ༡༣ ནས་ཚེས་ ༢༠ བར་ནིའུ་ཡོག་དང་ནིའུ་འཇར་སི་ཁུལ་དུ་གཞུང་དོན་ཕྱོགས་བསྐྱོད་གནང་སྟེ། སེར་སྐྱ་མང་ཚོགས་ལ་གསུང་བཤད་དང་།  རིས་མེད་ཆོས་བརྒྱུད་ཁག་གི་ཚོས་ཚོགས་དང་། དགོན་སྡེ་གྲ་ཚང་ཁག་ལ་འཚམས་འདྲི་གཟིགས་སྐོར།  རྒྱ་རིགས་སློབ་ཕྲུག་ཐུག་འཕྲད།   བོད་པའི་ལོ་རྒྱུས་མི་སྣ་མཇལ་འཕྲད།  བོད་རིགས་གཞོན་སྐྱེས་མཉམ་བགྲོ་གླེང་སོགས་ཀྱིས་མཚོན་འབྲེལ་ལམ་ཇེ་བཟང་དང་། ལས་དོན་སྣ་མང་གི་སྒོ་མོ་ཆེ་རུ་ཕྱེ་ཡོད།

༣༽ །ཕྱི་ལོ་ ༢༠༡༦ ཟླ་བ་ ༡༠ ཚེས་ ༦ ཉིན་ཨ་རི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཇིམ་མེག་གོ་ཝན་མཆོག Jim McGovern  གི་ལས་ཁུངས་སུ་བཅར་ཏེ་འཚམས་འདྲི་ཞུས་པ་དང་འབྲེལ་ཁོང་གིས་ཡུན་རིང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བ་མ་ཟད།  བོད་དོན་སྐོར་རྒྱལ་ནང་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གླེང་སློང་ཡང་ཡང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག  འབྱུང་འགྱུར་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཡང་ཞུས་པར།  སྐུ་ཞབས་ཇིམ་མེག་གོ་ཝན་མཆོག་ནས་སྐབས་དེར་དྲང་བདེན་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ཁོང་གི་ལས་འགན་ཡིན་པས་འབྱུང་འགྱུར་ཡང་བོད་དོན་དང་བོད་མིར་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཅེས་གསུངས།

༤༽ ༢༠༡༦/༡༠ ནང་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་དང་། སེམས་ཁུར་གནང་མཁན་རྒྱ་རིགས་གྲོགས་པོ་རྣམས་ལ་སྣེ་ལེན་གྱི་འདུ་འཛོམས་གྲ་སྒྲིག་གནང་ཡོད། འདུ་འཛོམས་དེར་རྒྱ་རིགས་ཤེས་ཡོན་ཅན་ཝང་ཅུན་ཐའོ་དང་། ཧུ་ཕིང་། འཛམ་གླིང་ཉིན་ཚགས་ཀྱི་རྩོམ་སྒྲིག་པ་ཝེ་པོ་ཀྲོའུ། དགེ་རྒན་ཆེན་མོ་ཤ་མིང་དང་། མཁས་དབང་ཁཱོང་ཀྲེ་ཀྲུང་། སྦོ་ཤུན་དྲྭ་རྒྱའི་རྩོམ་སྒྲིག་པ་ཝེ་ཧྲེ། སྙན་ངག་པ་ཧོང་ཞང་། དཔྱད་གཏམ་པ་གྲན་ཕོ་ཁུང་། རྩོམ་པ་པོ་ཀྲུའུ་ཞོལ་གཡོན། རྒྱ་ནག་བུད་མེད་ཀྱི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་ཀྲང་ཅིན། བོད་པའི་གྲོགས་པོ་རྙིང་པ་ཤོལ་ཝེ། ཁྲིམས་རྩོད་པ་ཤང་ཞའོ་ཅི། སྒྱུ་རྩལ་བ་རོང་ཝེ། དེ་བཞིན་རྒྱ་རིགས་སློབ་ཕྲུག་དང་། ནང་པ་བཅས་ནིའུ་ཡོག་དང་། ནིའུ་འཇར་སི་ཁུལ་ནས་ལས་རིགས་འདྲ་མིན་གྱི་རྒྱ་རིགས་བདུན་ཅུ་ལྷག་ཙམ་ལ་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་ཚོགས་གཙོ་དང་། རྒྱ་སྐད་རྒྱ་ཡིག་ཤེས་མཁན་བོད་རིགས་སློབ་ཕྲུག་དང་།དོན་གཉེར་ཅན་ཁག་ཅིག་བཅས་ཁྱོན་མི་གྲངས་བརྒྱ་ལྷག་ཙམ་མཉམ་ཞུགས་གནང་ཡོད།

༥༽ ཨ་རི་སྲིད་འཛིན་གསར་བ་ཁྲི་རུམ་ཕུ་ལ་རྒྱལ་ཁ་ཐོབ་རྗེས། སྔར་ལྟར་སྲིད་གཞུང་གསར་པས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལངས་ཕྱོགས་མུ་མཐུད་རྒྱུན་སྐྱོང་གནང་ཆེད། ཨ་རི་རྒྱལ་ཡོངས་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་བའི་དུས་ཆེན་ Thanksgiving སྔ་རྗེས་སུ་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་མཉམ་རུབ་ཐོག ཨ་རིའི་གྲོས་ཚོགས་གོང་འོག་གི་མང་གཙོ་དང་སྤྱི་མཐུན་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་གང་མང་དང་མཇལ་འཕྲད་ཞུས་ནས་ཨ་རིའི་སྲིད་གཞུང་གི་ཕྱི་འབྲེལ་སྲིད་བྱུས་འོག་བོད་དོན་ཐོག་རྒྱབ་སྐྱོར་གྱི་ལངས་ཕྱོགས་འཛིན་བཞིན་པ་དེ་དག་སྲིད་འཛིན་གསར་པ་སྐུ་ཞབས་ཌོ་ནལ་ཊམ་མཆོག་གི་དབུ་ཁྲིད་འོག་མུ་མཐུད་རྒྱུན་སྐྱོང་གནང་སྐྱོང་ཡོང་ཆེད་ཞུ་གཏུག་གནང་སྟེ་གྲུབ་འབྲས་བླ་མེད་ཐོབ་ཡོད།

༦༽ ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༧ ཉིན་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་ནང་བོད་དོན་ཉན་ཞིབ་གནང་སྐབས། བོད་ནང་གི་བོད་མིའི་ཆོས་དད་འགྲོ་བསྐྱོད་ཀྱི་རང་དབང་། དེ་བཞིན་འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་བྱ་རྒྱུའི་སྲིད་བྱུས་བོད་མིའི་ཐོག་ལག་བསྟར་བྱེད་ནས་དམ་བསྒྲགས་ཤུགས་ཆེ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་སྲིད་འཛིན་རིམ་བྱོན་དང་མཇལ་འཕྲད་མཛད་སྐབས་ཚང་མས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བའི་བྱུང་རིམ་དང་བཅས་ཨ་རིའི་སྲིད་གཞུང་གསར་པར་འབོད་སྐུལ་དོན་ཚན་གསར་ཁག་ཅིག་ཞུས་པ་ལྟར་རྒྱབ་སྐྱོར་ཆེན་ཡོད།

༧༽ ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་འགན་འཛིན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆ་ཌི་སྒེར་ Richard Gere མཆོག་དང་།  ཚོགས་གཙོ་སྐུ་ཞབས་མེ་ཐིའུ་མེ་ཁ་ཅི་ Matteo Mecacci མཆོག  བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་བཅས་ཀྱིས་ཨ་རིའི་སྲིད་གཞུང་འཕོ་འགྱུར་ཕྱིན་པའི་ཆབ་སྲིད་ཀྱི་ཁོར་ཡུག་གསར་པའི་བགྲོས་དང་བསྟུན།  ཨ་རིའི་སྲིད་གཞུང་གིས་བོད་དོན་ཐོག་རྒྱབ་སྐྱོར་སྔར་བཞིན་སྲ་བརྟན་རྒྱུན་སྐྱོང་ཡོང་རྒྱུར་གཙོ་བོར་དམིགས་ནས་གྲོས་ཚོགས་གོང་འོག་ཀྱི་འབྲེལ་ཡོད་འཐུས་མི་རྣམས་དང་མཇལ་འཕྲད་ཞུས་ཏེ་ཞུ་གཏུག་གི་ལས་འགུལ་སྤེལ་པ།

༨༽ ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༦ ཉིན་སྔ་དྲོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆ་ཌི་སྒེར་ Richard Gereམཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དྲུག་དང་མཇལ་འཕྲད་གནང་འདུག ཚོགས་ཆུང་གི་ཚོགས་མི་རྣམས་ནི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་མེཐིའུ་མེ་ཁ་ཅི་ Matteo Mecacci ལགས། འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། ལས་འཆར་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས།  སྐུ་ཚབ་དོན་ཁང་གི་འབྲེལ་ཡོད་ལས་བྱེད་ཚེ་རིང་བཀྲ་ཤིས་ལགས་བཅས་ཡིན་འདུག ཕྱོགས་མཚུངས་སྐུ་ཚབ་ཚོགས་ཆུང་གིས་ཨ་རིའི་གྲོས་ཚོགས་ཀྱི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧེ་རོལ་རོ་ཇར་སི་ Harold Rogers མཆོག་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ནི་ཏ་ལོ་ཝེ་ Nita Lowey མཆོག  སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འཐུས་མི་ལྕམ་སྐུ་བྷེ་ཊི་མེག་ཀ་ལམ་ Betty Mc Collum མཆོག་བཅས་དང་མཇལ་འཕྲད་གནང་འདུག སྐབས་དེར་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་ཚོགས་ཆུང་གི་ཚོགས་མི་རྣམ་པས་ཕྱི་ལོ་ ༢༠༡༧ ལོའི་བོད་དོན་རྒྱབ་སྐྱོར་གྱི་ལས་འཆར་ཁག་མུ་མཐུད་འགྲོ་ཐུབ་རྒྱུར་འབད་བརྩོན་གནང་རྒྱུའི་ཁས་ལེན་གནང་འདུག

༩༽ ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༧ དང་ ༢༨ བཅས་ཉིན་གྲངས་གཉིས་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆ་ཌི་སྒེར་ Richard Gere མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ཨ་རིའི་གྲོས་ཚོགས་ཀྱི་ལས་ཁུངས་ཁག་ལ་བཅར་ནས་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་ལ་བོད་དོན་རྒྱབ་སྐྱོར་གྱི་ཞུ་གཏུག་ལས་འགུལ་རྒྱ་ཆེ་སྤེལ་འདུག  ལྷག་པར་ད་ལྟའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊོམ་མཆོག་གི་སྲིད་གཞུང་ནས་འཆར་ལོའི་སྔོན་རྩིས་ནང་བཙན་བྱོལ་བོད་མིའི་ལས་འཆར་དང་འབྲེལ་བའི་རོགས་དངུལ་ཀླད་ཀོར་ཀྱི་སྲིད་བྱུས་གཏན་འབེབས་གནང་འཆར་ལ་བསྐྱར་ཞིབ་གནང་ནས་དེ་སྔ་ལྟར་བོད་མི་ཚོའི་ལས་འཆར་ཐོག་རོགས་དངུལ་མུ་མཐུད་སྐྱབས་འཇུག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུས་པ་མ་ཟད།   ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་གནང་རྒྱུ་དང་།   གྲོས་ཚོགས་གོང་འོག་གཉིས་ཀའི་ནང་ཨར་རྒྱ་ཡུལ་གཉིས་གོ་སྐབས་བརྗེ་ལེན་གྱི་སྲིད་བྱུས་འོག་བོད་ནང་ཨ་རིའི་གཞུང་འབྲེལ་མི་སྣ་དང་། རང་དབང་ཅན་གྱི་གསར་འགྱུར་ཚན་པ། དེ་བཞིན་ཨ་རིའི་ཡུལ་མི་སོགས་རང་དབང་ཐོག་ནས་བསྐྱོད་ཆོག་པའི་གྲོས་འཆར་བཏོན་ཟིན་པ་ལྟར་གཞུང་འབྲེལ་གྲོས་ཆོད་དུ་གཏན་འབེབས་གནང་ཆེད་ཞུ་གཏུག་གི་ལས་འགུལ་རྒྱ་ཆེ་སྤེལ་འདུག

༡༠ ༽ ཕྱི་༢༠༡༧ ཟླ་ ༥ པའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྕམ་ནིན་སི་པོལ་སི་ལགས་ཀྱི་དབུས་པའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཆབ་སྲིད་མི་སྣ་བརྒྱད་དྷ་རམ་ས་ལར་བཅར་ཏེ། ༧གོང་ས་མཆོག་དང་མཇལ་འཕྲད་གནང་ནས་བོད་དོན་རྒྱབ་སྐྱོར་བླ་ན་མེད་པ་ཐོབ་ཡོད་ལ། དེས་རྒྱ་ནག་ལའང་བརྡ་ལན་གསལ་བོ་ཞིག་སྤྲད་ཡོད།

འབྲེལ་ཡོད་གསར་འགྱུར།

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཌེན་སི་མི་ཐི་མཆོག་ཨོ་གླིང་གི་ཕྱི་སྲིད་ལས་ཁུངས་ཀྱི་ཚོང་དོན་གྱི་བློན་ཆེན་གཞོན་པར་བསྐོས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༦
Mobile App

བཀའ་སྤྱི་གཉིས་ཀྱིས་འཚམས་འདྲི་གནང་། 

ཆུ་ཚོད་ ༡༦ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ།  ༢༠༢༥།༠༦།༡༦ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

གོང་ས་མཆོག་ནས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ།

ཆུ་ཚོད་ ༡༧ སྔོན་ལ།
Advertisement for App

། ཨྱོན་སྨིན་གྲོལ་གླིང་དུ་སྔ་འགྱུར་བཀའ་མའི་དབང་གི་ཆོས་བརྡ་གསལ་བསྒྲགས།

ཆུ་ཚོད་ ༡༧ སྔོན་ལ།
The bridge over the Indrayani river collapsed in Pune's Kundmala area on Sunday afternoon, officials say.
Mobile App

རྒྱ་གར་ནུབ་ཕྱོགས་སུ་ཟམ་པ་འགྱེལ་ནས་མི་གཉིས་རྐྱེན་འདས་སུ་ཕྱིན།

ཆུ་ཚོད་ ༡༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སོག་པོའི་སྲིད་བློན་ཛན་དྷན་ཤ་ཏར་གོམ་བྷོ་ཇ་ཝི་མཆོག་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༡༣
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སོག་པོའི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༦/༡༣
རྒྱ་ནག་གཞུང་གིས་བོད་དིང་རིའི་བསྐྱར་གསོའི་རྣམ་པ། དྲ་ལམ་གྱི་པར།
Mobile App

རྒྱ་གཞུང་གི་བསྐྱར་གསོ་འཛུགས་སྐྲུན་གྱིས་བོད་མི་རྣམས་ལ་གྱོང་གུད་ཆེན་པོ་ཐེབས་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

༢༠༢༥/༠༦/༡༣

མཆན། 32

  1. ཡོན་ཏན says:
    ལོ་ 7 སྔོན།

    བོད་པའི་གསར་འགོད་པ་ཚོ་ལ་གསར་འགོད་པའི་ལས་དམ་ཅི་ཡང་ཤེས་ཀྱི་མི་འདུག། དེ་སྐྱོ་པོ་རེད།

    Reply
  2. སེང་གེ says:
    ལོ་ 7 སྔོན།

    ཤེས་རབ་ལྡན་པ་མགོ་བསྐོར་ཡང་། །བྱ་བའི་ཆ་ལ་རྨོངས་མི་འགྱུར། །

    སྲོག་ཆགས་གྲོག་མ་མིག་མེད་ཀྱང་། །མིག་ལྡན་གཞན་ལས་ལྷག་པར་མགྱོགས། །

    ཁོང་མཛངས་བསོད་ནམས་བསགས་པའི་མི། །གཅིག་པུ་ཡིན་ཡང་ཀུན་ལས་རྒྱལ། །

    རི་དྭགས་རྒྱལ་པོ་སེང་གེ་དང་། །འཁོར་ལོས་སྒྱུར་ལ་གྲོགས་མི་དགོས། །

    Reply
  3. ཨ་འབར་འཇིགས་དབང། says:
    ལོ་ 8 སྔོན།

    ༄༅། རང་གིས་རང་བཀྱགས། སྐྱག་པས་རྐུབ་བཀྱགས་ཀྱི་དཔེ་བཞིན་་་་མ་ཀྱགས་ཨ་རོ།

    Reply
  4. ཐོས་པ་དགའ། says:
    ལོ་ 8 སྔོན།

    དེ་རིང་ནི་བཙན་བྱོལ་ནང་གི་མུན་ནག་གི་ཉིན་མོ་རེད།

    ཕྱི་གསལ་ནང་གསལ་མེད་པའི་བཀའ་ཤག
    དྲང་བདེན་གནས་ལུགས་མེད་པའི་བཀའ་ཤག
    བདེན་དོན་དངོས་ལེན་མེད་པའི་བཀའ་ཤག

    བྱས་ཅན་ཕྱི་འབུད་བཏང་བའི་བཀའ་ཤག
    དངུལ་རྩིས་ནག་ཁུང་བཟོས་པའི་བཀའ་ཤག
    གནས་ལུགས་དྲང་བདེ་མེད་པའི་བཀའ་ཤག
    བོད་མིའི་ཆིག་སྒྲིལ་གཏོར་བཀའ་ཤག

    དགྲ་དགའ་གཉེན་སྡུག་བཟོས་པའི་བཀའ་ཤག
    གྲོགས་པོ་ཁྲི་ལ་འགོད་མཁན་བཀའ་ཤག
    ཕྱི་ན་བྱས་རྗེས་མེད་པའི་བཀའ་ཤག
    ནང་ལ་མདུང་རྩེ་སྤྲོད་པའི་བཀའ་ཤག

    མདོར་བསྡུས་ཙམ་ཡིན།

    Reply
  5. ghangchu says:
    ལོ་ 8 སྔོན།

    སྤྱིར་བཏང་ད་ལན་བྱང་ཨ་རིའི་དོན་གཅོད་འཕོ་འགྱུར་དང་གནས་དབྱུང་གང་གི་ཐོག་ཐག་གཅོད་མིན་ངེས་པ་མ་རྙེད་པར་རྨོངས་པའི་གནས་སུ་མི་མང་གང་འཚམས་ཤིག་ལྷུང་ཡོད་པ་ལྟ་ཅི་མོད། ལྷག་དོན་བཙན་བྱོལ་བོད་མིའི་མང་གཙོའི་ཁེ་དབང་ལོངས་སྤྱོད་ལ་དེ་བས་ཤེས་ཡོན་ཅན་དང་ཤེས་ཡོན་ཅན་མ་ཡིན་པའི་མི་མང་གང་འཚམས་ཤིག་ཡ་མཚར་ཞིང་བློ་ཡུལ་ལས་འདས་པའི་འཚོར་སྣང་ཡང་བྱུང་ཡོད། ང་ཚོས་དེ་སྔོན་ཆོས་སྲིད་གཉིས་ཀའི་འགན་དབང་ཆ་ཚང་༧སྐྱབས་མགོན་བླ་ན་མ་མཆིས་པ་བདག་ཉིད་ཆེན་པོས་འཛིན་པའི་སྐབས་དང་ད་ལྟའི་ཆབ་སྲིད་ཀྱི་ཐོབ་དབང་ཡོངས་རྫོགས་མི་མང་ལ་གནང་བའི་སྐབས་དེ་གཉིས་མང་གཙོའི་ཆབ་སྲིད་ཀྱི་ངོ་བོ་དང་གྲུབ་ཆ། དམངས་ཀྱི་ཁེ་དབང་དང་ལོངས་སྤྱོད་སོགས་ཆབ་སྲིད་ཀྱི་གནས་སྟངས་སྔར་བཞིན་མིན་པའི་ངེས་པ་གཏིང་ཟབ་ཅིག་དམངས་ཀྱི་བློ་ཡུལ་དུ་ད་ལྟའང་གྱུར་མེད། ཆབ་སྲིད་ཀྱི་འགྱུར་ལྡོག་རླབས་ཆེན་ཕྱིན་པའི་དུས་སྐབས་འདིར་མི་མང་གི་ཐོབ་ཐང་དང་ཐུགས་འགན་སོགས་གཡོ་གཟོལ་སྤངས་ཏེ་གཟབ་ནན་གྱིས་བླང་དགོས་པ་ནི་གྲ་སྒྲིག་རྡུག་ས་ནས་བྱ་དགོས་པའི་བཀའ་སློབ་དང་བཙན་བྱོན་བོད་མིའི་ཆབ་སྲིད་འཕོ་འགྱུར་དང་འབྲེལ་བའི་མདུན་སྐྱོད་ཀྱི་ཁ་ཕྱོགས་གསར་པ་ཞིག་ཏུ་འགྱུར་བ་ལས་བྱུང་བའོ།། །།

    Reply
  6. ཉང་ངེས་འཁྱམ་པོས། says:
    ལོ་ 8 སྔོན།

    ཐོག་མར་བོད་རིགས་སྤུན་ཟླ་ཡོངས་ལ་འཚམས་འདྲི་ཞུ་བ་སྦྲགས། ད་ལན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལ་འཕོ་འགྱུར་ཕྱིན་ནས་མི་མང་ཁག་ཁ་ཤས་ཤིག་ནས་རྡ་ས་གངས་སྐྱིད་དང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་ཁུངས་མདུན་དུ་བཀའ་ཤག་གི་ཐག་གཅོད་གནང་བ་དེར་མི་འདོད་པའི་རྣམ་འགྱུར་དང་། མ་ཟད་ལྷག་པར་དུ་ ཨ་རིའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་ཙམ་གྱི་གནད་དོན་སོགས་ལ་བསམ་ཚུལ་གནང་བ་དེར་ཉེ་ཆར་སྲིད་སྐྱོང་མཆོག་དང་བཀའ་ཤག་རྣམ་པ་ཁེ་ན་ཊར་ཆིབས་བསྒྱུར་གནང་ནས་མི་མང་དང་དྲི་བ་དྲི་ལན་གྱི་སྐབས་སུ་གསལ་བཤད་དང་འགྲེལ་བརྗོད་གཙང་མ་གནང་ཟིན་ནའང་མུ་མཐུད་མི་དགའ་བའི་རྣམ་འགྱུར་དང་ལས་འགུལ་བརྩམས་པ་དེ་ཧ་ཅང་བློ་ཚབ་གནང་དགོས་པ་ཞིག་རེད། གང་ཡིན་བརྗོད་ན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་སོང་བ་དེ་མི་གཅིག་གི་ཐག་གཅོད་མ་ཡིན་པ་གསལ་པོ་རེད་དེ་ནི་བཀའ་ཤག་མང་མོས་ཀྱི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་གཞི་བཅོལ་ཏེ་རྒྱུ་མཚན་ལྡན་པའི་ཐོག་ནས་ཐག་གཅོད་གཙང་མ་གནང་བ་ཞིག་རེད་སྙམ། ང་ཚོ་བོད་མི་རྣམས་ནས་བོད་གཞུང་བཀའ་ཤག་གི་ཐག་གཅོད་གནང་བར་ཡིད་ཆེས་དང་གུས་བརྩི་ཞུ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། གང་ཡིན་བརྗོད་ན་སྲིད་སྐྱོང་དང་བཀའ་ཤག་རྣམས་ནི་མི་མང་ནས་འོས་བསྡུ་བྱས་ནས་འདེམས་ཐོན་བྱུང་བའི་མི་མང་གི་འགོ་ཁྲིད་དང་༧གོང་ས་མཆོག་གི་ཐུགས་བླ་ོབཅོལ་སའི་གང་ཟག་ཞིག་ཡིན་པས་ང་ཚོས་ངེས་པར་དུ་གུས་བརྩི་དང་ཐག་གཅོད་གནང་བར་དང་ལེན་དང་ཡིད་ཆེས་བྱེད་དགོས་པ་ནི་གལ་འགངས་ཆེན་པོ་ཞིག་ལ་མཐོང་། ད་དུང་དེ་ལྟར་ལས་འགུལ་དང་བསམ་ཚུལ་འདྲ་མིན་གནང་ན་དེས་བོད་མིའི་སྤྱི་ཚོགས་ལ་ཕན་པ་ལས་གནོད་མང་བ་ཡོང་ངེས་རེད།ཕྲན་གྱི་བསམ་པར་གནད་དོན་དེའི་ཐད་ལ་རིམ་པས་གསལ་བཤད་དང་འགྲེལ་བརྗོད་གསལ་པོ་ཡོང་གི་རེད་བསམ་པས་ཡིད་ཆེས་དང་རེ་བ་བྱེད་བཞིན་ཡོད། ཐུགས་རྗེ་ཆེ། དགེ་བར་སྨོན།

    Reply
  7. ཨ་འབར་འཇིགས་དབང། says:
    ལོ་ 8 སྔོན།

    ༄༅། ཨུ་རུ་སུ། སྤེན་ཚེ་ལ་ཞེ་དྲག་པད་ལས་མ་བཤད། ཁྱོད་རང་ལ་གང་ཡང་ཕན་མི་ཡོང།

    Reply
    • ཉང་ངེས་འཁྱམ་པོས། says:
      ལོ་ 8 སྔོན།

      གྲོགས་པོ་ཁྱེད་རང་ནས་གོ་ནོར་བྱུང་བ་ཡིན་གྱི་རེད།ཕྲན་ནས་བདེན་པ་དང་རྒྱུ་མཚན་ལྡན་པའི་ཕྱོགས་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད།དེ་ནི་མང་གཙོའི་འགྲོ་ལུགས་ཤིག་རེད།གོང་གི་གནད་དོན་དེ་དག་ཡག་པོ་བཀླག་པའི་རེ་བ་ཞུ།

      Reply
  8. འཕྲུལ་མདའ། says:
    ལོ་ 8 སྔོན།

    དུས་བབས་ཀྱི་གསར་ཁང་འདི་དུར་སར་མྱུར་དུ་འཕེན་རན་འདུག

    Reply
  9. ཤར་མདའ། says:
    ལོ་ 8 སྔོན།

    དོན་དང་མཐུན་པ་ཡག་པོ་བྲིས་འདུག་ཕྱོགས་གཞེན་མ་ཡིན་ན་རྟགས་དཔྱད་གནས་ནས་བྲིས་འདུག་འདི་ཡག་པོ་མཐོང་། འདི་འདྲ་བྱས་ནས་རྒྱབ་སྐྱོར་གནང་ན་གནས་ལུགས་དང་མཐུན་པ་རེད། ད་དུང་དྲང་བདེན་ཐོག་འགྲོ་ཐུབ་པ་གཟི་བརྗིད་རེད་དྲན་ཡོད།

    Reply
    • ཉང་ངེས་འཁྱམ་པོས། says:
      ལོ་ 8 སྔོན།

      ཁྱེད་ནས་བདེན་པའི་ཕྱོགས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་བཙན་བྱོལ་ནང་བོད་མིའི་གྲངས་འབོར་ནི་ཧ་ཅང་ཉུང་ཉུང་རེད་དེས་ན་བོད་རིགས་སྤུན་ཟླ་ཕན་ཚུན་ཡིད་ཆེས་དང་ཆིག་བསྒྲིལ་བྱ་རྒྱུ། དེས་མ་ཟད་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་གདོང་ལེན་དང་ཐབས་བྱུས་མཁས་པོའི་ཐོག་ནས་བྱ་རྒྱུ་ཧ་ཅང་གལ་འགངས་ཆེ་བར་མཐོང་།

      Reply
  10. ཐུབ་དབྱིག says:
    ལོ་ 8 སྔོན།

    ད་དུང་གྲུབ་འབྲས་ཆེ་ཤོས་གཅིག་ནི། ཨ་རིའི་སྲིད་འཛིན་གྱི་སྔོན་རྩིས་འཆར་འབུལ་ནང་བོད་མི་ཕྱི་ནང་གཉིས་ལ་ཨ་རིའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་ལོ་རེར་རོགས་དངུལ་ཨ་སྒོར་ས་ཡ་བརྒྱད་ཙམ་ཡོད་པ་རྩ་སྟོང་བཟོས་ཡོད་པའི་ཐད་སྐུ་ཚོབ་དོན་གཅོད་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་མཉམ་སྤུངས་ཕྱག་ལས་གནང་ནས་གྲོས་ཚོགས་གོང་འོག་གཉིས་ཀྱི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་ལ་ཞུ་བཏུགས་རིམ་པར་ཞུས་རྗེས་ད་ཆ་གྲོས་ཚོགས་ཀྱི་སྔོན་རྩིས་འཆར་འབུལ་ནང་རོགས་དངུལ་དེ་དག་སླར་གསོ་ཐུབ་ཡོད་པས། གལ་སྲིད་སྔོན་རྩིས་སྤྱི་ཡོངས་གཏན་འབེབས་བྱུང་ན་རོགས་དངུལ་དེ་ལ་དོ་ཕོགས་གང་ཡང་མེད་པར་སྔར་མུས་བཞིན་གནང་རྒྱུར་ཐག་གཅོད་བྱུང་བ་ནི་གྲུབ་འབྲས་ཆེན་པོ་ཞིག་རེད།

    Reply
  11. Lobsang Choeku says:
    ལོ་ 8 སྔོན།

    བོད༌ཟེར༌བ༌དེ༌རྡོག༌བརྩལ༌གཅིག༌སྒྲིལ༌དང༌གྲང༌བདེན༌དགོས༌དཀྲུག༌མི༌དགོས

    Reply
  12. བོད། says:
    ལོ་ 8 སྔོན།

    མཛད་རྗེས་བཤད་ས་དོན་གཅོད་འདི་མ་གཏོགས་མཐོང་མ་མྱོང།་་་་་་་་་་་་དོན་གཅོད་གཞན་ཚོ་མཐཽང་གི་མིན་འདུག་གས

    Reply
  13. Jamyang Phontsok says:
    ལོ་ 8 སྔོན།

    འདི་ཡི་གེ་བྲི་ཁན་དེ་སུ་ཡིན་ནམ་

    Reply
  14. drugya says:
    ལོ་ 8 སྔོན།

    མཐུན་སྒྲིལ་བྱ་དགོས་འདུག
    བོད་མི་ཚང་མ་མཐུན་སྒྲིག་བྱ་རྒྱུ་གལ་ཆེན་པོ་ཡིན་ལུགས་སུ་ཀྱང་ལབ་ཤེས་ཀྱི་ཡོག་རེད།ཡིན་ན་ལག་བསྟར་བྱེད་མཁན་ག་ཚད་འདུག
    གྲོག་ཁོག་རྒྱག་དྲག་ཡོད་སར་རེད།
    དཀྲུག་ཡ། ད་ནི་དཀྲུག་ཡ། མ་དཀྲུག་རེ་བ་བརླག་རྒྱུ་རེད། ཁྱོད་ལ་ཕུགས་བསམ་དེ་མེད་ན་དཀྲུག་ཡ། ཕྱི་ནས་དཀྲུག་ཡ། ནང་ནས་དཀྲུག་ཡ།
    ད་དཀྲུག་མ་ཐུབ་ན་མི་མིན།འཇོན་ན་ད་དཀྲུག་ཤིག
    མི་དམངས་ཚང་མས་འདེམས་པའི་མགོ་ཁྲིད་དེ་དག་ལ་བརྩི་དགོས་ཀྱི་ཡོག་རེད།ད་བྱས་ན་སྲིད་སྐྱོང་དང་དེ་མིན་བཀའ་བློན་བདུན་དེ་དག་གི་སྐུ་ངོར་དོན་གཅོད་ལགས་མར་སྙན་གསེང་ཞུ་དགོས་ཀྱི་ཡོག་རེད་པས།མ་བྱུང་ན་ཡོང་གི་མི་འདུག་ཟེར་ལབ་ཆོག་མ་རེད་པས།འཕོ་འགྱུར་གཏོང་ཆོག་གི་མ་རེད།
    ཡང་ན་གང་བྱུང་ན་མ་བྱུང་ན་རྐུབ་སྟེགས་ཐོག་ལ་བཞག་ན་མ་གཏོགས་འགྲིག་གི་མེད་པ་རེད་པས།

    Reply
  15. གངས་བཟང་སྐྱིད། says:
    ལོ་ 8 སྔོན།

    ད་ལན་མི་སུ་ཞིག་གིས་སྤྱི་པའི་སྒྲིག་འཛུགས་དང་བོད་མི་རིགས་བསམ་གྱི་ཡོད་དང་། སུ་ཞིག་གིས་སོ་སོའི་ཕྱོགས་གཏོགས་ཀྱི་དབང་ཆ་སྒེར་འཛིན་དང་ནུས་ཤུགས་རྒྱ་སྐྱེད་གཏོང་བ་ཁོ་ནར་འབད་ཀྱི་ཡོད་མེད་གསལ་པོ་ཆགས་ཀྱི་འདུག དམངས་གཙོའི་སྤྱི་ཚོགས་ནང་སོ་སོའི་སྒྲིག་འཛུགས་སྲུང་སྐྱོབ་དང་ལོག་ལམ་དུ་མ་ི་འགྲོ་བའི་ཆེད་མི་མང་གིས་ཐ་ན་རང་སྲོག་དོར་ཏེ་རང་གི་སྒྲིག་འཛུགས་སྐྱོབ་ཀྱི་ཡོད་པ་རེད། འོན་ཀྱང་། དེང་སང་བཙན་བྱོལ་སྤྱི་ཚོགས་ནང་རང་ཕྱོགས་ཤིག་གིས་ནོར་འཁྲུལ་བཟོས་ཀྱང་མ་མཐོང་ཁུལ་དང་མ་ཤཻས་ཁུལ། ཐ་ན་དེའི་རྒྱབ་རྩར་ལངས་ཀྱི་ཡོད་པ་དེ་ནི་མི་རིགས་འདི་འཇིག་ཉེན་གྱི་ངན་བལྟས་ཤིག་རེད། གང་ལྟར་ཐེངས་འདིའི་གནད་དོན་གྱི་ཐོག་ནས་བློ་སེང་གི་མི་གཤིས་དང་ཁོས་ང་ཚོའི་སྤྱི་ཚོགས་ལ་འགན་འཁུར་ག་འདྲ་ཞིག་ལེན་གྱི་ཡོད་མེད་གསལ་པོ་ཆགས་སོང་བས་བློ་ཕམ་ཞེ་དྲགས་བྱུང་། དེ་བཞིན། སྤེན་ཚེའི་རྒྱབ་སྐྱོར་བ་ཚོས་སྤེན་ཚེར་ནོར་ཁྲུལ་སྤུ་ཙམ་ཡང་མེད་སྐོར་བརྗོད་ཀྱི་འདུག་ཀྱང་། ངས་དེ་འདྲ་ཞིག་གཏན་ནས་བསམ་གྱི་མེད། ཁོ་ལའང་ནོར་འཁྲུལ་གང་འཚམས་ཤིག་འདུག་ཀྱང་གནས་དབྱུང་གཏོང་དགོས་པ་དང་། ང་ཚོའི་སྤྱི་ཚོགས་འདི་འདྲ་རྙོག་ཟིང་ཆེན་པོ་བཟོ་དགོས་པའི་ནོར་འཁྲུལ་ཞིག་ད་ལྟའི་ཆར་ངས་མཐོང་མ་སོང་། གང་ལྟར་རིམ་གྱིས་ལྟ་གི་ཡིན་ལ། ང་ཚོའི་གསར་འགོད་པ་ཚོས་ཀྱང་ཕྱོགས་གཉིས་སུ་མ་ལྷུང་བའི་ཐོག་ནས་མི་མང་དང་གཞུང་ཚང་མ་ཁེབས་པའི་གནས་ཚུལ་མུ་མཐུད་འགོད་པའི་རེ་བ་ཡོད།

    Reply
  16. Nagwong Tendor says:
    ལོ་ 8 སྔོན།

    དཀྲུག་ཡ། ད་ནི་དཀྲུག་ཡ། མ་དཀྲུག་རེ་བ་བརླག་རྒྱུ་རེད། ཁྱོད་ལ་ཕུགས་བསམ་དེ་མེད་ན་དཀྲུག་ཡ། ཕྱི་ནས་དཀྲུག་ཡ། ནང་ནས་དཀྲུག་ཡ།

    Reply
  17. Nagwong Tendor says:
    ལོ་ 8 སྔོན།

    དུས་བབས་ཚང་ཡང་ཕྱོགས་རིས་ཆེན་པོ་ཡོད་མཁན་ཞིག་རེད་འདུག་ཨ། བོད་པ་གཅིག་བསམས་བསམ་བློ་དེ་མེད་ན་ག་དུས་ཡིན་ན་དཀའ་ལས་ཡོད་ཡོད་པ་རེད།

    Reply
  18. འདམ་སྐྱེས། says:
    ལོ་ 8 སྔོན།

    དེང་སྐབས་ངོ་དེབ་དང་འཕྲིན་ཕྲན། དེ་བཞིན་གསར་ཤོག་འདིའི་ནང་བཅས་ལ་༧གོང་ས་སྐྱབས་མགོན་ཆེན་མཆོག་ད་ལྟའི་ཆར་ང་ཚོར་དབུ་བཞུགས་ཡོད་བཞིན་དུ་སྲིད་སྐྱོང་མཆོག་ལ་ཡིན་ཁུལ་གྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྲོལ་རྒྱུན་དང་བཅའ་ཁྲིམས་གཙོས་པའི་ཁྲིམས་སྒྲིག་ཁག་ཕྱག་བསྟར་གནང་དང་གནང་བཞིན་པའི་གནད་དོན་རྣམས་མ་ཤེས་པའམ་མ་མཁྱེན་པའི་ཁུལ་གྱིས། རེ་ཟུང་གིས་ཕྱོགས་ཞེན་དང་འགའ་ཤས་ཀྱིས་བྱ་ཕྱོགས་འདིའི་སྤྱི་འཐུས་ཚོགས་ཟུར་ལགས་ལ་དགེ་སྐྱོན་ཇི་ཆགས་ཙམ་མ་ཟད། རྒྱལ་སྤྱི་དང་གཞིས་བྱེས་རང་རིགས་ནང་ཁུལ་ལའང་སྣང་བརྙན་ཇི་ལྟར་ཆགས་མིན་ལ་བསམ་གཞིགས་ཙམ་ཡང་མི་གནང་བར་རི་བོང་ཅག་འདྲོགས་བྱེད་སྟངས་འདི་རིགས་ལ་དཔྱད་ན་རང་སྲོག་རང་གཅོད་བྱེད་པ་ལས་ཁྱད་པར་མ་མཐོང་།
    ༧གོང་ས་མཆོག་དགུང་གྲངས་འདི་ཙམ་ལ་ཕེབས་པར་དབུ་འོག་དཔུང་འདེགས་མེད་ཁར། བདེན་པ་དང་སྤྱི་དོན་ཡིན་ཁུལ་གྱིས་གཟུ་བོའི་རྒྱུ་མཚན་སྣེ་གཅིག་མེད་པར་མགོན་པོ་གང་ཉིད་ནས་ལོ་གྲངས་དེའི་རིང་བཀྲིན་ཆེ་དང་ཆེ་བཞིན་པའི། བོད་མིའི་རིན་ཐང་ཉམས་དམན་དུ་གཏོང་བཞིན་པའི་བྱ་ཕྱོགས་འདི་རིག་མཚམས་མགྱོག་མ་བྱས་ཚེ། ཉིན་ཞིག་རི་ལུག་ན་ཐག་པས་མི་འདོང་བ་ཞིག་འབྱུང་ངེས་སུ་མཐོང་བ་མ་ཟད་མགོན་པོ་གང་ཉིད་ཀྱང་ཐུགས་ཕམ་འབྱུང་གཞི་ཞིག་འགྱུར་རྒྱུ་ཡིན་པ་ནི་མངོན་གསལ་རེད། དེས་མ་ཚད་མངའ་གསལ་ལྟར་གོ་སྐབས་འདི་དང་བསྟུན་ནས་ཕ་རོལ་པོས་ཀྱང་རང་རེའི་ནང་ཁུལ་དུ་བསམ་སྦྱོར་ངན་པ་གང་སྤེལ་དང་སྤེལ་མིན་བསམ་གཞིགས་ཐུབ་པ་ཞིག་རེད།
    མང་གཙོའི་ཀ་བ་གསུམ་ནས་འཛིན་སྐྱོང་བཀའ་ཤག་གིས་རང་འགན་སྒྲུབས་ནས་དོན་གཅོད་འཕོ་འགྱུར་གནང་ཐད་དགོས་པ་དང་རྒྱུ་མཚན་བཅས་ཞིབ་གསལ་ཇི་གནང་ད་སྔོན་བྱུང་མ་མྱོང་བའི་གསལ་བསྒྲགས་དང་གསལ་བཤད་གནང་བ་ལས་ལྷག་མེད་པ་དྲང་བདེན་གྱིས་དཔྱད་ན་ཤེས་ཐུབ། ལར་ནས་དོན་
    གཅོད་གཞུང་ཞབས་ཤིག་ཡིན་ན་འཕོ་འགྱུར་རྗེས་ལས་ངོར་བསྐོད་སྒྲིག་དགོས་ནའང་ཚོགས་ཟུར་སྤེན་ཚེ་ནི་གཞུང་ཞབས་མིན་པ་དང་། སླད་ཀྱང་ཁོང་ནས་གསལ་བཤད་གནང་རྒྱུ་ཡིན་ཚུལ་གསུངས་པ་ནི་ཕན་ཐོག་དང་དགེ་མཚན་དུ་མ་མཐོང་། གང་ལགས་ཞེས་ན་གསལ་བཤད་ནི་ཕྱོགས་ཚང་མས་ད་ལྟ་ནང
    བཞིན་གནང་ངེས་ཀྱང་དོན་གྱི་བདག་པོས་ཐག་གཅོད་ཟིན་པ་ཞིག་རེད།
    དེས་ན་ད་ལྟའི་བྱེད་སྟངས་འདི་ལ་ལྟས་ན་འབྱུང་འགྱུར་ང་ཚོའི་མདུན་ལམ་ལ་སེམས་འཚབས་ཅུང་ཙམ་བྱུང་ནའང་། རང་ཚུགས་མེད་པའི་བོད་མི་རེ་ཟུང་ཙམ་ལས་རྒྱ་ཆེའི་མང་ཚོགས་རྣམས་༧མགོན་པོ་གང་ཉིད་དང་རང་གཞུང་ལ་ཡིད་ཆེས་གཏན་པོ་ཡོད་པ་སྨོས་མ་དགོས་པ་ཞིག་རེད།

    Reply
  19. ཨ་འབར་འཇིགས་དབང། says:
    ལོ་ 8 སྔོན།

    ༄༅། གཏམ་ཕ་ཡི་བཤད་རྒྱུ་བུ་ཡིས་བཤད།
    ཁྱི་བདག་པོའི་རྒྱུ་བཀག་རྒྱུ་མགྲོན་པོས་བཀག་དགོས་དོན་ཅི་་་(ཨུ་རུ་སུ)

    Reply
  20. Dorjee says:
    ལོ་ 8 སྔོན།

    ཉིན་སྔོན་སྐུ་ངོར་སྲིད་སྐྱོང་ཡིན་ཡང་ཀྲོ་རམ་ཊོ་ནས་བཀའ་མོལ་གསལ་པོ་གསུངས་སོང་བསམ་གྱི་ཡོད།
    བོད་པའི་སྤྱི་ཚོགས་ཆུང་ཆུང་འདིར་ནང་ཁུངས་རྙོག་གླེང་རྫོགས་རྒྱུ་མེད་པ་བཟོ་སྡོད་ན་ཕན་ཐོགས་ག་རེ་ཡོད་ན།

    Reply
  21. lamayuthok says:
    ལོ་ 8 སྔོན།

    མགོ་མགོ་ཞུགས་ཞུགས་མེད་ན་སྐུ་ཚབ་ཀྱི་ལས་དོན་མ་འཇོན་པ་རེད། སོ་ཀྲུས་ཆང་ཐུང་ཟེར་དྲྭ་རྒྱར་བཀོད་ས་རེད།

    Reply
  22. lamayuthok says:
    ལོ་ 8 སྔོན།

    མགོ་མགོ་ཞུགས་ཞུགས་མེད་ན་སྐུ་ཚབ་ཀྱི་ལས་དོན་མ་འཇོན་པ་རེད། སོ་ཀྲུས་ཆང་ཐུང་ཟེར་དྲྭ་རྒྱར་བཀོད་ས་རེད།

    Reply
  23. norbuchungtsering says:
    ལོ་ 8 སྔོན།

    དེང་སྐུ་དྲག་རིང་ལུགས་མ་ཡིན། མང་གཙོའི་ལམ་ལུགས་ནང་སྨྲ་བརྗོད་རང་དབང་ཡོད།

    Reply
  24. Nagwong Tendor says:
    ལོ་ 8 སྔོན།

    མཛད་རྗེ་བཅུ་དང་འཐུས་ཤོར་བརྒྱད། ད་དཀྲུག་མ་འདུག

    Reply
  25. བསམ་དཀར། says:
    ལོ་ 8 སྔོན།

    ཕྲག་དོག་དང་གུས་ཞབས་མ་བྱས་པའི་དབང་གིས་གཅིག་འོག་ཏུ་གཅིག་མི་འདུ་བ་འདི་འཕོ་འགྱུར་དགོས་པའི་རྩ་བ་རེད། འཛམ་བུ་གླིང་གི་འཛིན་སྐྱོང་ག་འདྲ་ཞིག་ཡིན་ཡང་། རང་གིས་བསྐོས་པའི་ལས་བྱེད་ཀྱིས་རང་ལ་ཡིད་ཆེས་དང་རྒྱབ་སྐྱོར་མ་བྱས་ན་དེ་ནས་ལས་གནས་དེར་མུ་མཐུད་འཇོག་ཐབས་མེད་པ་ནི་ཆབ་སྲིད་དང་འཛིན་སྐྱོང་ལ་རྒྱུན་ཤེས་ཏོག་ཙམ་ཡོད་མཁན་ཞིག་ཡིན་ནའང་ཤེས་པ་ཞིག་རེད། སྤེན་པ་ཚེ་རིང་གིས་སྲིད་སྐྱོང་ལ་རང་གི་དཔོན་པོ་ཡིན་པའི་གུས་བཀུར་མ་ཞུས་པར་མ་ཟད། ཐ་ན་ཡིད་གཏོན་མེད་པའི་གནས་ཚུལ་གསལ་པོ་ཆགས་ན་དེ་ནས་བློ་བཟང་སེང་གེའི་གཞུང་གི་ནང་དུ་ལས་ཀ་བྱེད་པའི་ས་ཆ་ཟད་ཚར་བ་རེད། རྩ་བ་བོར་ནས་ཡར་ཀ་མ་འཇུ་ཤིག

    Reply
  26. བོད་དགའ་ says:
    ལོ་ 8 སྔོན།

    མཛད་རྗེས་བཅུ་དང་མཛད་ཉེན་བཅུ་།

    Reply
  27. Gangchab says:
    ལོ་ 8 སྔོན།

    ཧ་ཧ། དེ་ཚོ་སྔར་ཡོད་རྒྱུན་འཛིན་ཙམ་ལས་བྱས་རྗེས་གསར་པ་དང་མཛད་རྗེས་གསར་པ་གང་ཡང་རེད་མི་འདུག ད་དུང་བྱ་གཞག་དང་ལས་དོན་གསར་པ་གང་ཡང་མེད་པར་འདི་འདྲའི་རིགས་ཤིག་དྲ་ཐོག་ཏུ་བཀོད་ཡོང་པ་ནི་ཤིན་ཏུ་ངོ་ཚ་དགོས་པ་ཞིག་མ་རེད་དམ། ལོ་ངོ་ཉི་ཤུ་ཕར་ཞོག་ལོ་ངོ་ལྔ་བཅུ་རིང་ལ་འགྱོན་ནུས་དང་། གྲུབ་འབྲས་མེད་པས་ལས་དོན་ཞིག་བསྒྲུབས་ཀྱང་དེ་ནི་ཉམས་མྱོང་ཙམ་ལས་བྱས་རྗེས་དམིགས་བསལ་བ་ཞིག་གང་ཡང་འཇོག་མི་ནུས། དེ་ཡང་བློ་ཟུར་དུ་གནས་པས་ཐོག་ནས་དགོངས་བཞེད་ཅིག་གནང་ཐུབ་པ་བྱུང་ན་ཤེས་ངེས། ལྷག་པར་དུ་གོང་རིམ་གྱི་བཀའ་འཁྲོལ་མེད་པས་ཐོག་ནས་ལས་བྱེད་བསྐོ་བཞག་བྱས་པ་ཙམ་གྱིས་ནོར་འཁྲུལ་ཤོར་ཚར་བ་རེད། གནད་དོན་དེ་ག་རང་ཐོག་ནས་དོན་གཅོད་གནས་འབྱུང་བྱ་འཐུས་པ་དང་འཕོ་འགྱུར་ཡང་གཏོང་ཆོག་གི་ཡོད་པ་དེ་ཡང་ཤེས་དགོས། ད་དུང་ངོ་ཚ་མེད་པའི་ཐོག་ནས་ཁ་སུ་བདེ་དང་ལག་སུ་བདེ་འདྲ་བྱེད་བསྡད་པ་ཡིན་ན་གྲུབ་འབྲས་བཟང་པོ་ཞིག་འབྱུང་མི་སྲིད།

    Reply
  28. བསྟན་འཛིན says:
    ལོ་ 8 སྔོན།

    ཡག་པོ་བྲིས་འདུག

    Reply
  29. ཨ་འབར་འཇིགས་དབང། says:
    ལོ་ 8 སྔོན།

    ༄༅། བསྟོད་ན་གཞན་གྱི་བསྟོད་དགོས། རང་གིས་རང་ལ་མ་བསྟོད།
    སྙན་ཐོ་བཀའ་ཤག་ལ་འབུལ་དགོས་པ་ནས་དྲ་རྒྱའི་ནང་གསལ་བསྒྲགས་དགོས་དོན་མེད།

    Reply
  30. བདེ་ཆེན། says:
    ལོ་ 8 སྔོན།

    ད་བྱས་ན་བཀའ་ཤག་ལས་ཁུངས་ནང་བཀའ་བློན་བདུན་ཐུན་མོང་ནས་སྐུ་ངོ་སྤེན་པ་ཚེ་རིང་ལགས་མ་ཉེས་ཁ་གཡོགས་བཟོ་དགོས་དོན་ཅི་ཡིན།དེ་རྗེས་ལ་སྐུ་ངོར་གྱི་གསལ་པོ་བཟོ་ཡི་ཡོད་ཤག
    ཁ་སྔོན་སྐུ་ངོར་སྲིད་སྐྱོང་ཡིན་ཡང་ཀྲོ་རམ་ཊོ་ནས་བཀའ་མོལ་གསལ་པོ་གསུངས་སོང་བསམ་གྱི་འདུག
    བོད་པའི་སྤྱི་ཚོགས་ཆུང་ཆུང་འདིར་ནང་ཁུངས་རྙོག་གླེང་རྫོགས་རྒྱུ་མེད་པ་ཡོད་དགོས་དོན་ག་རེད་ཡིན་ན།ཕན་ཐོགས་ག་རེ་ཡོད་ན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese