མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ། རྒྱ་ནག་གི་ལྷོ་ཨེ་ཤ་ཡའི་སྒོ་ཆེན།

བོད་ཀྱི་དུས་བབ།
༢༠༠༨/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

མི་ནག་ཚང་།
ཕྱི་ཚེས་ ༨ ཉིན་རྒྱ་ནག་གི་བདེ་སྲུང་བློན་ཆེན་ཚོའོ་ཀང་ཁྲོན་གྱིས་པེ་ཅིན་ནས་བལ་བོའི་སྤྱི་ཁྱབ་དམག་དཔོན་ཆེན་མོ་ རོ་ཁུ་མན་གྷོ་ཌུ་ ཁ་ཊ་ཝལ་ ལ་སྣེ་ལེན་བྱས་ཏེ། ཕྱོགས་གཉིས་བར་གྱི་མཐུན་གྲོགས་དང་དམག་དོན་གྱི་འབྲེལ་བ་ཇེ་དོམ་དུ་བཏང་སྟེ། མངའ་ཁུལ་ཞི་བདེ་དང་བརྟན་ལྷིང་། ཐུན་མོང་གི་ཡར་རྒྱས་བཅས་ཀྱི་ཆེད་དུ་མཉམ་འབྲེལ་གྱིས་ཧུར་བརྩོན་བྱེད་རྒྱུ་ཡིན་ཚུལ་བརྗོད་ཡོད་ལ། ཁ་ཊ་ཝལ་གྱི་ཐོག་མཐའ་བར་གསུམ་དུ་བལ་ཡུལ་གྱིས་རྒྱ་ནག་གཅིག་གི་སྲིད་བྱུས་དམ་འཛིན་བྱེད་ཀྱི་ཡོད་ཚུལ་བརྗོད་ཡོད་པ་རེད། འདི་ནི་རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་འདས་པའི་ཟླ་ངོ་ ༢༠ ལྷག་གི་རིང་ཕན་ཚུན་བར་གཞུང་འབྲེལ་འཚམས་གཟིགས་དང་རིག་གནས་བརྗེ་རེས་རིམ་པར་བྱས་པའི་ལས་རིམ་རྗེས་མ་དེ་ཡིན་ལ། རྒྱ་ནག་དབུས་གཞུང་ནས་ཚུར་ཀ་ཐུ་མན་གྲུར་སླེབས་པའི་མགྲོན་པོ་མཐའ་མ་ནི་ཕྱི་ཟླ་ ༡༢ པའི་ཚེས་ ༡༨ ཉིན་བལ་ཡུལ་ལ་སླེབས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཕྱི་འབྲེལ་ལྷན་ཁང་གི་བློན་ཆེན་གཞོན་པ་ཀྲང་ཀྲི་ཅུན་ཡིན། ད་ལྟ་བལ་ཡུལ་གྱིས་ཡང་བསྐྱར་རྒྱ་ནག་གི་མགྲོན་པོ་གལ་ཆེན་ཞིག་ལ་སྣེ་ལེན་བྱེད་པར་སྒུག་ཡོད་ཅིང་། ཁོང་ནི་ཀྲུང་གོ་རིག་གནས་ཅུའུ་ཡི་བློན་ཆེན་གཞོན་པ་ཀྲེན་ཞིན་མའོ་ཡིན་པ་དང་། ཕྱི་ཟླ་ ༣ པའི་ནང་བལ་ཡུལ་དུ་ཡོང་ཐུབ་པའི་རེ་བ་རྒྱག་གིན་ཡོད་པ་རེད། འདི་ལྟར་ད་ལྟ་བལ་ཡུལ་དང་རྒྱ་ནག་གཉིས་ཀྱི་མགྲོན་ལམ་ཇེ་ཡངས་དང་འབྲེལ་ཐག་ཇེ་དོམ་དུ་འགྲོ་གིན་ཡོད།
ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་ཁང་འདིར་དུས་དང་བསྟུན་པའི་འགྱུར་ལྡོག་ཆེན་པོ་ཞིག་བྱུང་སྟེ། བལ་ཡུལ་འདི་རྒྱལ་རྒྱུད་སྲིད་གཞུང་གི་ལམ་ལུགས་ནས་བལ་ཡུལ་སྤྱི་མཐུན་རྒྱལ་ཁབ་ཅིག་ལ་གོམ་པ་སྤོས་ཤིང་། རྒྱལ་ཁབ་ཀྱི་ཆབ་སྲིད་དང་ལམ་ལུགས་དང་སྲིད་གཞུང་བརྗེ་ལེན་ལོ་རྒྱུས་ཀྱི་ཤོག་ངོས་གསར་པ་དེ་ཕྱེ་དུས། རྒྱ་ནག་ནི་ཡུལ་འདིར་མིག་ཤོར་མཁན་དང་ལག་བསྲིང་མཁན་སྔ་ཤོས་སུ་གྱུར་ཡོད་ལ། འདས་པའི་ལོ་གཅིག་ལྷག་གི་རིང་ནས་རྒྱ་ནག་གིས་བལ་ཡུལ་གྱི་ཆབ་སྲིད་འཕོ་འགྱུར་དང་། ཡུལ་གོམས་དང་རིག་གནས་འདུ་ཤེས། སྤྱི་ཚོགས་ཀྱི་གྲུབ་ཆ་ཚང་མར་སྔ་ཕྱི་བར་གསུམ་དུ་རྟོག་ཞིབ་བསྐྱར་དུ་བྱས་ཤིང་། རྒྱ་ནག་གཞུང་དང་སྤྱི་ཚོགས་ཀྱི་སྡེ་ཚན་རིམ་པ་འདྲ་མིན་གྱིས་བལ་ཡུལ་ནང་གི་སྲིད་དོན་དང་དམག་དོན། སྤྱི་ཚོགས་ཀྱི་གྲུབ་ཆ་རེ་རེ་བཞིན་དུ་འབྲེལ་གཏུགས་དང་རྒྱུས་ལོན་བྱེད་ཀྱིན་ཡོད་ལ། བལ་ཡུལ་ནི་རྒྱ་ནག་གི་ལྷོ་ཨེ་ཤ་ཡའི་སྒོ་ཆེན་དང་པོར་བརྩིས་ཡོད།
རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་ད་ལྟའི་མཛའ་འབྲེལ་འདིའི་ས་བོན་བཏབས་ནས་ལོ་གཅིག་འཁོར་གྲབས་ཡོད། ཐེངས་དང་པོ་ནི་ ༢༠༠༦ ལོའི་ཟླ་གསུམ་པའི་ནང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཐང་ཇྰ་ཞོན་བལ་ཡུལ་ལ་རྒྱལ་དོན་གཟིགས་སྐོར་ལ་ཡོང་བ་དེ་ཡིན་ཞིང་། ཁོའི་ལྟ་སྐོར་དེ་ནི་ཏག་ཏག་བལ་ཡུལ་གྱི་ཕྱི་ཟླ་བཞི་པའི་ནང་སྲིད་དབང་རྗེས་སྐབས་ཀྱི་ཟླ་གཅིག་གི་སྔོན་དུ་འཁེལ་ཡོད། ཉེ་ཆར་བལ་ཡུལ་གྱི་རྒྱ་ནག་ཞིབ་འཇུག་ལྟེ་གནས་ཁང་གི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨུ་པན་ཌུ་ར་ གྷུ་ཊམ་ལགས་ཀྱིས་བརྗོད་པ་ལྟར་ན། འདས་པའི་ལོ་གཅིག་ལྷག་གི་རིང་བལ་ཡུལ་དུ་རྟོག་ཞིབ་བྱེད་པར་ཡོང་མཁན་རྒྱ་ནག་གི་ཚོགས་པ་དང་སྒྲིག་འཛུགས་གལ་ཆེན་ཁག་ནི། ཀྲུང་གོའི་རྒྱལ་སྤྱིའི་གྲོགས་པོའི་འབྲེལ་གཏུགས་ཚོགས་པ་དང་། ཀྲུང་གོའི་རྩོམ་སྒྲིག་པའི་ཚོགས་པ་དང་། ཀྲུང་གོའི་དེང་རབས་རྒྱལ་སྤྱིའི་འབྲེལ་གཏུགས་སྡེ་ཁག ཀྲུང་གོའི་རྒྱལ་སྤྱིའི་གོ་རྟོགས་ལྷན་ཚོགས། ཀྲུང་གོའི་རྒྱལ་སྤྱིའི་ཞིབ་འཇུག་ཁང་། ཀྭང་ཏོན་དཔལ་འབྱོར་དང་ཚོང་ལས་དང་མཉམ་འབྲེལ། ཧྲང་ཧེ་ཝན་ཞིན་གསར་འགོད་མཐུན་ཚོགས། ཀྲུང་གོའི་བོད་ཀྱི་རིག་གཞུང་རྒྱུད་འཛིན་དང་འཕེལ་རྒྱས་ལྷན་ཚོགས་སོགས་ཡིན་ལ། གོང་གསལ་ཚོགས་པ་འདི་དག་གིས་ ༢༠༠༦ ལོའི་ཕྱི་ཟླ་ ༤ པ་ནས་ ༢༠༠༧ ལོའི་ཕྱི་ཟླ་ ༡༢ བར་དུ་བལ་ཡུལ་ནང་ལྟ་སྐོར་དང་རྟོག་ཞིབ་བྱས་ཡོད་འདུག ཕྱི་ཟླ་ ༡༢ ཉིན་ལྔའི་རིང་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་སྲི་ཐར་ཡང་བལ་ཡུལ་དུ་ཡོང་ཡོད་པ་རེད། ཁོང་ནི་ཕྱི་ཟླ་ ༡༢ པའི་ནང་ཀ་ཐུ་མན་གྲུར་ཚུགས་པའི་ཀྲུང་གོའི་བོད་ཀྱི་རིག་གཞུང་གླེང་སྟེགས་ཞེས་པ་དེའི་ཐོག་ཡོང་བ་ཡིན་ལ། གླེང་སྟེགས་དེར་བལ་བོ་དང་རྒྱ་ནག་བོད་བཅས་ནས་ཞིབ་འཇུག་པ་དང་དཔྱད་ཞིབ་པ་ཆེད་མཁས་པ་ ༢༡ མཉམ་ཞུགས་བྱས་ཡོད།
རྒྱ་ནག་གི་མཐོ་རིམ་མི་སྣ་དང་སྤྱི་ཚོགས་ཀྱི་སྡེ་ཚན་འདི་དག་ཡོང་ཐེངས་རེར་བལ་ཡུལ་གྱི་བར་བརྒལ་སྲིད་གཞུང་འདི་བརྟན་ལྷིང་ངང་འཕོ་འགྱུར་ཐུབ་པ་དང་། རྒྱལ་ཁབ་གཉིས་བར་གྱི་མཛའ་འབྲེལ་གཏིང་ཇེ་ཟབ་དང་དཔལ་འབྱོར་དང་དམག་དོན་གྱི་འབྲེལ་བ་གོང་སྤེལ་བྱེད་རྒྱུ། བོད་འདི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཚུལ་གྱི་ཆབ་སྲིད་དྲིལ་བསྒྲགས་ཤུགས་ཆེར་བྱེད་ཀྱིན་པ་མ་ཟད། བལ་ཡུལ་དང་རྒྱ་ནག་གི་བར་གནའ་སྔ་མོ་ནས་འབྲེལ་བ་ཡོད་ལ། བལ་ཡུལ་བརྒྱུད་དེ་བོད་ཀྱི་རིག་གཞུང་འདིའི་ཁ་འཛམ་གླིང་དུ་ཕྱོགས་ཐུབ་སྐོར་སོགས་བསྒྲགས་ཡོད་པ་རེད།
རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་བར་འཛུགས་སྐྲུན་ལས་འཕོས་པའི་བརྗོད་གཞི་གལ་ཆེན་ཞིག་ནི། པེ་ཅིན་ནས་ལྷ་སར་འཐེན་པའི་མེ་འཁོར་ལྕགས་ལམ་དེའང་མ་འོངས་པར་གཞིས་ཀ་རྩེ་བར་དང་། དེ་ནས་བལ་ཡུལ་བར་དུ་འཐེན་རྒྱུའི་སྐོར་བརྗོད་ཡོད་ལ། ཉིན་ཤས་སྔོན་བལ་ཡུལ་གྱི་གསར་འགོད་པ་ཞིག་གིས་ཀ་ཐུ་མན་གྲུར་སླེབས་པའི་ཀྲུང་གོའི་བོད་ཀྱི་རིག་གཞུང་གཅེས་འཛིན་དང་འཕེལ་རྒྱས་ལྷན་ཚོགས་ཀྱི་འགན་འཛིན་ཚེ་དབང་འགྱུར་མེད་ལ་བཅར་འདྲི་བྱས་སྐབས་ཀྱང་། བལ་བོད་བར་གྱི་གཞུང་ལམ་དང་ལྕགས་ལམ་ནི་རྒྱལ་ཁབ་གཉིས་བར་གྱི་ཚོང་ལས་དང་རིག་གཞུང་བརྗེ་རེས་ཀྱི་དགོས་མཁོ་གལ་ཆེན་ཞེག་ཆགས་ཡོད་སྟབས། མངོན་འགྱུར་ཐུབ་འོས་པ་ཞིག་ཡིན་སྐོར་བརྗོད་ཡོད་ལ། བལ་ཡུལ་གཞུང་གིས་ཀྱང་པེ་ཅིན་ལ་ལྕགས་ལམ་དེ་མྱུར་དུ་བལ་ཡུལ་ལ་འཐེན་རྒྱུའི་རེ་སྐུལ་བྱས་ཡོད་པ་མ་ཟད། བོད་ནས་བལ་ཡུལ་བར་དུ་གཞུང་ལམ་ཆེན་པོ་གསར་པ་ཞིག་འཐེན་འཆར་གྱི་མིང་རྟགས་ཀྱང་བཀོད་ཚར་ཡོད་པ་རེད། ལར་ནས་བལ་ཡུལ་ནི་རྒྱ་ནག་གི་ཁྲོམ་ར་གལ་ཆེན་ཞིག་ཆགས་མི་ཐུབ་ལ། ཐོན་ཁོངས་ཆེན་པོ་ཞིག་ཀྱང་མིནའང་། བལ་ཡུལ་དང་བོད་ཀྱི་བར་དུ་རྒྱང་ཐག་ཀེ་ལོ་མི་ཊར་ ༡༤༠༠ ཡི་ས་མཚམས་ཡོད་སྟབས། ཡུལ་བབ་སྲིད་བྱུས་ཀྱི་ཐོག་ནས་བལ་ཡུལ་ནི་ད་ཆར་རྒྱ་ནག་གི་ནུབ་རྒྱུད་སྲ་བརྟན་གྱི་འཐབ་བྱུས་འདིང་ས་གལ་ཆེན་དུ་གྱུར་ཡོད་སྟབས། དབུས་དང་མངའ་ཁུལ་རིམ་པའི་འབྲེལ་ཡོད་མི་སྣ་དག་གིས་རྒྱལ་ཁབ་ཕན་ཚུན་བར་འཚམས་གཟིགས་དང་རིག་གཞུང་དང་བསམ་ཚུལ་བརྗེ་རེས་ཀྱི་ལས་རིམ་སྟར་ཆགས་སུ་གོ་སྒྲིག་བྱས་ཡོད་ལ། འབྱུང་འགྱུར་གྱི་ལོ་ཤས་ནས་རྒྱ་ནག་གི་དབང་ཤུགས་དེ་ལྷོ་ཨེ་ཤ་ཡའི་ནང་སླེབས་ངེས་པར་འདུག་གོ །

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༤ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese