མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རྒྱ་གཉིས་ཀྱི་ཚོང་དམག་དངོས་སུ་མགོ་བཙུཊ།

བོད་ཀྱི་དུས་བབ།
༢༠༡༨/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཊོམ་ཕུ་གཞུང་གིས་རྒྱ་ནག་གི་དངོས་ཟོག་ནང་འདྲེན་ལ་རྒྱལ་ཁྲལ་བརྒྱ་ཆ་ ༢༥ སྤར་བའི་ལས་གཞི་དངོས་སུ་མགོ་བཙུགས་ཏེ་ལག་བསྟར་བྱེད་བཞིན་འདུག

ཟླ་འདིའི་ཕྱི་ཚེས་ ༦ ཉིན་ནས་ཨ་རིས་རྒྱ་ནག་གི་དངོས་ཟོག་ཐེར་འབུམ་ ༣༤ ཙམ་ལ་རྒྱལ་ཁྲལ་བརྒྱ་ཆ་ ༢༥ དངོས་སུ་སྤར་མགོ་ཚུགས་ཡོད་པ་དང་། དེ་ནི་ད་ལོའི་ཕྱི་ཟླ་ ༦ པའི་ནང་སྲིད་འཛིན་ཊོམ་ཕུ་གཞུང་གིས་རྒྱ་ནག་གི་དངོས་ཟོག་ཐོན་རྫས་རྣམ་གྲངས་ ༨༠༠ ལ་རྒྱལ་ཁྲལ་སྤར་རྒྱུ་ཡིན་ལུགས་བསྒྲགས་པའི་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཡིན་པ་དང་། བདུན་ཕྲག་གཉིས་ཀྱི་རྗེས་སུ་བསྐྱར་དུ་དངོས་ཟོག་རིན་གོང་ཨ་སྒོར་ཐེར་འབུམ་ ༡༦ ལ་རྒྱལ་ཁྲལ་སྤར་རྒྱུ་དང་རིམ་པས་ཨ་སྒོར་ཐེར་འབུམ་ ༢༠༠ དང་ ༣༠༠ བཅས་ཀྱི་རིན་འབབ་དངོས་ཟོག་ལ་རྒྱལ་ཁྲལ་སྤར་རྒྱུ་ཡིན་སྐོར་བསྒྲགས་འདུག

ཐེངས་འདིའི་ཨ་རིས་རྒྱ་ནག་གི་དངོས་ཟོག་རྒྱལ་ཁྲལ་སྤར་བ་དེས་རྒྱ་ནག་གི་ཕྱིར་འཚོང་དངོས་ཟོག་ཨ་སྒོར་ཐེར་འབུམ་༣༧༥ ལྷག་གི་རིན་འབབ་ལ་གྱོང་གུད་ཐེབས་ཀྱི་ཡོད་པ་དང་། ཕྱི་ཟླ་ ༦ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གི་ཨ་རིའི་དངོས་ཟོག་ལ་གཅིག་མཚུངས་ལྟར་རྒྱལ་ཁྲལ་སྤར་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ཨ་རྒྱ་གཉིས་ཀྱི་ཚོང་དམག་མགོ་མ་ཚུགས་གོང་ནས་རྒྱལ་སྤྱིའི་ཁྲོམ་རའི་ནང་དངོས་ཟོག་གི་གོང་ཚད་འཕར་རྒྱུ་ཡིན་པའི་འཇིགས་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་ནང་དུ་ཡོད་པའི་ཨ་རིའི་བཟོ་གྲྭ་དང་ཚོང་ལས་གཉེར་མཁན་ཚོས་ལྷག་ཏུ་སེམས་འཚབ་བྱེད་ཀྱི་ཡོད་འདུག

ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡིས་ཨ་རི་དང་པོར་འཇོག་དགོས་པའི་སྲིད་བྱུས་མཁྲེགས་པོ་འཛིན་གྱི་ཡོད་པ་ལྟར། རྒྱ་ནག་གིས་ཨ་རིའི་ནང་གི་ཆེད་ལས་པའི་བསམ་བློའི་ཐོན་རྫས་དེ། འཆར་འགོད་དང་ཚོང་གི་བསམ་བློ་གསར་པ་སོགས་རྒྱ་ནག་གི་ཚོང་གཉེར་ཁྲོམ་རའི་ནང་ལེན་ཐབས་དང་རྐུ་འཁྱེར་བྱེད་བཞིན་པར་ཁ་གཏད་གཅོག་ཆེད་དང་གནོན་ཤུགས་སྤྲོད་ཐབས་ཡིན་སྐོར་བརྗོད་ཀྱི་ཡོད་ན་ཡང་། ཨ་རིའི་ཟླ་སྔོན་མ་ནས་ཡུ་རོབ་མཐུན་ཚོགས་དང་། མེག་སི་ཀོ་བཅས་ནས་ནང་འདྲེན་བྱེད་བཞིན་པའི་ལྕགས་ཀྱི་ཅ་དངོས་ལ་རྒྱལ་ཁྲལ་བརྒྱ་ཆ་ ༢༥ དང་། ཧ་ཡང་གི་ཅ་དངོས་ལ་བརྒྱ་ཆ་ ༡༠ སྤར་རྒྱུ་དངོས་སུ་ལག་བསྟར་བྱས་ཡོད་སྟབས། མཐུན་ཕྱོགས་རྒྱལ་ཁབ་ཁག་གི་མགོ་འཁྲིད་ཚོས་སྲིད་འཛིན་ཊོམ་ཕུའི་བྱེད་སྟངས་དེ་དག་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་འདུག

འཛམ་གླིང་གི་དཔལ་འབྱོར་རིག་པའི་དཔྱད་བརྗོད་པ་མང་མོས་ཨ་རྒྱ་གཉིས་ཀྱི་ཚོང་དམག་ཐད་ཕན་ཚུན་གྲོས་མོལ་བྱས་ཏེ་འགྲིག་མཐུན་ཡོང་རྒྱུ་ཁག་པོ་ཡིན་པ་དང་། གནད་དོན་དེའི་ཁྲོད་ཨ་རྒྱ་གཉིས་ཙམ་མ་ཟད་རྒྱལ་སྤྱིའི་དངོས་ཟོག་ཁྲོམ་ར་དང་དཔལ་འབྱོར་ཐད་དཀའ་རྙོག་ཆེན་པོ་ཞིག་བྱུང་རྒྱུ་ཡིན་པ་དང་། མཐའ་མར་ཕྱོགས་གཉིས་ལ་གྱོང་གུད་ཆེན་པོ་ཐེབས་ཏེ་རང་འགུལ་གྱིས་མཚམས་འཇོག་རྒྱུ་ཡིན་སྐོར་བརྗོད་ཀྱི་ཡོད་ན་ཡང་། ཨ་རིའི་སྤྱི་གཉེར་ཁེ་ལས་ཚོགས་པའི་ཚོགས་གཙོ་ཝེ་ལིམ་ཛཱ་རི་ཊི་(William Zarit)ཡིས་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་གནས་བབ་ངན་ཕྱོགས་སུ་སོང་བ་ཡིས་རྒྱ་ནག་ལ་གྱོང་གུད་ཐེབས་རྒྱུ་ཡིན་སྐོར་བརྗོད་འདུག

ཨ་རིའི་ཞིང་ལས་སྡེ་ཚན་ཁག་ཅིག་གིས་ཨ་རིའི་གཞུང་ལ་རྒྱ་ནག་ནི་ཨ་རིའི་ཞིང་ལས་ཐོན་རྫས་ཉོ་མཁན་ཆེ་ཤོས་གྲས་ཤིག་ཡིན་པས། ཕྱོགས་གཉིས་བར་གྱི་ཚོང་དམག་གིས་ཞིང་ལས་ཐོན་རྫས་རྣམས་ལ་རྒྱལ་ཁྲལ་ཆེན་པོ་རྒྱག་དགོས་པ་ཆགས་རྒྱུའི་ཉེན་ཁ་ཡོད་སྟབས། ཨ་རིའི་གཞུང་ལ་འཆར་གཞི་ཡོད་པ་ལྟར་རྒྱལ་ཁྲལ་ལག་ལེན་མི་བསྟར་བའི་རེ་སྐུལ་ཞུས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༨ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

མཆན། 3

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེh says:
    ལོ་ 8 སྔོན།

    ཁྱི་སྤྱང་ལག་སྦྲེལ་རྐུན་རྒྱབ་ཇག་ལང་དང་།
    དཔོན་ངན་མི་ངན་ཁ་མཐུན་ཡུལ་བདེ་བཅོམ་།
    ཧཧཧཧཧ

    Reply
  2. Lobsang Wangdu says:
    ལོ་ 8 སྔོན།

    ཝཻ། གུང་ཁྲན་ཏང་། ད་ཡིན་ད་་་ བོད་དང་ཤིན་ཅང་ལ་ རྡོག་བརྫིས་བཏང་བ་གཞི་ཟུང་ ད་ཨ་རི་ལ་ ཡིན་ད། དེ་སྔ་ བོད་དང་ ཤིན་ཅང་ལ་ ཙི་ཙི་ལ་སྟག་དོན་པ་རེད། ད་ ཨ་རི་ལ་ སྟག་རེད་འདུག ཞི་མི་རེད་འདུག ལྟ་བཞིན་ཡོད་དོ།

    Reply
  3. གཞུང་པ་ཚེ་དབང་བསོད་ནམས་་ཉེh says:
    ལོ་ 8 སྔོན།

    ཨ་རྒྱའི་ཁ་དམག་འཛམ་གླིང་ཚོང་ལས་ཉམས་།
    ཨ་རྒྱའི་ཁ་དམག་འཛམ་གླིང་ཞི་བདེར་གནོད་།
    ཨ་རྒྱའི་ངན་འཆར་འཛམ་གླིང་ཟ་སེམས་ལ་།
    ཨ་རྒྱ་གཉིས་ལ་འཛམ་གླིང་དོགས་ཟོན་ཟབ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese