ཨེ་ཤ་ཡའི་ཤིང་མཁར་མཆོད་རྟེན་མཐོ་ཤོས་ལ་མེ་སྐྱོན་ཚབས་ཆེན་བྱུང་།

སི་ཁྲོན་མེན་ཡཱང་དུ་ཡོད་པའི་ནང་པའི་ལྷ་ཁང་རྙིང་པ་ཞིག་དང་ཨེ་ཤ་ཡའི་ཤིང་མཁར་མཆོད་རྟེན་མཐོ་ཤོས་སུ་ངོས་འཛིན་བྱེད་བཞིན་པའི་མཆོད་རྟེན་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་།

ཁ་སང་སི་ཁྲོན་ཞིང་ཆེན་མེན་ཡཱང་གྲོང་ཁྱེར་མེན་ཀྲུའུ་རུ་ཡོད་པའི་ནང་པའི་ལྷ་ཁང་རྙིང་པ་གཅིག་དང་། ཤིང་མཁར་མཆོད་རྟེན་ཞིག་ལ་མེ་སྐྱོན་བྱུང་ཡོད་པ་དང་། མེ་སྐྱོན་བྱུང་མ་ཐག་ཤེས་རྟོགས་བྱུང་ཡོད་ཀྱང་། མེ་ཤུགས་ཆེ་དྲགས་སྟེ་ཆུ་ཚོད་ ༤ རིང་མེ་གསོད་མ་ཐུབ་པར་བརྟེན། ལྷ་ཁང་ཐོག་རྩེག་གཉིས་ཡོངས་སུ་ཚིག་ཡོད་པ་མ་ཟད། ཉེ་འཁྲིས་སུ་ཡོད་པའི་ཤིང་མཁར་མཆོད་རྟེན་ཐོག་རྩེག་ ༡༦ ཅན་དེར་མེ་སྐྱོན་ཚབས་ཆེན་བྱུང་ཡོད་འདུག

ད་ལྟའི་ཆར་མེ་སྐྱོན་ཇི་ལྟར་བྱུང་བ་གསལ་བོ་མེད་ཀྱང་། ལྷ་ཁང་དང་ཤིང་མཁར་མཆོད་རྟེན་ཉམས་གསོ་མུ་མཐུད་བྱེད་བཞིན་ཡོད་སྟབས། འཛུགས་སྐྲུན་སྐབས་གློག་སྐུད་ལ་སྐྱོན་ཆ་བྱུང་སྟེ་མེ་འབར་ཡོད་སྐོར་བརྗོད་ཡོད་པ་རེད།

སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་གྱི་གནས་ཚུལ་ལྟར་ན། ཤིང་མཁར་མཆོད་རྟེན་དེ་མིང་རྒྱལ་རབས་(༡༣༦༨_༡༦༤༤)སྐབས་ཨུ་རུ་སུ་ནས་ཤིང་ཆས་ནང་འདྲེན་བྱས་ཏེ་བཞེངས་སྐྲུན་བྱས་ཏེ། རྒྱ་སྒོར་དུང་ཕྱུར་ལྷག་གིས་འགྲོ་གྲོན་བཏང་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་སི་ཁྲོན་དུ་ས་ཡོམ་ཆེན་པོ་བྱུང་སྐབས། ལྷ་ཁང་དང་མཆོད་རྟེན་གཉིས་ཀར་གནོད་སྐྱོན་ཅུང་ཟད་ཐེབས་པར་བརྟེན་ཉམས་གསོ་བྱས་ཡོད་པ་དང་། ཤིང་མཁར་མཆོད་རྟེན་དེ་ནི་ཨེ་ཤ་ཡའི་ཤིང་གི་མཆོད་རྟེན་མཐོ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༢/༡༡

Leave a Reply

One thought on “ཨེ་ཤ་ཡའི་ཤིང་མཁར་མཆོད་རྟེན་མཐོ་ཤོས་ལ་མེ་སྐྱོན་ཚབས་ཆེན་བྱུང་།

  1. གཞུངཔ་ཚེ་དབང་བསོད་ནམས་

    འབྱུང་བ་དགྲ་ལངས་ས་བཅུད་ཉམས་པའི་ཚེ་།
    ཨོ་རྒྱན་འབྱུང་བ་བཞི་ཡིའི་ལྷ་མོར་བཅས་།
    འབྱུང་བ་རང་སར་ཞི་བ་འཐེ་འཚོམ་མེད་།
    ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས་།བསམ་པ་ལྷུན་གྱི་འགྲུབ་པར་སྦྱིན་གྱི་རློབས་།