མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ར་ཤི་ཡ་དང་ཨ་རིའི་འགལ་ཟླ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

ར་ཤི་ཡའི་སྲིད་འཛིན་གསར་པ་ཌ་མི་ཊི་རི་ ཨེ་ མེད་ཝེ་ཌེ་ཧྥུ་ཡིས་གསར་འགོད་པར་བརྗོད་དོན། དོན་དངོས་ཐོག་འ་ཆད་འུ་ཐུག་གི་ཨ་རི་ལྟ་བུས་རྒྱལ་ཁབ་གཞན་རྣམས་ལ་ལས་དོན་སྒྲུབ་ཕྱོགས་ཀྱི་བཀའ་སློབ་གནང་རྒྱུའི་འོས་ཡོད་པ་མ་རེད་ཟེར།
ཨ་རིའི་གཞུང་གིས་ར་ཤི་ཡའི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐྱོ་བོ་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། ཨ་རིའི་སྲིད་འཛིན་གྱི་འོས་གཞི་རྗོན་མ་ཁིན་གྱིས་ཐ་ན་ར་ཤི་ཡའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐབས་རྡུགས་ཀྱི་ངོ་བོར་ལྷག་ཡོད་སྟབས། ཉིན་ཤས་རྗེས་ཉི་ཧོང་དུ་འཚོགས་འཆར་གྱི་རྒྱལ་ཁབ་ ༨ ཀྱི་ཚོགས་ཆེན་སྟེང་འགོག་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད། ར་ཤི་ཡའི་སྲིད་འཛིན་གྱིས་བརྗོད་དོན། བསྐྱར་དུ་གསོན་པའི་ར་ཤི་ཡར་མཚོན་ན་འཛམ་གླིང་གི་དཔལ་འབྱོར་གྱི་མ་ལག་ཁྲོད་འགན་ཆེན་པོ་ཞིག་ལེན་རྒྱུའི་ཐོབ་ཐང་ཡོད་པ་རེད། འདི་ཨ་རི་གཅིག་པུས་ཁ་ལོ་བསྒྱུར་བསྡད་ན་འགྲིག་གི་མ་རེད་ཅེས་དང་། དམངས་གཙོའི་གནད་དོན་ནི་རྒྱལ་ཁབ་ ༨ ཀྱི་ཚོགས་ཆེན་དེར་འབྲེལ་བ་མི་འདུག ཕྱོགས་གཞན་ནས་བཤད་ན། ཚོགས་ཐོག་དེར་ཞུགས་ཆོག་དང་མི་ཆོག་གི་ཐད་ནས་ཨ་རི་ལ་གནད་དོན་མང་བ་ཡོད་པ་རེད་ཅེས་ལན་འདེབས་བྱས་ཡོད་པ་རེད། ཁོང་གིས་མུ་མཐུད་ནས་བརྗོད་དོན། རྒྱལ་ཁབ་བརྒྱད་གནས་པ་དེ་ནི་གཞན་ཞིག་དེ་ལ་དགའ་དང་མི་དགའ་ལ་བརྟེན་ཡོད་པ་མ་རེད། ཁོའི་དམིགས་ཡུལ་གཞིགས་བཟུང་། ཁོང་ཚོ་ནི་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་དག་རེད་ལ། རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་བྱུས་ཀྱི་ཐོག་ནས་བཤད་ནའང་། གནད་འགག་གི་རྩེད་མོ་རྩེས་མཁན་དག་རེད། སུ་ཞིག་གིས་འདི་དག་གི་གང་རུང་ལ་འགོག་སྡོམ་བྱེད་རྩིས་བྱས་ཚེ་འཛམ་གླིང་གི་གོ་རིམ་ཡོངས་རྫོགས་འཐོར་འགྲོ་གི་རེད་ཅེས་བརྗོད་ཡོད་པ་རེད།
ར་ཤི་ཡའི་སྲིད་འཛིན་གྱིས་ཕྱི་ཚེས་ ༡ ཉིན་སྟེ། ཨ་རིའི་ནོར་སྲིད་དྲུང་ཆེ་ར་ཤི་ཡར་ཕེབས་ཏེ། ར་ཤི་ཡས་ཨ་རིའི་ནང་མ་འཛུགས་བྱེད་དགོས་སྐོར་འབོད་སྐུལ་ཞུས་པའི་ཕྱི་ཉིན་དེར་གསར་འགོད་པ་སྐོར་ཞིག་ལ་བརྗོད་ཡོད་པ་རེད། ཨ་རིའི་ནོར་སྲིད་དྲུང་ཆེ་ར་ཤི་ཡར་ཡོང་བ་དེ་ནི་སྔོན་མ་ར་ཤི་ཡའི་དཔལ་འབྱོར་ཉམས་ཤིང་རྒྱལ་ཁབ་དེས་ནུབ་ཕྱོགས་ཀྱི་རོགས་དངུལ་མི་སློང་ཐབས་མེད་དུ་གྱུར་རྗེས་ནས་ལོ་བཅུ་ཕྲག་གཅིག་ཏག་ཏག་འགོར་ཡོད་པ་རེད།
ར་ཤི་ཡའི་སྲིད་འཛིན་གྱིས་མུ་མཐུད་ནས་བརྗོད་དོན། གལ་སྲིད་ཨ་རི་དོན་དག་མང་པོ་ཞིག་གི་ཐོག་ནས་རྒྱལ་འདོད་ན། ཨ་རི་སྲིག་གཞུང་གང་ཡིན་ནའང་ཁོང་ཚོའི་དཔལ་འབྱོར་གྱི་ཉམས་ཉེས་ཆེན་པོ་དེ་ལས་ཐར་དགོས་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གང་དུའང་དངོས་ཡོད་ལ་འཚམ་པའི་སྲིད་བྱུས་ཤིག་འདིང་དགོས་པ་རེད། ཅེས་དང་། འཛམ་གླིང་གི་དཔལ་འབྱོར་དང་མ་དངུལ་གྱི་ཉས་ཉེས་ལ་བལྟས་ན། རྒྱལ་སྤྱིའི་དབུ་ཁྲིད་དག་གིས་འཛམ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་གནས་སྟངས་འདིར་བསྐྱར་ཞིབ་ཅིག་བྱེད་རན་འདུག་ཅེས་བརྗོད་ཡོད་ལ། ཁོང་གིས་དམིགས་བཀར་གྱིས་བཤད་མེད་ནའང་། གོ་བརྡ་སྤྲོད་ས་ནི། ཨ་རིའི་ཤུགས་རྐྱེན་འདི་རྒྱ་ཆུང་དུ་གཏོང་རྒྱུ་ཡིན་ཚུལ་འདུག་ལ། ཁོང་གིས་བརྗོད་དོན། དཔལ་འབྱོར་ངེས་པར་དུ་ཡར་རྒྱས་ལ་གཏོང་དགོས་པར་འདུག དུས་ཐོག་དང་བསྟུན་དགོས་པར་འདུག ཉེན་ཁ་ལས་སྲུང་སྐྱོབ་ནན་མོ་བྱེད་དགོས་ཀྱི་འདུག འདི་རྒྱལ་ཁབ་ཀྱི་ཞེན་ཁོག་དང་དངུལ་ལོ་དང་དཔལ་འབྱོར་གྱི་ཞེན་ཁོག་གི་དབང་དུ་མ་གྱུར་བ་ཞིག་དགོས་ཀྱི་འདུག རྒྱལ་ཁབ་གཞན་པ་དག་ལ་ལུགས་མཐུན་གྱིས་བསྟུན་དགོས་ཀྱི་འདུག འདི་ནི་ར་འཕྲོད་གསལ་བོ་རེད། འདི་རྒྱལ་ཁབ་གཅིག་དང་དངུལ་ལོ་གཅིག་ལ་ཁ་སྐོར་ནས་ལས་ན་འགྲིག་གི་མི་འདུག་ཅེས་སོགས་བརྗོད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༡ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༢༢ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

༢༠༢༦/༠༦/༢༣
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢

མཆན། 1

  1. ལྷ་་སྤྱན་གསུམ་པ says:
    ལོ་ 15 སྔོན།

    འདི་ཡག་པོ་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese