མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་གཞུང་ཚབ་མདུན་དུ་རང་ལུས་མེར་བསྲེགས་བཏང་།

བོད་ཀྱི་དུས་བབ།
༢༠༡༩/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་ཀོ་རི་ཡའི་རྒྱལ་སར་ཡོད་པའི་ཉི་ཧོང་གཞུང་ཚབ་ཁང་གི་མདུན་དུ་རང་ལོ་ ༧༨ ཡིན་པའི་ཀོ་རི་ཡའི་སྐྱེས་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུགཁ་སང་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོར་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་གྱི་ཉི་ཧོང་གཞུང་ཚབ་ཁང་གི་མདུན་དུ། ལྷོ་ཀོ་རི་ཡའི་ཀེམ་(Kim)མིང་ཅན་གྱི་སྐྱེས་པ་ལོ་ན་ ༧༨ཡིན་པ་ཞིག་གིས་རླངས་འཁོར་ནང་དུ་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། བརྒྱུད་ལམ་ཁག་ནས་མི་དེས་ཉི་ཧོང་དང་ལྷོ་ཀོ་རི་ཡའི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པར་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་བ་ཡིན་ལུགས་བརྗོད་ཀྱི་འདུག

ལྷོ་ཀོ་རི་ཡའི་ཉེན་རྟོག་ཁང་གིས། མི་དེས་རང་ལུས་མེར་བསྲེགས་གཏོང་དོན་ལྷོ་ཨེ་ཤ་ཡའི་ཁུལ་གྱི་རྒྱལ་ཁབ་ཁག་གི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་་ཡིན་པ་དང་། ཁོས་མེར་བསྲེགས་མ་བཏང་གོང་ངོ་ཤེས་ཤིག་ལ་ཁ་པར་བཏང་ནས་ཁོང་ཉི་ཧོང་གི་གཞུང་ཚབ་ཁང་གི་མདུན་ལ་རང་ལུས་མེར་བསྲེགས་གཏོང་བར་འགྲོ་བཞིན་ཡོད་པ་དང་། ཁོས་དེ་ལྟར་བྱེད་དོན་ཉི་ཧོང་ལ་ངོ་རྒོལ་ཆེད་ཡིན་སྐོར་བརྗོད་ཡོད་འདུག

ཡང་ཀེམ་གྱི་ནང་མི་ཚོས་ཉེན་རྟོག་པར་བརྗོད་ན། ཀེམ་གྱིས་རང་ལུས་མེར་བསྲེགས་གཏོང་དོན་དེ་སྔོན་ཕྱི་ལོ་ ༡༩༡༠ ནས་ ༡༩༤༥ བར་ཉི་ཧོང་གིས་ལྷོ་ཀོ་རི་ཡར་དབང་བསྒྱུར་སྐབས། ཀེམ་གྱི་ཕ་ཚབ་ཉི་ཧོང་དམག་གིས་བཙན་གྱིས་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་པའི་རྐྱེན་གྱིས་ཡིན་སྐོར་བརྗོད་ཡོད་པ་དང་། གནད་དོན་དེའི་ཐད་ཉི་ཧོང་ཕྱི་སྲིད་བློན་ཆེན་ཊཱ་རོ་ཀོ་ནོ་(Taro Kono)ལགས་ཀྱིས། གནད་དོན་དེ་ནི་ཕྱི་ལོ་ ༡༩༦༥ ལོའི་ཆིངས་ཡིག་འོག་ཀུན་གསབ་སྤྲད་ཟིན་པ་ཞིག་ཡིན་པ་དང་། ལྷོ་ཀོ་རི་ཡའི་ཕྱོགས་ནས་དེ་འདྲའི་རིགས་གླེང་སློང་བྱེད་པ་ནི་ཧ་ཅང་ཚུལ་མཐུན་མིན་པ་ཞིག་ཡིན་སྐོར་བརྗོད་དེ་ངོས་བཞེས་གནང་མི་འདུག

ལྷོ་ཀོ་རི་ཡའི་ཉེན་རྟོག་ཕྱོགས་ནས་མུ་མཐུད་གནད་དོན་དེར་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། མི་མང་པོ་ཞིག་གིས་ཁོས་རང་ལུས་མེར་བསྲེགས་གཏོང་དོན་ནི་འདས་པའི་ལོ་ཤས་ནས་ཉི་ཧོང་དང་ལྷོ་ཀོ་རི་ཡའི་བར་ཚོང་འབྲེལ་གྱི་དཀའ་རྙོག་མང་པོ་ཡོང་བཞིན་ཡོད་པ་དང་། ཉི་ཧོང་གིས་ལྷོ་ཀོ་རི་ཡར་འཕྲུལ་ལས་ཕྱིར་ཚོང་རིགས་ལ་བཀག་སྡོམ་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བཞིན་པའི་རྐྱེན་གྱིས་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ནི་ཨེ་ཤ་ཡའི་ཨ་རིའི་ཕྱོགས་གཏོགས་ཀྱི་རྒྱལ་ཁབ་གཉིས་ཡིན་ན་ཡང་། ཕྱི་ལོ་ ༡༩༡༠ ནས་ ༡༩༤༥ བར་ཉི་ཧོང་གིས་ལྷོ་ཀོ་རི་ཡར་དབང་བསྒྱུར་བྱས་པའི་རྐྱེན་གྱིས་ཕྱོགས་གཉིས་ཀྱི་མང་ཚོགས་བར་ད་དུང་ཡང་འཁོན་འཛིན་ཡོད་པ་དང་། ལྷོ་ཀོ་རི་ཡའི་མི་མང་གིས་འདས་པའི་ལོ་ངོ་བཅུ་ཙམ་ཞིག་ནས་ལྷོ་ཀོ་རི་ཡའི་ཉི་ཧོང་གཞུང་ཚབ་མདུན་དུ་ཉི་ཧོང་ལ་ངོ་རྒོལ་སྐད་འབོད་དང་། ཐ་ན་ངོ་རྒོལ་སྐབས་མི་ཁ་ཤས་ཁོང་ཁྲོ་ཆེན་པོའི་ངང་སོ་སོའི་མཛུབ་མོ་བཏུབ་པ་དང་། ཉེན་རྟོག་པར་འཁྲུག་འཛིང་ཤོར་བ་སོགས་རྩུབ་སྤྱོད་རིགས་ཀྱང་བྱུང་ཡོད་འདུག

ཐེངས་འདིར་ལྷོ་ཀོ་རི་ཡའི་མི་ཞིག་གིས་ཉི་ཧོང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་བ་ཐེངས་དང་པོ་མ་ཡིན་པར། ཕྱི་ལོ་ ༢༠༡༧ ལོར་དེ་སྔོན་དམག་ཆེན་གཉིས་པའི་སྐབས་སུ་ལྷོ་ཀོ་རི་ཡའི་བུད་མེད་ཧ་ཅང་མང་པོ་ཞིག་ཉི་ཧོང་གིས་ཆགས་སྤྱོད་བྲན་གཡོག་ཏུ་བཀོལ་བའི་གནད་དོན་ཐད་ཀུན་གསབ་སྤྲོད་ཕྱོགས་དང་འབྲེལ་བའི་གྲོས་ཆོད་འཇོག་སྐབས། ལྷོ་ཀོ་རི་ཡའི་ནང་པའི་དགེ་སློང་ཞིག་གིས་གྲོས་ཆོད་དྲང་བདེན་མ་བྱུང་སྐོར་བརྗོད་དེ་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༣ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༥ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese