མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་ཆེད་ཞི་བདེའི་གཟེངས་རྟགས་ཕུལ།

བོད་ཀྱི་དུས་བབ།
༢༠༡༧/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp
ཨ་རིའི་རྡུལ་ཕྲན་མཚོན་ཆ་ཡི་གནོད་འཚེ་དངོས་སུ་མྱངས་བའི་ཉི་ཧོང་གི་བུད་མེད་ཅིག་གིས་སྐྱེས་འགྲོ་ཡོངས་ལ་གནོད་པའི་ལས་བརྩམས་པ་ཡིན་ན། རང་ཉིད་ཀྱང་འགྲོ་བ་མིའི་སྡེ་ཁག་ནང་ཡོད་སྟབས་རང་ལའང་གནོད་པ་ཡོད་པ་ཤེས་དགོས་སྐོར་བརྗོད་འདུག 

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ནོར་ཝེའི་རྒྱལ་ས་ཨོ་སི་ལོ་ (Oslo) ནང་སྤྱིའི་རྡུལ་མཚོན་རྩ་མེད་བཟོ་བའི་ལས་འགུལ་ཚོགས་པར་ (International Campaign to Abolish Nuclear Weapons)ལ་འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བའི་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བའི་ལས་འགུལ་ཚོགས་པའི་འགན་འཛིན་ལྕམ་སྐུ་བྷི་ཏི་རིས་ཕི་འེན་ (Beatrice Fihn) ལགས་ཀྱིས། ང་ཚོར་རང་གི་ཚེ་སྲོག་དགོས་དང་ཡང་ན་རྡུལ་ཕྲན་མཚོན་ཆ་དགོས་གདམ་ག་ཡོད་སྐོར་བརྗོད་འདུག

དེ་ཡང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བའི་མཛད་སྒོའི་གཏམ་བཤད་སྐབས་ལྕམ་སྐུ་བྷི་ཏི་རིས་ཕི་འེན་ལགས་ཀྱིས། ཚེ་སྲོག་ས་ཡ་མང་པོ་མེད་པ་འགྱུར་བར་ཕལ་ཆེར་ཁོང་ཁྲོ་ལང་དང་མ་ལང་ཙམ་གྱི་ཁྱད་པར་ལས་མི་འདུག ཅེས་དང་། ང་ཚོས་རང་གི་ཚེ་སྲོག་བློས་གཏང་བྱ་རྒྱུ་ཡིན་ནམ། ཡང་ན། རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུ་ཡིན། འདི་ནི་ང་ཚོར་ཡོད་པའི་གདམ་ག་རེད། དེང་སྐབས་དམག་གི་གོ་ཚོན་ནི་གྲང་དམག་ (Cold war) ལས་ཀྱང་ནུས་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད། ཅེས་བརྗོད་ཡོད་པ་རེད།

ཁ་སང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་མ་ཕུལ་གོང་དུ་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱི་འགན་འཛིན་བྷི་རིཊ་རི་འིས་ (Berit Reiss-Andersen) ལགས་ཀྱིས། རྡུལ་ཕྲན་མཚོན་ཆ་ཡོད་པའི་རྒྱལ་ཁབ་ལ་འགན་འཁུར་མེད་པའི་མགོ་འཁྲིད་ཅིག་བསྐོ་བཞག་བྱེད་མ་སྲིད་པ་མིན་སྐོར་དང་། ཚོགས་པ་དེའི་ངོས་ནས་རྒྱལ་སྤྱིའི་སྟེང་དུ་རྡུལ་ཕྲན་མཚོན་ཆ་ནི་འཇིགས་སུ་རུང་བ་ཞིག་ཡིན་པ་ངོ་སྤྲོད་བྱས་ཐུབ་ཡོད་པ་མ་ཟད། རྡུལ་ཕྲན་མཚོན་ཆ་དེ་དག་རྩ་མེད་གཏོང་བར་འབད་བརྩོན་ཆེན་པོ་བྱས་ཡོད་སྐོར་ཡང་ངོ་སྤྲོད་གནང་ཡོད་འདུག

ཡང་གཟེངས་རྟགས་འབུལ་བའི་མཛད་སྒོའི་ཐོག ཕྱི་ལོ་ ༡༩༤༥ ལོར་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཨ་རིས་ཉི་ཧོང་གི་གྲོང་ཁྱེར་ཧི་རུ་ཤི་མར་ (Hiroshima) རྡུལ་ཕྲན་མཚོན་ཆ་གཡུགས་སྐབས། ཡུལ་དངོས་སུ་ཡོད་པའི་ཉི་ཧོང་གི་བུད་མེད་རང་ལོ་༨༥ ཡིན་པ་སིཏ་སུ་ཀོ་ཐར་ལོ་ (Setsuko Thurlow) ལགས་ཀྱིས། ཨ་རིས་ཉི་ཧོང་ཐོག་རྡུལ་ཕྲན་མཚོན་ཆ་གཡུགས་སྐབས་ཀྱི་གནས་སྟངས་ཕྱིར་དྲན་བྱས་ཏེ། ཉེན་ཚབས་ཅན་ལ་དོ་སྣང་སྤྲོད་དགོས་པ་མ་ཟད། ལས་དོན་གང་ཞིག་ཡིན་ཡང་དེའི་རྗེས་ཕྱོགས་འབྲས་བུ་ག་རེ་ཡོང་གི་ཡོད་མེད་ཐོག་བསམ་ཤེས་བྱེད་དགོས་པ་དང་། སྐྱེས་འགྲོ་ཡོངས་ལ་གནོད་པའི་ལས་བརྩམས་པ་ཡིན་ན། རང་ཉིད་ཀྱང་འགྲོ་བ་མིའི་སྡེ་ཁག་ནང་ཡོད་སྟབས་རང་ལའང་གནོད་པ་ཡོད་པ་དེ་ཤེས་དགོས་པ་རེད། ཅེས་བརྗོད་འདུག་ལ། ལྕམ་སིཏ་སུ་ཀོ་ལགས་ནི་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བའི་ལས་འགུལ་ཚོགས་པའི་རྒྱུས་ལས་ཤིག་ཀྱང་ཡིན་འདུག

རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བའི་ལས་འགུལ་ཚོགས་པ་ནི་གཞུང་འབྲེལ་མིན་པའི་ཚོགས་པ་བརྒྱ་ཕྲག་ཁ་ཤས་འདུས་པའི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་དེ་༢༠༠༧ ལོར་ཐོག་མར་གསར་འཛུགས་བྱས་ཡོད་འདུག ཚོགས་པ་དེའི་དམིགས་ཡུལ་ནི་འཛམ་གླིང་འདིའི་སྐྱེས་འགྲོ་ཡོངས་ལ་གནོད་ཚབས་ཆེ་བའི་རྡུལ་ཕྲན་མཚོན་ཆ་འགོག་ཐབས་ཀྱི་ལས་འགུལ་སྤེལ་རྒྱུ་དེ་ཡིན་པ་དང་། ད་ལོའི་ལོ་མགོར་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱིས། འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བའི་ལས་འགུལ་ཚོགས་པར་འབུལ་གཏན་འཁེལ་བ་ཡོངས་བསྒྲགས་གནང་ཡོད་པ་རེད།

གསར་འགོད་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༥ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

མཆན། 1

  1. གཞུངཔ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    དང་པོ་ཚན་རྩལ་ཡིན་ཞེས་རྡུལ་ཕྲན་མཚོན་ཆ་བཟོས་།
    གཉིས་པ་རྡུལ་ཕྲན་མཚོན་ཆའི་མགྲན་བསྡུར་བྱས་།
    གསུམ་པ་རྡུལ་ཕྲན་མཚོན་ཆ་བཀག་འགོག་བྱས་།
    མཐའ་མ་རྡུལ་ཕྲན་ཆ་ཞི་བདེའི་རྟགས་མར་ཕྱོགས་།
    མཚན་རྩལ་རིག་པས་འཛམ་གླིང་འཇིག་པའི་ཉེན་།
    མཚན་རྩལ་རིག་པས་ཞི་བདེ་གཏོར་བའི་ཉེན་།
    མཚན་རྩལ་རིག་པས་མི་སྲོག་འཕྲོག་པའི་ཉེན་།
    མཚན་རྩལ་རིག་པས་སྲོག་ཆགས་སྟོང་བའི་ཉེན་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese