མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་གི་ངོ་མཚར་བའི་བརྩེ་དུང་གི་གཏམ་རྒྱུད་ངོ་མ་ཞིག

བོད་ཀྱི་དུས་བབ།
༢༠༢༤/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སི་ཝུས་བརྩམས།

 མགོ་ལོག་དཔལ་ལྡན་གྱིས་བསྒྱུར།

བྱམས་བརྩེ་ལྡན་པའི་རྒད་པོ་སི་ཇེ་པིན་ཝོ་ཆི་(Stjepan Vokic) དང་མཚོ་བྱ་དཀར་མོ་མ་ལི་ན། དྲ་ལམ་གྱི་པར།

བརྩེ་དུང་རྣལ་མ་ཞིག་གིས་དཀའ་སྡུག་ལས་རྣམ་པར་རྒྱལ་ཐུབ། དེ་ནི་ཡུ་རོབ་ཀྱི་རྒྱལ་ཁབ་ཁོ་རོ་ཤི་ཡའི་ནང་བྱུང་བའི་ཁ་ཁར་ལུས་པའི་མཚོ་བྱ་དཀར་པོ་ཕོ་མོ་གཉིས་ཀྱི་ངོ་མཚར་བའི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཡིན་ལ། གཏམ་རྒྱུད་འདི་ལ་དུས་རབས་ཉེར་གཅིག་པའི་ལྷད་མེད་བརྩེ་དུང་གི་གཏམ་རྒྱུད་རླབས་ཆེ་ཤོས་ཞེས་ཟེར་མཁན་ཡང་འདུག  ལོ་ལྟར་ཀེ་པི་ཊོན་(Klepetan) ཟེར་བའི་མཚོ་བྱ་དཀར་པོ་ཕོ་ཞིག་གིས་ལེ་བར་ ༡༤༠༠༠ ལྷག་གི་བར་ཐག་ཡོད་པའི་ལྷོ་སྣེ་ནས་བྱང་ལ་འཕུར་བསྐྱོད་ཀྱིས་རང་གི་ཚེ་གྲོགས་སུ་གྱུར་བའི་དགའ་མ་མ་ལི་ན་(Malena) དང་ལྷན་འཛོམས་བྱེད་ཀྱི་ཡོད།

ཧ་ཅང་ངོ་མཚར་བའི་ལོ་འཁོར་གཅིག་གི་བརྩེ་དུང་གི་འགྲུལ་བཞུད་དེ་ལོ་ངོ་བཅུ་དྲུག་རིང་ལ་ཡུ་རོབ་རྒྱལ་ཁབ་ཁོ་རོ་ཤི་ཡའི་བྷོ་རི་ཌི་ཀི་སི་ཨ་རོ་སི་(Brodski Varoš) ཞེས་པའི་གཞིས་གྲོང་ཆུང་ཆུང་དེར་བྱུང་ཡོད་ཅིང་། དྲ་ལམ་སོགས་སུ་མཚོ་བྱ་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་དེ་ཁྱབ་སྤེལ་ཆེན་པོ་ཕྱིན་ཡོད་པས། ལོ་ལྟར་ཡུལ་སྐོར་བ་སྟོང་ཕྲག་མང་པོ་གཞིས་གྲོང་ཆུང་ཆུང་དེར་འདུས་པ་མ་ཟད། མི་གྲངས་ས་ཡ་མང་པོས་ཐད་གཏོང་བྱེད་བཞིན་ཀེ་པི་ཊོན་ཕྱིར་ལོག་ནས་མ་ལི་ན་དང་ལྷན་འཛོམས་ཡོང་རྒྱུར་ངང་སྒུག་བྱེད་ཀྱི་ཡོད།

ཕྱི་ལོ ༡༩༩༣ ལོར་མཚོ་བྱ་དཀར་པོ་ཞིག་གི་གཤོག་སྒྲོར་རྡེའུ་ཕོག་རྗེས། མོས་འཕུར་སྐྱོད་མ་ཐུབ་པར་ལམ་ཟུར་དུ་ལུས་ཡོད་པའི་སྐབས་དེར། རྒད་པོ་ཞིག་གིས་མོ་བསྐྱབས་ནས་རང་ཁྱིམ་དུ་འཁྲིད་རྗེས་ཡིད་འོང་གི་གཏམ་རྒྱུད་འདི་བྱུང་བ་རེད། རྒད་པོ་སི་ཇེ་པིན་ཝོ་ཆི་(Stjepan Vokic) ཡིས་མཚོ་བྱ་ཡི་གཤོག་སྒྲོ་ཆག་བཅངས་ནས་གསོ་སྐྱོང་བྱས་ཀྱང་ཆག་བཅངས་མ་ཐུབ་པར་བརྟེན། མཚོ་བྱ་དེ་བདག་ཉར་བྱས་ནས་མ་ལི་ན་ཞེས་བཏགས།

རྒད་པོས་སྟོན་དུས་སུ་རང་གི་ཁང་པའི་ཐོག་ཏུ་མ་ལི་ན་ལ་སྡོད་གནས་ཤིག་བཟོས་པ་མ་ཟད། ཁོང་ཉིན་ལྟར་མཚོ་ཁར་ཉ་འཛིན་དུ་ཕྱིན་ནས་མ་ལི་ནར་ཉ་སྟེར་གྱི་ཡོད་ཅིང་། དུས་ཚིགས་ཀྱི་འགྲོས་དང་བསྟུན་ནས་དགུན་ཟླ་བཞད་དུས། ཁོས་མ་ལི་ན་རང་ཁྱིམ་དུ་བསུས་ནས་གྲང་རླུང་གི་མནར་གཅོད་མྱོང་མ་བཅུག་པར་མཚོ་བྱ་དེའི་ཆེད་མང་པོ་ཞིག་བློས་གཏོང་བྱས་ཏེ། ཕྱི་ལོ་ ༢༠༠༡ བར་མི་ལོ་བརྒྱད་རིང་ཁོང་གཉིས་ཀྱིས་ཞི་བདེ་བག་ཕེབས་ཀྱི་འཚོ་བ་རོལ།

ཉིན་ཞིག་རྒད་པོས་མཚོ་བྱ་ཕོ་ཞིག་གིས་ཁང་རྩེག་ཏུ་སྐོར་གཡེང་བྱས་མཚམས། མ་ལི་ནས་ཁོར་བརྩེ་འདང་གི་མིག་ཟུང་ཕྱོགས་ནས་སྤྲོ་སྣང་གི་ཚོར་བས་བཟི་བ་མཐོང་མཚམས། རྒད་པོས་མ་ལི་ནས་མཚོ་བྱ་དེར་ཡིད་སེམས་ཤོར་ཡོད་པ་ཤེས་ནས། ཁོས་བརྙན་ཐུང་ཞིག་ཏུ “བྱ་ཕོ་དེ་འདིར་ཐོན་དུས་རང་གི་བུ་ཆུང་ཞིག་ཕྱིར་ལོག་པ་དང་ཅི་ནས་མཚུངས་”ཞེས་བརྗོད་འདུག་ལ། རྒད་པོས་རང་གི་བུ་མོ་བཞིན་བདག་གཅེས་བྱས་པའི་མ་ལི་ནའི་བརྩེ་རོགས་ལ་ཀེ་པི་ཊོན་ (Klepetan) ཞེས་བཏགས། དུས་དེ་ནས་བཟུང་མཚོ་བྱ་གཉིས་ཀྱིས་བརྩེ་དུང་གི་མིག་ཟུང་ཕྱོགས་རེས་བྱེད་ཞོར་ལྷན་ཅིག་ཏུ་འཚོ་བ་རོལ་མགོ་བརྩམས་པས། ཀེ་པི་ཊོན་གྱིས་མཚོ་ཁ་ནས་ཉ་བཟུང་ནས་མ་ལི་ནར་སྟེར་ནས་བརྩེ་འདང་གིས་བསྐྱངས་པས། ཕྱིས་སུ་ཁོང་གཉིས་ལ་ཕྲུ་གུ་ཁ་ཤས་བཙས།

མཚོ་བྱ་དཀར་པོ་ཀེ་པི་ཊོན་ (Klepetan)ལེ་བར་ཁྲི་ཕྲག་བརྒལ་ནས་མ་ལི་ནའི་གམ་དུ་འབྱོར་བ། ༢༠༡༥ ཐད་གཏོང་གི་བརྙན་པར།

མཚོ་བྱ་ཀེ་པི་ཊོན་གྱིས་ཉིན་ལྟར་ཁང་རྩེག་གི་ཐོག་ཏུ་འགྲེང་ནས་རང་གི་མཚོ་བྱ་མ་བུ་རྣམས་ལ་འགེབས་སྲུང་དང་ལྟ་སྲུང་བྱེད་པ་མ་ཟད། མཚམས་རེར་མཚོ་ཁར་ཕྱིན་ནས་ཁོང་ཚོར་ཉ་སྟེར་གྱི་ཡོད་པས། རྒད་པོ་སི་ཇེ་པིན་ཝོ་ཆི་ཁོའི་ནང་མི་འཕེལ་རྒྱས་བྱུང་ནས་སྤྲོ་སྣང་ལྡན་པའི་འཚོ་བ་ཞིག་རོལ་ཡོད་ཀྱང་། དུས་ཚོད་རིམ་གྱིས་འདས་ནས་སྟོན་མཇུག་ཏུ་སླེབས་སྐབས། བྱིའུ་ཕྲུག་རྣམས་གཉོམ་ལག་རྒྱས་ནས་རང་རང་གི་གཤོག་རྩལ་ངོམ་ནས་རེ་སྙེག་གི་སླད་དུ་འཕུར་སྐྱོད་བྱས་མཐར། མ་ལི་ན་དང་ཀེ་པི་ཊོན་གཉིས་ཤུལ་དུ་ལུས། དགུན་ཁ་དལ་གྱིས་བཞད་ནས་གྲང་རླུང་ཇེ་བཙན་དུ་གྱུར་བས་མཚོ་བྱ་རྣམས་རིམ་གྱིས་ལྷོ་སྣེ་རུ་བགྲོད་མགོ་བརྩམས་ཀྱང་། ཀེ་པི་ཊོན་དགུན་གྱི་གྲང་རེག་ཆེས་བཙན་ཤོས་བར་དུ་བསྡད་མཐར་མི་འདོད་བཞིན་དུ་འཕུར་སྐྱོད་བགྱིས་ཏེ། མ་ལི་ན་གཅིག་པུ་དགུན་གྱི་གྲང་རླུང་ཁྲོད་དུ་བསྡད་དེ་སེམས་ངལ་གྱིས་མནར་བས། རྒད་པོའི་བརྙན་ཐུང་ཞིག་གི་ནང་། “ང་རང་མོའི་ཆེད་དུ་སེམས་པ་ཧ་ཅང་སྡུག་གི་འདུག་སྟེ། མོས་ཁ་ཟས་མི་ཟ་བ་དང་། ཐབས་སྡུག་གི་གནས་སྟངས་མང་དག་ཅིག་སྦས་སྐུང་བྱེད་ཀྱི་འདུག “ ཅེས་བརྗོད་འདུག རྒད་པོས་མོ་སེམས་ངལ་ལས་གྲོལ་སླད་རང་ཁྱིམ་དུ་བསུས་ནས། མཚམས་རེར་སྐོར་གཡེང་དང་ལྷན་གཅིག་ཏུ་ཉ་སོགས་འཛིན་དུ་བསྐྱོད་པ་མ་ཟད། ཁོས་མཚོ་བྱའི་རིགས་ཀྱི་དངོས་བྱུང་གློག་བརྙན་བསྟན་ནས་མོའི་ཁེར་རྐྱང་གི་ངལ་དུབ་སེལ་ཐབས་བྱས་པས། ཁོའི་བརྩེ་འདང་གི་མཐུ་འོག་ནས་མོ་རང་ཇེ་སྐྱིད་དུ་སོང་།

བསིལ་རླུང་དལ་གྱིས་ལྡང་བའི་དཔྱིད་ཀྱི་ཞོགས་པ་ཞིག་ལ་རྒད་པོས་རང་གི་ཁང་ཐོག་ཏུ་སྒྲ་ཞིག་ཐོས་པ་དང་སྒོའི་ཕྱིར་བུད་སྐབས། ཁོས་ཀེ་པི་ཊོན་ཕྱིར་ལ་ལོག་ཡོད་པ་ཤེས། མཚོ་བྱས་དུས་བཞིའི་འགྲོས་དང་བསྟུན་ནས་ས་གནས་གཞན་དང་གཞན་དུ་འཕུར་སྐྱོད་བྱེད་ཐུབ་པ་ནི་མཚོ་བྱ་རྣམས་ཀྱི་ཁྱད་འཕགས་ཀྱི་ཁྱད་ཆོས་ཤིག་དང་། ཀེ་པི་ཊོན་དགུན་ཁར་ལྷོ་སྣེ་རུ་འཕུར་སྐྱོད་བྱེད་ཀྱི་ཡོད་ཀྱང་ཁོས་ནམ་ཡང་མ་ལི་ན་སྐྱུར་མྱོང་མེད་ལ།  ཀེ་པི་ཊོན་ནི་ཁུལ་དེའི་ལྷོ་སྣེ་ལ་བགྲོད་མཁན་གྱི་མཚོ་བྱ་མཐའ་མ་དེ་ཡིན་ཡང་ཕྱིར་ལོག་མཁན་ཐོག་མ་དེ་ཡིན་པས། དེ་ནི་ཁོས་མ་ལི་ནར་ལྷད་མེད་ཀྱི་བརྩེ་འདང་རྣལ་མ་ཞིག་བཅངས་ཡོད་པ་གདོན་མི་ཟ།

ཕ་མ་གྱུར་བའི་མཚོ་བྱ་དཀར་པོ་ཕོ་མོ་གཉིས། དྲ་ལམ་གྱི་པར།

ཀེ་པི་ཊོན་ཕྱིར་ལོག་རྒྱུ་ནི་ཧ་ཅང་དཀའ་ཚེགས་ཅན་ཞིག་ཡིན་ཏེ། ལྷོ་ཨ་ཧྥི་རི་ཁ་ནས་ཁོ་རོ་ཤི་བར་སྤྱི་ལེ་ ༡༤༠༠༠ ལྷག་འཕུར་སྐྱོད་བྱས་ནས་ཊ་སི་མེན་མཚོ་(Tasman Sea) ཡི་མཱ་རི་ཡ་མཚོ་གླིང་(Maria Island) དང་། ཨི་ཇིབ་ཀྱི་སི་ཡ་ནའི་(Sinai) དང་། ཨི་རག་གི་བྱང་ཐང་ཆེན་པོ་སོགས་བརྒལ་དགོས་པས། མཚོ་བྱ་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་དེ་དྲ་ལམ་དུ་སྐད་གྲགས་ཆེན་པོ་ཆགས་ནས་འཛམ་གླིང་གི་མི་མང་པོ་ཞིག་གིས་ལོ་ལྟར་ཁོང་གཉིས་དངོས་སུ་ལྷན་འཛོམས་བྱུང་བ་ལྟ་ཡོད། རྒད་པོ་སི་ཇེ་པིན་ཝོ་ཆི་ཡིས། བྱ་རིགས་ཀྱི་ཆེས་ཉེན་ཚབས་ཆེ་ཤོས་ཀྱི་འགྲུལ་བཞུད་ནི་སྤྱི་ལེ ༢༠༠ ལྷག་གི་དཀྱིལ་ཤར་རྒྱལ་ཁབ་ལི་བྷ་ནོན་(Lebanon) གྱི་འཕུར་ལམ་དེ་ཡིན་ཞིང་། དེར་འགན་འཁྲིའི་འདུ་ཤེས་མེད་པའི་རྔོན་པ་དག་གིས་བྱ་རིགས་ས་ཡ་༢།༦ ལྷག་གི་འཕུར་ལམ་བཅད་ནས་ལྐོག་གསོད་བྱས་པ་ཡིན། ཞེས་བརྗོད་འདུག

ལོ་ཞིག་གི་དཔྱིད་ཀར་ཀེ་པི་ཊོན་ཕྱིར་ལོག་བྱས་མེད་པས་རྒད་པོས་དངངས་འཚབས་ཆེན་པོས་ལི་བྷ་ནོན་གྱི་སྲིད་བློན་མེ་ཡེ་ཁིལ་ཨོ་ནན་(Michel Aoun) ཟེར་བ་ཞིག་ལ་འཕྲིན་ཡིག་ཅིག་བསྐུར་བའི་ནང་། ང་ཚོའི་རྒྱལ་ཁབ་ཏུ་མཚོ་བྱ་ཚོས་ལོ་ལྟར་ཡུལ་ལ་བྱིའུ་ཕྲུག་འཇོག་གི་ཡོད་སྟབས། མཚོ་བྱ་ཚོས་ཚེ་སྲོག་གསར་བ་ཞིག་རྒྱུན་སྐྱོང་བྱེད་བཞིན་ཡོད་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་པས། མཚོ་བྱ་དེ་གཉིས་ལ་ངའི་སྲོག་ལྟར་གཅེས། ཁྱེད་རང་གིས་བརྩེ་དུང་གི་གཏམ་རྒྱུད་འདི་དག་ལ་ཡིད་ཆེས་མེད་ངེས་ཀྱང་། དཔྱིད་དུས་སུ་ཁོ་རི་ཤི་ཡར་ཐད་གཏོང་བརྒྱུད་མི་གྲངས་ས་ཡ་མང་པོས་ཀེ་པི་ཊོན་ཕྱིར་ལོག་བྱེད་པར་རེ་སྒུག་དང་། ལྷན་འཛོམས་དེ་བརྒྱུད་མི་མང་པོ་ཞིག་ལ་ལྷད་མེད་ཀྱི་དགའ་སྤྲོ་སྦྱིན་གྱི་ཡོད་པའི་དངོས་ཡོད་དེར་ཡིད་ཆེས་གནང་དགོས། ཞེས་བྲིས་ཡོད་པས། ལི་བྷ་ནོན་གྱི་སྲིད་བློན་མེ་ཡེ་ཁིལ་ཨོ་ནན་གྱིས་རྔོན་པ་ཚོས་ལྷོ་སྣེ་ནས་བྱང་དུ་བགྲོད་མཁན་གྱི་བྱེའུ་རིགས་གསོད་མི་ཆོག་པའི་བཀའ་ཁྱབ་བཏང་ཡོད་པ་མ་ཟད། ཁོས་མི་དང་ནགས་ཚལ། དེ་བཞིན་བྱ་རིགས་དང་མིའི་བར་ཁེ་ཕན་སྲུང་སྐྱོབ་ཀྱི་སླད་ཞི་བདེའི་གྲོས་ཆོད་ཅིག་ངེས་པར་དུ་འཇོག་དགོས་ཏེ། ང་ཚོས་དེ་དག་ལས་བརྒལ་བའི་ལས་ཀ་མང་པོ་ཞིག་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

འདས་པའི་མི་ལོ་ ༡༦ ལྷག་རིང་ཀེ་པི་ཊོན་དཔྱིད་དུས་སུ་ཕྱིར་ལོག་ནས་རང་གི་དགའ་མ་མ་ལི་ན་དང་ལྷན་འཛོམས་བྱས་ཏེ་སྔར་བཞིན་དགའ་སྐྱིད་ཀྱི་དཔལ་ལ་རོལ་ནས་མཚོ་བྱ་དུ་མ་ཞིག་བཙས། ཡིན་ཡང་། ལོ་རེའི་དགུན་ཁ་སླེབས་སྐབས་ཀེ་པི་ཊོན་སླར་ཡང་ས་གནས་གཞན་དུ་འགྲོ་དགོས་པས། མ་ལི་ནར་སྐྱོ་སྣང་གིས་ཁེངས་ནའང་མོས་གནམ་གཤིས་ཇེ་དྲོ་རུ་འགྲོ་བ་དང་བསྟུན། ཁང་ཐོག་ཏུ་བུད་ནས་གོམ་ཁ་མདུན་དུ་ཀློད་ཙམ། རྒྱབ་ཏུ་ཕྱོགས་ཙམ་རེ་བྱས་ནས་རེ་སྒུག་བྱས་ཞིང་། ཁོས་ཀྱང་ནམ་ཡང་མོ་བློ་ཕམ་གྱི་གནས་སུ་གྱར་མ་བཅུག ཀེ་པི་ཊོན་ནི་ཁུལ་དེ་ནས་ས་གནས་གཞན་དུ་བགྲོད་མཁན་ཆེས་མཐའ་མ་དང་ཡུལ་ལ་ལོག་མཁན་ཆེས་ཐོག་མ་དེའང་ཡིན།

མཆན། ཡིད་སྐྱོ་བ་ཞིག་ལ། ངོ་མཚར་བའི་གཏམ་རྒྱུད་འདི་ཕྱི་ལོ་ ༢༠༢༡ ལོར་གློ་བུར་དུ་མཇུག་བསྡུས་འདུག ལོ་དེའི་ཕྱི་ཟླ་ ༦ པའི་ནང་མཚོ་བྱ་དཀར་མོ་མ་ལི་ན་ཁང་ཐོག་གི་གནས་ཚང་ནས་མར་ཟག་སྟེ།  བྱམས་ལྡན་གྱི་བགྲེས་པོ་སི་ཇེ་པིན་ཝོ་ཆི་ལགས་ཀྱིས་མོར་ཉིན་བཅུ་ཡས་མས་རིང་བདག་སྐྱོང་གང་ལེགས་བྱས་ཏེ་རང་ཁྱིམ་དུ་ཉར་རྗེས་མ་ལི་ན་ཤི་བས། བགྲེས་སོང་ཁོང་གིས། ད་ནི་ང་དང་ཀེ་པི་ཊོན་གཉིས་མ་གཏོགས་ལྷག་མེད། ངས་མ་ལི་ནའི་རོ་དེ་ས་ཆ་དམིགས་བསལ་བ་ཞིག་ཏུ་འཁྱེར་ནས་མེར་བསྲེགས་པ་ཡིན། ཞེས་བརྗོད་འདུག་ལ། མི་ལོ་ ༢༩ ལྷག་རིང་གཅེས་སྐྱོང་བྱས་པའི་རང་གི་བུ་མོ་ལྟ་བུའི་མ་ལི་ན་གཏན་དུ་གྱེས་ཡོད་པས། དུས་རབས་ཤིག་གི་ལྷད་མེད་བརྩེ་དུང་གི་དཔང་པོ་ལྟ་བུར་གྱུར་བའི་གཏམ་རྒྱུད་འདི་ཡང་གཏམ་རྒྱུད་ཁོ་ན་ཞིག་ཏུ་གྱུར།

རྩོམ་ཡིག་གི་དྲ་ཐག A true love story: 16 years long distance across 14,000 kilometers

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese