མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚན་རིག་དང་མཐུན་པ་ཞིག་ཅིས་ཀྱང་འབད་བརྩོན་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་རྩོམ་སྒྲིག་པ་མཆོག་གི་དྲུང་དུ།
                                             ཆེད་ཞུ།
        བོདཀྱི་དུས་བབ་གསར་ཁང་བཙུགས་ནས་ལོ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་བྱེད་པའི་སྐབས་དང་བསྟུན། ལོ་བཅུའི་དུས་བབ་གསར་ཤོག་བཀླགས་པའི་ཚོར་སྣང་དང་འབྱུང་འགྱུར་སྐོར་རྩོམ་འཕྲིན་ཐུང་ངུ་ཞིག་འབྲི་དགོས་པའི་འབོད་སྐུལ་གནང་བ་དང་ཆབས་ཅིག   བསམ་ཚུལ་གཅིག་གཉིས་ཤིག་ཞུ་འདོད་བྱུང༌།  གཞུང་འབྲེལ་དང་གཞུང་མ་ཡིན་པའི་བོད་ཀྱི་གསར་འགོད་པ་དང༌།  བོད་ཀྱི་དུས་བབ་གསར་ཁང་གི་ལས་བྱེད་ཐུན་མོང་ལ་ཁམས་བཟང་གི་འཚམས་འདྲི་དང་སྤྲགས།  བོད་ཀྱི་དུས་བབ་ལོ་ཧྲིལ་བོ་བཅུ་མཇུག་སྐྱོང་ཐུབ་པ་ལ་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་ཡོད།  གསར་འགོད་པ་ནི་རྒྱལ་མཚམས་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མེད་པའི་རྒྱལ་ཁབ་དང་མི་མང་གི་མགྲིན་ཚབ་པ་ཡིན། སྤྱིར་གསར་འགོད་པ་འདྲ་མིན་དང་གསར་འགྱུར་འདྲ་མིན།  གསར་འགྱུར་མཁོ་སྤྲོད་པ་འདྲ་མིན། ཀློག་མཁན་ཡང་འདྲ་མིནཡིན།  སེམས་ཅན་མོས་པ་སྣ་ཚོགས་ཏེ། ཐམས་ཅད་མགུ་བ་སུས་ཀྱང་དཀའ།  གསར་འགོད་པའི་ཆ་རྐྱེན་ནི་ཕྱོགས་མི་འཛིན་པ་དང༌། ལས་འགན་གསར་འགྱུར་ངོ་མ་དང་གནས་ཚུལ་ངོ་མ་འདོན་སྤྲོད་བྱ་རྒྱུ་དེ་ཡིན། དེ་ལས་ལོག་པར་སོང་ན་གསར་འགོད་པ་ཚད་ལྡན་ཞིག་ཏུ་བརྩི་མཐོང་བྱེད་མི་སྲིད།  རང་ཉིད་གསར་འགོད་པ་ཚད་དང་ལྡན་པ་ཞིག་བྱེད་མིན་རང་ལགས་དང༌།  སྤྱིར་གསར་འགོད་པ་བྱེད་རྒྱུ་ལས་སླ་བོ་མེད་ལ།  ཡང་སྒོས་གསར་འགོད་པ་ཚད་ལྡན་ཞིག་དེ་ལས་ཀྱང་ཡོང་དཀའ།  བྱ་ལས་བྱེད་ལས་གང་ཡིན་ཡང༌།      བསམ་པ་དཀར་ལ་སྦྱོར་བ་ནག་པའི་ལས། སྦྱོར་བ་དཀར་ལ་བསམ་པ་ནག་པའི་ལས།  བསམ་སྦྱོར་གཉིས་ཀ་དཀར་བའི་ལས།    བསམ་སྦྱོར་གཉིས་ཀ་ནག་པའི་ལས་ཅི་རིགས་་ཡོང་སྲིད།  གསར་འགོད་པ་ནི་གཡུལ་སར་ཞུགས་པའི་དམག་མི་དང་གཅིག་མཚུངས་ཡིན། དཔེར་ན།  ༢༠༠༦ལོ་གཅིག་པུར་རྒྱལ་སྤྱིའི་ཐོག་གསར་འགོད་པ་༨༨ཀྱི་ཚེ་སྲོག་ཤོར་ཡོད་པར་གྲགས།  གཞན་ཡང་ཁྲིམས་ལ་སྦྱར་བ་དང་ཉེས་འཛུགས་བྱས་པར་གྲངས་ལས་འདས།  བཙན་བྱོལ་གཞུང་གི་གསར་འགོད་པ་རྣམས་ལ་མཚོན་ན་ཚེ་སྲོག་གི་འཇིགས་པ་བྱུང་ཡོད་པ་མ་རེད་དེ། ཁྲིམས་སར་ཐུག་པ་དང་ཁ་མཆུ་བཙུགས་པ་ཉུང་ཉུང་མིན།  དེ་ཚོ་གསར་འགོད་པར་འཕྲད་པའི་དཀའ་རྙོགས་ཆེ་ཤོས་ཡིན།
   གསར་འགྱུར་ནི་ཆབ་སྲིད་འཚོ་བའི་བླ་སྲོག་དང་དཔྱད་རྩོམ་ནི་ཤེས་རིག་མ་ལག་གི་ཁྱད་ཆོས། ༧གོང་ས་མཆོག་གི་བཀའ་སློབ་དང་མཛད་རྗེས་འགྲེམ་སྤེལ་ནི་བོད་མིའི་རེ་འདུན། དྲི་བ་དྲིས་ལན་ནི་ཐེ་ཚོམ་དང་དོགས་གཅོད། གལ་ཡོད་གསལ་བསྒྲགས་ནི་ཉེར་མཁོ། སྐྱོན་བརྗོད་བྱེད་པ་ནི་ནོར་བཅོས་དང་ཉེས་འགོག   ཐམས་ཅད་ཀྱི་རྩ་བ་ཀུན་སློང་ལ་ཐུག   ནང་ཆོས་ཁས་ལེན་མཁན་ཞིག་གི་ངོས་ནས་བཤད་ན།  ཚེ་འདི་ཕྱི་གཉིས་ཀྱི་དོན་ཆེན་ཕན་གནོད་དང་འབྲེལ་བ་ཡོད།  མདོར་ན་དུས་རབས་ཉེར་གཅིག་པའི་གསར་འགོད་པ་ཚན་རིག་དང་མཐུན་པ་ཞིག་ཅིས་ཀྱང་འབད་བརྩོན་བྱེད་དགོས།  ད་ལྟའི་ཆར་བོད་གཞིས་ལུས་མི་མང་ལ་ཁ་ཡོད་ཀྱང་བཤད་དབང་དང་མིག་ཡོད་ཀྱང་ལྟ་དབང༌། ལག་ཡོད་ཀྱང་འབྲི་དབང་མེད་པ་དངོས་ཡོད་གནས་ཚུལ་མིག་མཐོང་ལག་ཟིན་ཡིན་ན། བོད་གཞིས་བྱེས་གཉིས་རླངས་པས་དྲོས་དུས།  མ་འོངས་པར་ཡང་དགའ་བཞིན་འདུས་པའི་ཚོགས་པ་བཞིན་དེའི་མཇུག་བསྐྱང་བའི་ཕུགས་བསམ་མ་བརླག་པ་ཞིག་མ་བརྗིད་པར་གྱིས།  བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་དང་བཅས།
འགུ་ལོག་དམ་ཆོས་དཔལ་བཟང་གིས༢༠༠༧ཟླ༡ཚེས་༧ལ།

འབྲེལ་ཡོད་གསར་འགྱུར།

དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༣ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༦ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese