མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ཞིག་གཏན་འབེབས་བྱས།

བོད་ཀྱི་དུས་བབ།
༢༠༢༦/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་ལམ་སྟོན་ལྟར་རྒྱལ་ཡོངས་དམངས་ཆེན་གྱི་ཚོགས་འདུའི་ཐོག་<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་ཀྱི་བཅའ་ཁྲིམས་>>ཟེར་བ་ཞིག་གཏན་འབེབས་བྱས།

The third plenary meeting of the fourth session of the 14th National Committee of the Chinese People’s Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)

ཁ་སང་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་དེ་གཏན་འབེབས་བྱས་ཡོད་ཅིང་།་རྒྱ་ནག་དམར་ཤོག་སྲིད་གཞུང་གི་མགྲིན་པ་ལྟ་བུར་གྱུར་བའི་རྒྱ་ནག་ཤིན་ཧཱ་གསར་ཁང་གིས། བཅའ་ཁྲིམས་དེ་གཏན་འབེབས་བྱེད་སྐབས།  རྒྱབ་སྐྱོར་བྱེད་མཁན་མི་གྲངས་ ༢༧༥༦ དང་། རྒྱབ་སྐྱོར་མི་བྱེད་མཁན་ ༣། བར་གནས་ ༣ བཅས་སོགས་བྱུང་ཡོད་ལུགས་དང་། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོར་རྒྱ་ནག་རྒྱལ་ཡོངས་དམངས་ཆེན་སྐབས་ ༡༤ པའི་ཚོགས་དུས་བཞི་པའི་ཐོག དམངས་ཆེན་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཞོན་ལི་ཧོང་ཀྲུང་ཟེར་བ་དེས་བཅའ་ཁྲིམས་ཀྱི་འཆར་ཟིན་སྒྲོགས་སྦྱང་དང་ངོ་སྤྲོད་བྱས་ཡོད་པ་རེད། སྐབས་དེར་ལི་ཡིས། བཅའ་ཁྲིམས་འདི་ནི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ཡར་སྐུལ་བྱེད་པའི་གལ་ཆེའི་དགོངས་པ་ཟེར་བ་དང་། དབུས་དམར་ཤོག་གི་ཐག་གཅོད་བཀོད་འདོམས་ཀྱི་གལ་ཆེའི་བྱེད་ཐབས་ཤིག་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། མི་རིགས་གཅིག་མཐུན་འདུས་གྲུབ་འཛུགས་སྐྲུན་གྱི་ཛ་དྲག་གི་རེ་འདུན་སྐུལ་འདེད་གཏོང་ཆེད་དུ་ཡིན་ལ། དེ་ཀྲུང་གོའི་དེང་རབས་ཅན་དང་། མི་རིགས་ཁག་གི་ཐུན་མོང་དཔལ་ཡོན་དར་རྒྱས་ལ་དགོས་མཁོ་ཆགས་ཡོད་སྐོར་དང་།  ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྲིད་ཇུས་ལག་བསྟར་དང་། ཁྲིམས་སྐྱོང་སྒྲོམ་གཞིའི་ནང་མི་རིགས་ལས་དོན་སྐྱོང་བའི་མ་ལག་དང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བ་ནི་དོན་དངོས་ཀྱི་དགོས་མཁོ་ཡིན་ལ། དེ་ནི་མི་ལོ་བརྒྱའི་ནང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་ཞིག་དང་། ཀྲུང་ཧྭ་མི་རིགས་ཀྱི་ནུས་སྟོབས་གོང་དུ་སྤེལ་ཐབས་གལ་ཆེན་ཞིག་ཡིན་སྐོར་བརྗོད་འདུག

བཅའ་ཁྲིམས་དེའི་ལེའུ་གཉིས་པ་སྟེ། མཉམ་སྤྱོད་ཀྱི་སྙིང་སྟོབས་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དགོས་སྐོར་གྱི་ནང་། རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བའི་སྣེ་འཁྲིད་འོག རྒྱལ་གཅེས་རིང་ལུགས་དང་། མཉམ་འདུས་རིང་ལུགས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་བཅས་གཏིང་ཟབ་ཏུ་བཏང་སྟེ། མི་རིགས་ཁག་གི་མི་མང་རྣམས་ལ་རླབས་ཆེན་གྱི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཁང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོས་འཛིན་བརྟན་བརླིང་དུ་གཏོང་དགོས་པ་སོགས་བཀོད་འདུག

དེ་བཞིན་ལེའུ་དེའི་དོན་ཚན་ ༡༥ པའི་ནང་། རྒྱལ་ཡོངས་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེ་ཁྱོན་ཡོངས་ནས་དར་སྤེལ་དང་ཁྱབ་གདལ་གཏོང་ཆེད། སྔོན་འགྲོའི་བྱིས་པ་རྣམས་ལ་སྤྱི་སྐད་གཏིང་ཚུགས་པ་བྱས་ཏེ་ལོ་ཆུང་གཞོན་ནུའི་སློབ་གསོའི་ལས་འགན་ལེགས་འགྲུབ་དགོས་པ་དང་། སྒྲིག་འཛུགས་དང་མི་སྒེར་སུ་གཅིག་གིས་རྒྱལ་ཁབ་ཀྱི་སྤྱི་སྐད་བཀོལ་སྤྱོད་བྱེད་པར་འགོག་རྐྱེན་བཟོ་མི་ཆོག ཅེས་གསལ་པོར་བཀོད་དེ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་པར་རྒྱལ་ཁབ་ཀྱིས་གུས་བརྩི་དང་འགན་སྲུང་ཡོད་ཚུལ་དང་། དེ་བཞིན་ལེའུ་དེའི་དོན་ཚན་ཁག་གི་ནང་རྒྱལ་ཁབ་ཀྱིས་གཏན་འབེབ་བྱས་པའི་བསླབ་གཞི་རྣམས་ངེས་པར་དུ་སློབ་གྲྭ་ཁག་ནང་ལག་བསྟར་དོན་འཁྱོལ་དགོས་པ་དང་། གསར་ལམ་ཁག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལྟ་བ་དྲིལ་བསྒྲགས་བྱས་ཏེ། ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོའི་ནང་འཇུག་ཐུབ་པ་དགོས་སྐོར་སོགས་བཀོད་འདུག

<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་ཀྱི་བཅའ་ཁྲིམས་>>ཟེར་བའི་འཆར་ཟིན་བཏོན།

ཡང་ལེའུ་དེའི་དོན་ཚན་ ༢༡ པའི་ནང་དུ། ཧོང་ཀོང་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་ལ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས། རྒྱལ་ཞེན་སློབ་གསོ་དར་སྤེལ་གཏོང་དགོས་པ་དང་། དེ་བཞིན་ཐའེ་ཝན་མི་མང་ལ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་འདུ་ཤེས་དང་ངོས་འཛིན་སོགས་ཡར་སྐུལ་གྱིས་རྒྱ་ནག་བ་ཡིན་པའི་འདུ་ཤེས་བསྐྲུན་དགོས་སྐོར་བཀོད་འདུག

ལེའུ་བཞི་པ་འབྲེལ་འདྲིས་མཉམ་བསྲེ་སྐུལ་འདེད་གཏོང་བ་ཞེས་པའི་ནང་དུ། རྫོང་རིམ་པ་ཡན་གྱི་སྲིད་གཞུང་གིས་མི་རིགས་ཁག་ལ་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། སྤྱི་དོན་མཉམ་སྐྱིད་ཀྱི་སྤྱི་ཚོགས་ཆ་རྐྱེན་དང་འདུ་ཤེས་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་ལྗོངས་རྒྱུ་དང་རིག་གནས་འགྲེམས་སྟོན་ཁང་། སྤྱི་ཚོགས་བརྒྱུད་ལམ་སོགས་ཀྱིས་དེང་རབས་ཚན་རྩལ་ལ་བརྟེན་ནས་མི་རིགས་ཁག་འབྲེལ་འདྲིས་མཉམ་བསྲེ་ཡོང་བར་སྐུལ་ལྕག་དང་། མི་རིགས་བར་གྱི་འཁོན་འཛིང་དང་མཐོང་ཆུང་རིགས་ཀྱི་ཡི་གེ་དང་པར་རིས། བརྙན་ཐུང་སོགས་ཁྱབ་སྤེལ་མི་ཆོག་སྐོར་བཀོད་འདུག

ལེའུ་ལྔ་པ་འགན་ལེན་དང་ལྟ་སྐུལ་ཞེས་པ་དེའི་དོན་ཚན་ ༥༣ དང་ ༥༤ ནང་དུ་ལོ་རེའི་ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་ནི་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་དྲིལ་བསྒྲགས་བདུན་ཕྲག་ཏུ་གཏན་འབེབ་བྱས་ཏེ། གཞི་རྒྱ་ཆེན་པོའི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དྲིལ་བསྒྲགས་ཀྱི་སློབ་གསོའི་བྱ་འགུལ་སྤེལ་དགོས་སྐོར་དང་།  མི་རིགས་མཐུན་སྒྲིལ་ཡར་སྐུལ་ཐད་བྱས་རྗེས་འབུར་དུ་ཐོན་པ་འཇོག་མཁན་ལ་རྒྱལ་ཁབ་ཀྱི་གཏན་འབེབ་ལྟར་བྱ་དགའ་སྤྲོད་དགོས་སྐོར་སོགས་བཀོད་འདུག

ལེའུ་དྲུག་པ་བཅའ་ཁྲིམས་ཀྱི་འགན་འཁྲི་ཞེས་པའི་ནང་དུ་ཚོགས་པ་དང་མི་སྒེར་སུ་ཞིག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ་བརྩི་མེད་དང་། མི་རིགས་མཐུན་སྒྲིལ་ཡར་རྒྱས་སྐུལ་འདེད་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་མ་བྱས་ཚེ། དུས་ཐོག་ཉེན་བརྡ་སློབ་གསོ་གཏོང་བ་དང་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པ་སོགས་བཀོད་འདུག 

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་ཟླ་བ་ཚེ་རིང་ལགས་སུ། རྒྱ་ནག་གཞུང་གི་མི་རིགས་མཐུན་ཡར་རྒྱས་སྐུལ་འདེད་གཏོང་བ་ཞེས་པའི་བཅའ་ཁྲིམས་འཆར་ཟིན་དེའི་དམིགས་ཡུལ་དང་བོད་ཁུལ་དུ་ལག་བསྟར་བྱེད་ཕྱོགས་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། སྤྱིར་བཏང་རྒྱ་ནག་གཞུང་གིས་ཁྲིམས་དེ་བཟོ་བའི་ཀུན་སློང་ནི། མི་རིགས་རང་སྐྱོང་གི་ཁྲིམས་ལ་མཐུན་སྦྱོར་བྱ་རྒྱུ་ཡིན་ཟེར་གྱི་ཡོད་པ་རེད། གྲངས་ཉུང་མི་རིགས་སྲུང་སྐྱོབ་བྱེད་པའི་ཁྲིམས་སྒྲིག་མཐོ་ཤོས་ནི་རང་སྐྱོང་གི་ཁྲིམས་དེ་ཡིན་པས། དེ་དང་མཉམ་དུ་མཐུན་སྦྱོར་བྱས་ཡོད་ཟེར་དུས། ཁྲིམས་དེ་ཚད་མཐོ་པོ་ཞིག་ཡིན་པ་གསལ་པོ་རེད། འོན་ཀྱང་། ནང་དོན་ལ་བལྟས་ཡོང་ན།  མི་རིགས་ཀྱི་ཆོས་ལུགས་དང་། སྐད་ཡིག་སོགས་ནི་མི་རིགས་རང་སྐྱོང་གི་གཙོ་ཆེ་ཤོས་ཀྱི་གནད་འགག་ཅིག་རེད་དེ། དེ་དག་གི་ཐོག་ལ་ཡར་རྒྱས་གཏོང་ཐབས་སྐོར་གཅིག་ཀྱང་མི་འདུག དེ་ལས་ལྡོག་ཏེ་ཀྲུང་ཧྭ་མི་རིགས་དང་། མི་རིགས་བར་གྱི་འབྲེལ་བ། འགྲོ་འོང་། སྤེལ་རེས། མཉམ་འབྲེལ་སོགས་བཤད་ཡོང་གི་འདུག ཚིག་དེ་དག་ཧོབ་ཏུ་མཉན་ན་ཕན་ཚུན་འགྲོ་རེས་དང་སྤེལ་རེས་བཤད་པའི་ཟོལ་ཞིག་ཡོད་ཀྱང་། རྒྱ་ནག་གི་སྲིད་ཇུས་སྒང་ནས་བཤད་ན། དེ་ནི་བོད་པ་དང་རྒྱ་རིགས་བར་ཆང་ས་བརྒྱག་རྒྱུ་སོགས་ལ་གཙོ་ཆེ་ཤོས་གོ་ཡི་འདུག འགྲོ་འོང་དང་སྤེལ་རེས་ནི་རྒྱ་སྐད་དང་རྒྱའི་རིག་གཞུང་བོད་ནང་གང་ཐུབ་ཐུབ་སྤེལ་ཐུབ་རྒྱུ་སོགས་རེད་མ་གཏོགས། བོད་ཀྱི་ཆོས་དང་རིག་གཞུང་དེ་ཕར་སྤེལ་ས་ཞིག་མེད་པ་རེད། ད་ལན་གྱི་བཅའ་ཁྲིམས་ནས་དེ་དག་གི་ཐོག་གསལ་པོ་བཤད་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས། རྒྱ་ནག་གཞུང་གིས་དེ་དང་དེ་ལྟ་བུའི་སྲིད་ཇུས་མང་པོ་ཞིག་སྔོན་མ་ནས་བོད་ནང་ལག་བསྟར་བྱེད་ཀྱི་ཡོད་པ་རེད། ལྷག་པར་དུ་བོད་པ་དང་རྒྱ་མིའི་བར་ཆང་ས་རྒྱག་བཅུག་སྟེ། ཆང་སའི་ལམ་ནས་བོད་མི་རིགས་ཀྱི་ཁྱབ་ཚད་བརླག་འགྲོ་རྒྱུ་དང་། བོད་ཀྱི་རིག་གཞུང་སྐད་ཡིག་སོགས་ཉམས་འགྲོ་རྒྱུའི་འཆར་གཞི་གཏིང་གི་ཡོད་པ་རེད། དེ་བཞིན་དཔེར་ན་ཐུན་མོང་གི་འཕེལ་རྒྱས་ཟེར་བ་དེ་ཚིག་སྙིང་རྗེ་མོ་ཡོད་ཀྱང་། དོན་དམ་པར་རྒྱ་ནག་གི་དཔལ་འབྱོར་སོགས་ཀྱི་ལམ་ལུགས་འོག་འགྲོ་བཅུག་ནས། བོད་པ་སོ་སོའི་ངོས་ནས་རྐང་ཚུགས་མ་ཐུབ་པ་བཟོ་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསམ་པ་གཅིག་མཐུན་ཟེར་བ་དང་། མི་རིགས་བར་འབྲེལ་ལམ་ཟེར་བ་སོགས་ཀྱིས་དོན་དངོས་ཐོག་བོད་ཀྱི་ཆོས་དང་རིག་གཞུང་ཉམས་དམས་སུ་གཏང་རྒྱུ་དང་། རྒྱ་ནག་གི་ལྟ་གྲུབ་དང་། སྐད་ཡིག རིག་གཞུང་སོགས་ཁྱབ་སྤེལ་བྱེད་ཐབས་སྐོར་ཤོད་ཀྱིན་ཡོད་པ་རེད། སྤྱིར་ན་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ནང་མི་རིགས་རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ཀུན་སློང་གི་སྒང་ནས་བཟོ་དགོས་ཀྱང་། ད་ལྟ་མི་རིགས་རང་གི་ཆོས་དང་རིག་གཞུང་རྩ་མེད་བཟོ་ཐབས་དེ་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་དང་སྦྱར་ནས་བཟོ་ཡི་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༨ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༩ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese