མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཡུ་རོབ་ཁྲིམས་འོག་གི་ར་ཤི་ཡ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp

ལོ་བཅུའི་ཡར་སྔོན་ལ་ར་ཤི་ཡས་ཡུ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་ལ་ངོས་ལེན་གྱིས་དེའི་ནང་མཉམ་ཞུགས་བྱས་པ་རེད། འོན་ཀྱང་། ཡུ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཁང་ནང་གཏུགས་བཤེར་བྱེད་མཁན་གྱི་བརྒྱ་ཆ་ཉི་ཤུ་ནི་ར་ཤི་ཡ་ནས་ཡོང་གི་ཡོད་པ་རེད།
ལོ་བཅུའི་ཡར་སྔོན་སྟེ། ༡༩༩༨ ལོའི་ཕྱི་ཟླ་ ༥ ཚེས་ ༥ ཉིན་ར་ཤི་ཡ་ནི་ཡུ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་སྲུང་སྐྱོབ་ཀྱི་བཀའ་རྩ་ཁྱབ་བསྒྲགས་ཀྱི་ནང་ཞུགས་པ་རེད། འདིའི་གོ་དོན་ནི་དུས་དེ་ནས་བཟུང་ར་ཤི་ཡའི་ལུང་པ་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་རིགས་ཡུ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཁང་ནང་གཏུགས་བཤེར་བྱས་ན་ར་ཤི་ཡས་ངོས་ལེན་བྱེད་རྒྱུའི་དོན་རེད།
ཐོག་མ་དེར། བཀའ་རྩ་དེར་ཁས་ལེན་མཚན་རྟགས་བཀོད་པ་དེ་ར་ཤི་ཡ་ནས་མཐོང་རྒྱུ་མེད། དེ་ལ་ཤུགས་རྐྱེན་ཅི་ཡང་མེད་དེ། དཔེར་ན། རྩོད་རྙོག་ཡོད་སའི་བྱང་ཕྱོགས་ཁོ་ཁ་ས་སི་མངའ་ཁུལ་དུ་དམག་མི་བཀོད་འདོམ་དང་མངགས་སྟངས་ལྟ་བུ་རེད། དམག་མི་འདི་དག་གིས་ཁྲིམས་བཤེར་མེད་པར་སྲོག་ཐོག་ལ་གཏོང་བ་དང་། ཞིབ་འཇུག་མེད་པར་འབར་གས་གཡུག་པ། མནར་གཅོད། བཙན་ཤེད་ཀྱི་འོག་བོར་བརླགས་ལ་ཕྱིན་པ། ཁྲིམས་འགལ་གྱིས་འཛིན་བཟུང་བྱེད་པ་སོགས་ནི་ཡུ་རོབ་ཀྱི་བཀའ་རྩ་ཁྱབ་བསྒྲགས་ལ་ཐུན་མོང་གི་འབྲེལ་བ་ཅི་ཡང་མེད།
ཡུ་རོབ་ཀྱི་ཁྲིམས་ཁང་འདི་སི་ཊ་སི་སྦག་ཏུ་ཡོད་ལ། ༢༠༠༢ ལོའི་བར་དུ་གྱོད་གཞི་ཞིག་གི་ཐོག་མའི་ཐག་དེ་གཅོད་ར་ཤི་ཡར་ཁ་གཏད་པ་ཞིག་མེད་ལ། ༢༠༠༥ ལོའི་བར་དུ་ཐག་གཅོད་འདི་ལྟ་བུ་ནི་དཀོན་ནའང་གསར་འགྱུར་བརྒྱུད་ལམ་ཁག་ན་ཡོངས་གྲགས་ཀྱིས་འགོད་ཀྱིན་ཡོད་ཅིང་། ར་ཤི་ཡའི་གཞུང་གིས་གཟབ་ནན་གྱིས་དོ་སྣང་བྱེད་ཀྱི་ཡོད་པ་ལྟར་སྣང་། འོན་ཀྱང་། ལོ་མཐའ་མ་འགའི་རིང་དེར་ར་ཤི་ཡ་དང་ཡུ་རོབ་ཁྲིམས་ཁང་འདི་གཉིས་ཀྱི་འབྲེལ་བ་འདི་རྣམ་པ་གསར་པ་དང་འཕེལ་ཕྱོགས་མི་འདྲ་བ། གཏན་འཇགས་ཀྱི་ངོ་བོ་ཞིག་ལ་ཕྱིན་ཡོད།
སི་ཊ་སི་སྦག་འོག་གི་ལོ་བཅུ་དེར་ཕྱིར་བལྟས་བྱས་ཚེ། ཉེ་བའི་ལོ་ཤས་ནས་བཟུང་ར་ཤི་ཡ་ནས་ཞུ་གཏུགས་བྱས་པ་ལྟ་བུ་ཞིག་ཡུལ་ལུང་གང་ནས་ཀྱང་ཡོང་གི་མེད་ལ། སི་ཊ་སི་སྦག་ལ་གཏུགས་པའི་གྱོད་གཞི་བརྒྱ་ཆའི་ ༢༠ ནི་ར་ཤི་ཡ་ནས་ཡོང་ཡོད་ལ། འདི་དག་གི་ཁྲོད་ནས་བརྒྱ་ཆ་ ༩༨ ནས་ ༩༩ ནི་གཞི་མེད་དུ་གྱུར་ཡོད། ཁྲིམས་དཔོན་གསུམ་ཡོད་པ་དེ་དག་སྤྱི་མོས་ཐོག་གྱོད་གཞི་ཞུ་གཏུགས་རིགས་ལ་ངོས་ལེན་མ་བྱས་པར་བརྟེན་ཁྲིམས་ཁང་གིས་གཞུང་ལ་སྙན་ཐོའང་ཕུལ་མེད། ཁྲིམས་ཁང་གིས་གྱོད་དོན་དེ་དག་གི་བརྒྱ་ཆ་ ༡ ནས་ ༢ ལ་ངོས་ལེན་བྱས་ཡོད་ཅིང་། ཁོང་ཚོས་མཐའ་མའི་ཐག་གཅོད་བྱས་ཚར་བའི་གྱོད་གཞིའི་གྲངས་འབོར་ ༥༠༠ བརྒལ་ཡོད་འདུག ཐག་གཅོད་འདི་དག་ཀྱང་ར་ཤི་ཡའི་ཁྲིམས་ཁང་ནང་དུ་ཡུན་རིང་ཉན་ཞིབ་བྱས་པ་དང་། ར་ཤི་ཡའི་ཁྲིམས་ཁང་གིས་དམངས་གྱོད་ལ་གཞི་རྩ་མེད་པའི་ཐག་གཅོད་བྱས་པ། ར་ཤི་ཡའི་ཁྲིམས་ཁང་གིས་ཁྲིམས་གཅོད་བྱས་པའི་བརྒྱུད་རིམ་ལ་བསྐྱར་ཞིབ་བྱེད་དགོས་སྐོར་ཞུ་སྦྱོར་བས་རེ་སྐུལ་ཞུས་པ། བཙོན་འཇུག་ཡུན་རིང་བྱས་པར་གཞི་རྩ་མེད་པའི་རིགས་བཅས་ལ་གཞི་ནས་ཡུ་རོབ་ཁྲིམས་ཁང་གིས་མཐའ་མའི་ཐག་གཅོད་བྱས་པའི་གྲས་ཡིན། ད་ཆར་ར་ཤི་ཡ་ནས་དཀའ་ངལ་འཕྲད་མཁན་གཙོ་བོ་ནི་ཅེ་ཅེ་ནི་ཡའི་རང་བཙན་འཐབ་རྩོད་པ་སོགས་ཡིན་འདུག ཡུ་རོབ་ཁྲིམས་ཁང་ནས་ངོས་ལེན་བྱེད་ཀྱིན་མེད་པའང་ཁོང་ཚོའི་ཞུ་གཏུགས་རིགས་ཡིན་འདུག

མཆན། 1

  1. སྒྲོལ་མ། says:
    ལོ་ 13 སྔོན།

    དོན་དངོས་ཀྱི་སྐྱོ་གནས་ཤིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist