མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་སྤྱི་ཚོགས་ཡིད་རྟོན་མ་ལག་ཟེར་བ་དེར་ཡིད་གཟབ་བྱོས།

བོད་ཀྱི་དུས་བབ།
༢༠༡༩/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ནང་ཡོད་པའི་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་ལས་ཚོགས་པས་རྒྱ་ནག་གི་ཡིད་རྟོན་མ་ལག་ཟེར་བ་དེས་ཡུ་རོབ་ཀྱི་བཟོ་ཚོང་ཁང་དག་ལ་ཁ་གཏད་གཅོག་པ་དང་ཕྱོགས་རིས་བྱེད་པའི་ནུས་པ་ཡོད་པས་གྲ་སྒྲིག་དགོས་སྐོར་བརྗོད་འདུགདེ་རིང་རྒྱ་ནག་ནང་ཡོད་པའི་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་བའི་ལྷན་ཚོགས་ (European Union Chamber of Commerce in China) ཀྱིས་སྙན་ཐོ་ཞིག་བཏོན་ཏེ། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་རྒྱལ་ཡོངས་སུ་ལག་བསྟར་བྱ་འཆར་ཡོད་པའི་སྤྱི་ཚོགས་ཡིད་རྟོན་མ་ལག་ཟེར་བའི་ལས་གཞི་དེར། ཡུ་རོབ་ཀྱི་བཟོ་ཚོང་ཁང་དག་གཉིད་ལས་སད་དེ་ཡིད་གཟབ་དགོས་པ་དང་། མ་ལག་དེས་ཕྱིའི་བཟོ་ཚོང་ཁང་དག་རྒྱ་ནག་གཞུང་གི་ལངས་ཕྱོགས་དང་འགལ་ཚེ། ཁ་གཏད་གཅོག་པར་བེད་སྤྱོད་གཏོང་སྲིད་པས་ཡུ་རོབ་ཀྱི་བཟོ་ཚོང་ཁང་ཚོས་གྲ་སྒྲིག་བྱེད་དགོས་པའི་ཉེན་བརྡ་བཏང་འདུག

རྒྱ་ནག་ནང་གི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོང་བའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཇི་ཡོག་ཝིཌ་ཀེ་ (Joerg Wuttke) ལགས་ཀྱིས།  རྒྱ་ནག་གཞུང་གིས་ཕྱིའི་བཟོ་ཚོང་ཁང་དག་གི་བྱ་བྱེད་ཐམས་ཅད་མ་ལག་གཅིག་གི་ནང་བླུགས་ཏེ་ཕྱི་ལོ་ ༢༠༢༠ ལོར་ལག་བསྟར་བྱ་འཆར་ཡོད་པ་དང་། ཡུ་རོབ་ཀྱི་བཟོ་ཚོང་ཁང་དག་རྒྱ་ནག་གི་ཉེས་ཆད་དང་ལེན་བྱེད་པར་གྲ་སྒྲིག་མིན་པས། མ་ལག་དེ་ནི་ཕྱིའི་བཟོ་ལས་ཁང་དག་ལ་རང་ཉིད་འཆི་གསོན་གྱི་གོ་བརྡ་ཞིག་ཡིན་ལ། ཡུ་རོབ་གྱི་བཟོ་ཚོང་སྡེ་ཁག་རྣམས་མ་ལག་དེའི་ཐད་གྲ་སྒྲིག་མེད་པ་ནི་བློ་འཚབ་སྐྱེས་དགོས་པ་ཞིག་ཡིན་སྐོར་བརྗོད་འདུག

སྙན་ཐོ་དེའི་ནང་བཀོད་པ་ལྟར་ན། མ་ལག་དེས་བཟོ་ཚོང་ཁང་དག་གི་བྱ་བྱེད་ལ་གནད་དོན་འདྲ་མིན་གྱི་ཐོག་ནས་རང་འགུལ་གྱིས་སྐར་གྲངས་སྤྲོད་པ་དང་། སྐར་གྲངས་ཡག་པོ་ཐོབ་ཚེ་བཟོ་ཚོང་ཁང་ལ་རྔན་པ་སྤྲོད་པ་དང་། སྐར་གྲངས་ཉུང་ངུ་ལས་ལེན་མ་ཐུབ་ཚེ་ཉེས་ཆད་གཅོད་ཀྱི་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་མ་ལག་དེ་བེད་སྤྱད་ནས་ཕྱིའི་བཟོ་ཚོང་ཁང་རེ་འགར་ཆེད་དུ་ཁ་གཏད་མི་གཅོག་པའི་ངེས་པ་མེད་པ་དང་། རང་འགུལ་གྱི་མ་ལག་དེའི་དམིགས་ཡུལ་ནང་བཟོ་ལས་ཁང་དག་ལ་ཕྱོགས་རིས་མེད་སྐོར་བཀོད་ཡོད་ནའང་། མ་ལག་དེ་བེད་སྤྱོད་ཀྱིས་ཕྱིའི་རྒྱལ་ཁབ་ཀྱི་བཟོ་ཚོང་ཁང་དག་ལ་ཁ་གཏད་གཅོག་པ་དང་ཕྱོགས་རིས་བྱེད་པའི་ནུས་པ་ཡོད་སྐོར་བརྗོད་འདུག

ཡང་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གི་ཡིག་ཆའི་ནང་མ་ལག་དེ་ཡོངས་སུ་ལག་བསྟར་བྱས་ཚེ་རྒྱ་ནག་ནང་གི་བཟོ་ཚོང་ཁང་དག་ལ་ཁྲལ་དང་ཁོར་ཡུག་སྲུང་སྐྱོབ། ཐོན་རྫས་ཀྱི་སྤུས་ཀ་དང་དྲ་བའི་བདེ་འཇགས། ལས་གནས་ཀྱི་བདེ་འཇགས་སོགས་དོན་ཚན་ ༣༠ ཐོག་སྐར་གྲངས་སྤྲོད་ཀྱི་ཡོད་པ་དང་། བཟོ་ཚོང་ཁང་དག་ལ་ཆ་རྐྱེན་ ༣༠༠ ཙམ་ཡོད་འདུག་ལ། མ་ལག་དེའི་ནང་མཚམས་རེར་བཟོ་ལས་ཁང་གཅིག་གི་ས་གནས་ཚོང་ཁང་ཞིག་གམ་འབྲེལ་ཡོད་ཀྱི་བཟོ་ཚོང་ཁང་ཞིག་གི་བྱས་ཉེས་བྱུང་ཚེ། བཟོ་ཚོང་ཁང་དེ་རྒྱ་ནག་གཞུང་གི་ཐོ་གཞུང་ནག་པོའི་ནང་བཅུག་སྲིད་པ་མ་ཟད། བཟོ་ཚོང་ཁང་ཞིག་གི་ལས་བྱེད་ཅིག་གིས་སྒེར་གྱི་ཁྲལ་སོགས་མ་འཇལ་བར་སྤྱི་ཚོགས་ཡིད་རྟོན་མ་ལག་གི་སྐར་གྲངས་དམའ་བོ་ཆགས་ན།  བཟོ་ཚོང་ཁང་དེའི་སྤྱི་ཚོགས་ཡིད་རྟོན་མ་ལག་གི་སྐར་གྲངས་མར་ཆགས་སྲིད་ཀྱི་ཡོད་སྐོར་བཀོད་འདུག

ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོང་བའི་ལྷན་ཚོགས་དེའི་ཁྱབ་ཁོངས་སུ་ཡུ་རོབ་ཀྱི་བཟོ་ཚོང་གྲངས་ ༡༦༠༠ ཙམ་ཡོད་འདུག་ལ། སྙན་ཐོ་དེ་འབྲི་མཁན་གཙོ་བོ་ཉམས་ཞིབ་པ་དང་ཚོང་ལས་ཆེད་མཁས་པ་བྷ་རྗོན་ཁོན་ར་དྷི་ (Bjorn Conrad) ཡིས། སྤྱིར་ཕྱིའི་བཟོ་ཚོང་ཁང་རེ་འགར་ཆེད་དུ་ཁ་གཏད་གཅོག་རྒྱུ་ནི་སྤྱི་ཚོགས་ཡིད་རྟོན་མ་ལག་བཟོ་དགོས་པའི་དམིགས་ཡུལ་མིན་ནའང་། རྒྱ་ནག་གཞུང་གི་ལངས་ཕྱོགས་དང་ལྟ་བར་འགལ་ཚེ་མ་ལག་དེ་སྤྱད་ནས་ཕྱིའི་བཟོ་ཚོང་ཁང་ལ་ཁ་གཏད་གཅོག་སྲིད་པ་ཞིག་རེད། ཅེས་བརྗོད་འདུག

རྒྱ་ནག་གཞུང་གིས་སྤྱི་ཚོགས་ཡིད་རྟོན་མ་ལག་ཟེར་བ་དེ་ནི། ཚོང་ལས་མཉམ་སྒྲུབ་དང་དཔལ་འབྱོར་སྒྲིག་གཞི་སྲ་བརྟན་གཏོང་ཐབས། སྤྱི་ཚོགས་ཚོང་ལས་བཅོས་སྐྱོང་བཅས་བྱས་ཏེ་ཚོང་ལས་དང་ཁེ་ལས་བ་ཚོས་ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་ལ་གཏོར་བཤིག་མི་ཡོང་བ་དང་། དཔལ་འབྱོར་གྱི་ཧམ་སེམས་ལ་བརྟེན་ནས་ནག་ཚོང་རིགས་དང་། ཁྲིམས་མཐུན་མིན་པའི་ཚོང་ལས་གཉེར་ཕྱོགས་ལ་དོ་དམ་བྱེད་ཐབས་ཤིག་ཡིན་སྐོར་བརྗོད་ཡོད་ན་ཡང་། ཕྱི་ལོ་ ༢༠༡༤ ནང་རྒྱ་ནག་གཞུང་གིས་སྤྱི་ཚོགས་ཡིད་རྟོན་མ་ལག་ཟེར་བའི་ལས་གཞི་བརྩམས་པ་ནས་བཟུང་། བོད་དང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་སོགས་ཀྱི་གཙོས་ས་ཁུལ་མང་པོ་ཞིག་ཏུ་དོགས་ཟོན་མྱུལ་ཞིབ་གྱི་ལས་གཞི་ཧ་ཅང་ཤུགས་ཆེ་རུ་བཏང་སྟེ། གཞུང་ལམ་གྱི་གསང་བའི་བརྙན་མིག་དང་ལག་ཐོག་ཁ་པར། བརྙན་འཕྲིན་སོགས་བརྒྱུད་གདོང་རིས་པར་ལེན་འཕྲུལ་ཆས་དང་སྐད་གདངས་ངོས་འཛིན་མ་ལག་སོགས་སྤྱད་དེ། རྔན་སྤྲོད་དང་ཆད་གཅོད་ཀྱི་ཐབས་བྱུས་འོག་མི་སྒེར་གྱི་འགྲོ་འདུག་སྤྱོད་གསུམ་དང་རང་དབང་ལ་སྟངས་འཛིན་བྱེད་པའི་སྔོན་འགྲོའི་ལས་གཞི་ལག་བསྟར་བྱེད་མགོ་བརྩམས་ཡོད་པ་དང་།  ཕྱི་ལོ་ ༢༠༢༠ ལོར་ལས་གཞི་དེ་ཡོངས་སུ་གྲུབ་པ་བྱས་ཏེ་རྒྱལ་ཡོངས་སུ་ལག་བསྟར་བྱ་འཆར་ཡོད་འདུག

  གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

ཆུ་ཚོད་ ༥ སྔོན་ལ།
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese