མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དུ་དྲག་གནོན་ཆེ་རུ་བཏང་བར་བློ་ཕམ་བྱུང་།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་གསུམ་བཅུའི་དུས་དྲན་ཐེངས་བཞི་བཅུ་ཞེ་དགུ་བའི་ཐོག་ཡོངས་ཁྱབ་ཏུ་སྩལ་བའི་གསུང་འཕྲིན་ལས་བཏོན།

ད་ཕན་མི་ལོ་བཅུ་ཕྲག་དྲུག་ལ་ཉེ་བའི་རིང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་རང་དབང་གི་གོ་སྐབས་བྲལ་ཏེ་དྲག་གནོན་འོག་འཇིགས་དངངས་དོགས་྄ཟོན་ཁོ་ནའི་ངང་གནས་དགོས་བྱུང་ནའང་། ཆོས་དད་དང་རིགས་ཞེན། བོད་ཀྱི་ཐུན་མིན་ལེགས་བྱང་སོགས་རྒྱུན་འཛིན་ཐོག རང་དབང་གི་མངོན་འདོད་ཉམས་མེད་གནས་ཐུབ་པ་ནི་བོད་མི་རིགས་ཀྱི་འགྲན་ཟླ་བྲལ་བའི་སྙིང་སྟོབས་ཀྱི་དཔལ་ཡོན་ཁྱད་པར་བ་ཞིག་ཡིན་པས་ངས་སྙིང་ནས་དགའ་སྤོབས་ཆེན་པོས་ཡི་རང་བསྔགས་བརྗོད་བྱེད་རྒྱུ་ཡིན།

བོད་ཀྱི་དཀའ་རྙོག་ནི་ཆབ་སྲིད་དང་། སྤྱི་ཚོགས། ཁྲིམས་དོན། འགྲོ་བ་མིའི་ཐོབ་ཐང་། ཆོས་དང་ལེགས་བྱང་། མི་རིགས་ཀྱི་ངོས་འཛིན། དཔལ་འབྱོར། རང་བྱུང་ཁོར་ཡུག་སོགས་དོན་གནད་སྣ་མང་དང་འབྲེལ་བ་གཏིང་ཟབ་ཡོད་པའི་རྙོག་འཛིང་ཆེ་བ་ཞིག་ཡིན་སྟབས། དེ་སེལ་བའི་ཐབས་ལམ་ཡང་ཕྱོགས་གཅིག་གི་ཁེ་ཕན་ཁོ་ནར་མ་བལྟས་པར་ཀུན་ཕན་ཡོངས་ཁྱབ་ཀྱི་ཐབས་ལམ་ཞིག་འཚོལ་དགོས་པར་བརྟེན། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་གྱི་ཐོག་ནས་ད་ལྟ་བར་ལྷག་བསམ་རྣམ་དག་དང་ཁ་ཞེ་གཉིས་མེད་ཀྱི་འབད་བརྩོན་རྒྱུན་འཁྱོངས་བྱས་པའི་བྱུང་རིམ་ནང་ ༢༠༠༢ ལོ་ནས་བཟུང་ངོས་ཀྱི་ངོ་ཚབ་རྣམས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་རྣམས་དང་གླེང་གཞིའི་གནད་དོན་ངེས་ཅན་ཐོག་འབྲེལ་མོལ་ཐེངས་དྲུག་བྱས་ཡོད་ཅིང་། དེ་དག་གི་སྐབས་ཁོང་ཚོའི་དོགས་པ་རྣམ་རྟོག་རྣམས་སེལ་ཆེད་དང་། ང་ཚོའི་མངོན་འདོད་གང་ཡིན་གསལ་སྟོན་ཆེད་གང་ཅིའི་ཐོག་འགྲེལ་བརྗོད་གླེང་མོལ་ཞིབ་རྒྱས་བྱས་པར་བརྟེན་ནས་ཕན་ཚུན་གོ་རྟོགས་སྤེལ་བར་ཕན་ཆ་བྱུང་ཡོད་ཀྱང་། གཞི་རྩའི་གནད་དོན་ཐོག་གྲུབ་འབྲས་གང་ཡང་མ་བྱུང་བ་དང་། འདས་པའི་ལོ་ཤས་ནང་བོད་དུ་དྲག་གནོན་གདུག་རྩུབ་ཆེ་རུ་བཏང་བ་བཅས་ནི་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཡིན། འོན་ཀྱང་ངའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་རྒྱའི་འབྲེལ་བ་མུ་མཐུད་བྱ་རྒྱུར་འགྱུར་བ་མེད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བློ་འཚབ་བྱེད་ཡུལ་ཆེ་ཤོས་ཤིག་ནི་བོད་ཀྱི་ཁྲིམས་མཐུན་བདག་དབང་གི་གནས་བབ་དེ་ཡིན་ཞིང་། དེ་རྩོད་མེད་ཁྲིམས་མཐུན་ཡོང་ཐབས་གཙོ་བོ་རྒྱ་ནག་གཞུང་གིས་བོད་རིགས་མི་མང་རྣམས་འདོད་བློ་ཁེངས་ཤིང་ཡིད་ཆེས་རྙེད་པའི་སྲིད་བྱུས་ཤིག་བཟུང་དགོས་པ་དེ་ཡིན། དེ་འདྲའི་ལམ་ནས་གཉིས་མོས་ཀྱི་འགྲིག་ཆགས་ཤིག་བྱུང་ན་ངའི་ངོས་ནས་བོད་མིའི་མོས་མཐུན་ཡོངས་ཐབས་ཀྱི་འབད་བརྩོན་བྱ་རྒྱུ་ཡིན་ཙེས་ལན་མང་བརྗོད་ཡོད།

ད་ལྟའི་ཆར་བོད་ཀྱི་ནང་མིག་རྒྱང་བསྲིངས་མ་ཐུབ་པའི་བྱེད་ཕྱོགས་སྣ་ཚོགས་ཀྱི་རྐྱེན་པས་རང་བྱུང་ཁོར་ཡུག་ལ་ཉམ་ཆགས་ཚབས་ཆེན་བཏང་བ་དང་། མི་འབོར་སྤོ་ཤུགས་ཀྱི་བོད་རིགས་མིན་པའི་མི་གྲངས་ཧ་ཅང་མང་དུ་སོང་བས་བོད་མི་རྣམས་རང་ཡུལ་ནང་གྲངས་ཉུང་དུ་འགྱུར་བཞིན་པ་ནས་སྐད་ཡིག་དང་། ཡུལ་གོམས་གཤིས་ལུགས་སོགས་བོད་མིའི་རང་གཤིས་ངོ་བོ་རིམ་ཡལ་གྱིས་མི་རིགས་ཆེན་པོའི་ནང་མངོན་མེད་དུ་སིམ་བཞིན་པར་མ་ཟད། དྲག་གནོན་གྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་དང་། ཆོས་ལུགས་རང་དབང་ལ་བཀག་འགོག ཆོས་ཕྱོགས་ཀྱི་གནས་ཚུལ་སྲིད་དོན་དུ་བེད་སྤྱོད་ལོག་པར་བྱེད་པ་སོགས་བྱ་སྤྱོད་སྣ་ཚོགས་སྤེལ་བཞིན་པ་དེ་དག་ནི་བོད་མི་རིགས་ཀྱི་རིན་ཐང་ལ་བརྩི་བཀུར་མེད་པ་དང་། བོད་རྒྱ་མི་རིགས་ཁ་བྲལ་བཏང་སྟེ་མི་རིགས་མཐུན་སྒྲིལ་ལ་འགོག་རྐྱེན་ཆེན་པོ་ཆེད་དུ་བཟོས་པ་ཞིག་ཡིན་པས་འཕྲལ་དུ་མཚམས་འཇོག་དགོས་པའི་སྐུལ་ལྕག་བྱེད་ཀྱིན་ཡོད།

བོད་རིགས་གནས་ཡུལ་རྣམས་སུ་རང་སྐྱོང་ལྗོངས་དང་། རང་སྐྱོང་ཁུལ། རང་སྐྱོང་རྫོང་སོགས་ཀྱི་མིང་བཏགས་ཡོད་ཀྱང་། དེ་དག་ནི་རང་སྐྱོང་གི་མིང་ཚིག་སྟོང་པ་ལས། རང་སྐྱོང་གི་དོན་སྙིང་ཅི་ཡང་མེད་པར་ས་གནས་ལ་རྒྱ་རིགས་ཀྱིས་ཁུལ་དེའི་གནས་ཚུལ་མི་ཤེས་ཤིང་། མའོ་ཙེ་ཏུང་གིས་གསུངས་པ་ལྟར་རྒྱ་རིགས་ཆེན་པོའི་རིང་ལུགས་འཛིན་ནས་དབང་འཛིན་བྱས་པའི་རྐྱེན་གྱིས་མི་རིགས་ཀྱི་ཁེ་ཕན་ཆ་ཚང་བསྒྲུབས་མ་ཐུབ་པ་དང་། དངོས་ཡོད་གནས་ཚུལ་མ་ཡིན་པར་བཅོས་མའི་རྣམ་འགྱུར་བཟོ་སྒྲིག་གི་སྲིད་བྱུས་གྲངས་ཉུང་མི་རིགས་སྨོྲ་ཅི། རྒྱ་ནག་རྒྱལ་ཁབ་ཀྱི་ཆིག་སྒྲིལ་དང་བརྟན་ལྷིང་ལ་གནོད་སྐྱོན་ཆེན་པོ་ཡོང་གི་ཡོད་པས། ཏེང་ཞོ་ཕིན་གྱིས་གསུངས་པ་བཞིན་དངོས་ཐོག་བདེན་འཚོལ་བྱེད་གལ་ཆེ།

ངོས་ནས་རྒྱལ་སྤྱིའི་ཐོག་བོད་མིའི་བདེ་སྡུག་གི་གནས་ཚུལ་འགྲེལ་བརྗོད་བྱས་པར་རྒྱ་ནག་གཞུང་གིས་མི་འདོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། བོད་རྒྱ་གཉིས་སྨན་གྱི་ཐག་གཅོད་ཅིག་མ་བྱུང་བར་ངོས་ལ་ལོ་རྒྱུས་དང་བཟང་སྤྱོད་ཀྱི་འོས་འགན་ཡོད་སྟབས་བོད་མི་མང་གི་མགྲིན་ཚབ་པ་རང་དབང་ཅན་ཞིག་མུ་མཐུད་བྱེད་རྒྱུ་མཚམས་འཇོག་བྱེད་ཐབས་མེད། གཞི་རྩའི་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་མགོ་ཁྲིད་མང་ཚོགས་ཀྱིས་འོས་བསྡུའི་ལམ་ནས་འདེམས་སྲོལ་མགོ་ཚུགས་ཟིན་པ་ལྟར། ངོས་རང་ཕྱེད་རྒས་ཡོལ་གྱི་གནས་བབས་སུ་ཡོད་པ་ཀུན་གྱིས་ཤེས་གསལ་ཡིན།

རྒྱ་ནག་མྱུར་ཚད་མགྱོགས་པོའི་དཔལ་འབྱོར་འཕེལ་རྒྱས་ལ་བརྟེན་ནས་སྟོབས་ཆེན་རྒྱལ་ཁབ་ཀྱི་ངོ་བོར་འཐོན་བཞིན་ཡོད་པ་ནི་དགའ་འོས་པ་ཞིག་ཡིན་ལ། འཛམ་གླིང་གི་སྡིངས་ཆའི་ཐོག་གལ་ཆེའི་ཞབས་འདེགས་བསྒྲུབ་རྒྱུའི་ཆ་རྐྱེན་དང་གོ་སྐབས་ཡོད་པ་ཡིན། ད་ལྟའི་དབུ་ཁྲིད་རྣམས་ཀྱིས་འཆམ་མཐུན་གྱི་སྤྱི་ཚོགས་དང་། ཞི་བའི་སྒོ་ནས་ཡར་རྒྱས་ཞེས་བརྗོད་པའི་ལྟ་གྲུབ་དེ་དག་ལག་ལེན་འཁེལ་རྒྱུར་འཛམ་གླིང་ཕལ་མོ་ཆེ་རེ་སྒུག་བྱེད་བཞིན་ཡོད། ལྟ་གྲུབ་དེ་དག་དོན་འཁེལ་ཡོང་བར་དཔལ་འབྱོར་ཡར་རྒྱས་རྐྱང་པས་མི་ཆོག་པར་ཁྲིམས་ཀྱི་དབང་བསྒྱུར་དང་། ཕྱི་གསལ་ནང་གསལ། གནས་ཚུལ་མཁོ་སྤྲོད། སྨྲ་བརྗོད་རང་དབང་བཅས་ཚད་ལོངས་པ་ཞིག་ངེས་པར་བྱེད་དགོས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་མི་རིགས་མང་བོ་འདུས་པའི་རྒྱལ་ཁབ་ཅིག་ཡིན་སྟབས། རྒྱལ་ཁབ་བརྟན་ལྷིང་ཡོང་བར་མི་རིགས་ཁག་དོ་དམ་གྱི་འདྲ་མཉམ་དང་། མི་རིགས་སོ་སོའི་ཐུན་མིན་གྱི་ངོས་འཛིན་སྲུང་སྐྱོབ་བྱ་རྒྱུའི་རང་དབང་བཅས་ངེས་པར་དུ་ཡོད་དགོས།

ཉེ་ཆར་འདི་ཟླའི་ཚེས་ ༦ ཉིན་སྲིད་འཛིན་ཧུའུ་ཅིན་ཐའོས། བོད་ཀྱི་བརྟན་ལྷིང་ནི་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་། བོད་ཀྱི་སྲུང་སྐྱོབ་ནི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཡིན་པས། བོད་མིའི་འཚོ་ཐབས་ཡར་རྒྱས་དང་། ཆོས་དང་། མི་རིགས་དང་འབྲེལ་བའི་ལས་དོན་ལ་ལེགས་བཅོས། སྤྱི་ཚོགས་འཆམ་མཐུན་རྒྱུན་སྐྱོང་སོགས་དགོས་ཚུལ་གསུངས་འདུག་པ་ནི་དོན་དངོས་དང་མཐུན་པ་ཞིག་རེད། དེ་དག་དངོས་སུ་ལག་བསྟར་ཡོང་བའི་རེ་སྒུག་བྱེད་རྒྱུ་ཡིན།

འདི་ལོ་ཨོ་ལིམ་པིག་རྩེད་འགྲན་པེ་ཅིན་དུ་འཚོགས་རྒྱུར་རྒྱ་ནག་མི་མང་གིས་དགའ་སྤོབས་དང་བཅས་ཏེ་ངང་སྒུག་བྱེད་བཞིན་པ་ལྟར། ངོས་ཀྱི་ས་ཐོག་མ་ནས་རྒྱ་ནག་ལ་ཨོ་ལམ་པིག་རྩེད་འགྲན་གྱི་གོ་སྐབས་སྤྲོད་དགོས་པའི་རྒྱབ་སྐྱོར་བྱས་ཡོད། འོན་ཀྱང་། རྒྱལ་སྤྱིའི་རྩེད་འགྲན་འདིའི་རིགས་ནི་འགྲོ་བ་མིའི་རང་དབང་དང་འདྲ་མཉམ། མཛའ་མཐུན་སོགས་མཚོན་པའི་རྣམ་འགྱུར་ཞིག་ཡིན་སྟབས། རྒྱ་ནག་གིས་རྩེད་འགྲན་འདིའི་མགྲོན་བདག་ཡག་པོ་ཞིག་བྱེད་ཆེད་རྒྱ་ནང་དུ་སྨྲ་བརྗོད་དང་། གནས་ཚུལ་མཁོ་སྤྲོད། བསམ་ཚུལ་གསལ་འདོན་སོགས་ཀྱི་རང་དབང་དང་། གུ་ཡངས་ཡར་རྒྱས་གཏོང་དགོས་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་རྩེད་མོ་བ་གཏོང་རྒྱུས་མཚོན་འདི་སྐོར་རྒྱ་ནག་ལ་དྲན་སྐུལ་བྱེད་དགོས། རྒྱལ་སྤྱིའི་ཐོག་གྲོས་ཚོགས་དང་མི་སྒེར། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་བོས་རྩེད་འགྲན་འདི་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་ཡོང་རྒྱུའི་གོ་སྐབས་བཟང་ཤོས་སུ་མཐོང་ནས་ལས་འགུལ་མང་བོ་ཞིག་སྤེལ་བཞིན་ཡོད་པར་ཁོང་ཚོའི་ལྷག་བསམ་ལ་ཡི་རང་བྱེད་ཀྱི་ཡོད། འོན་ཀྱང་ནན་བརྗོད་བྱེད་དགོས་པ་ཞིག་ལ་ཨོ་ལིམ་པིག་རྩེད་འགྲན་མཇུག་སྒྲིལ་རྗེས་ཀྱི་དུས་ཚོད་ལ་བསམ་ཞིབ་བྱ་རྒྱུ་གལ་ཆེ་ཡིན། རྩེད་འགྲན་འདིས་རྒྱ་ནག་མི་མང་གི་སེམས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་རྒྱུར་ངེས་པས། ཨོ་ལམ་པིག་རྩེད་འགྲན་གྱི་རྗེས་སུ་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་མུ་མཐུད་ཡོང་ཆེད་འཛམ་གླིང་རྒྱ་ཁྱབ་ཀྱིས་ནུས་ཤུགས་འདོན་རྒྱུའི་ཐབས་ལམ་འཚོལ་དགོས།

ད་རེབ་ཀྱི་གོ་སྐབས་འདི་བརྒྱུད་བོད་ནང་ཡོད་པའི་བོད་མི་རྣམས་ཀྱི་ལྷག་བསམ་དང་། སྙིང་སྟོབས། ཆོད་སེམས་བཅས་ལ་དགའ་སྤོབས་ཆེན་པོས་བསྔགས་བརྗོད་བྱེད་རྒྱུ་མ་ཟད། འབྱུང་འགྱུར་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་མི་རིགས་ཀྱི་ཁེ་ཕན་དང་། ཐོབ་ཐང་རྣམས་བོད་མིས་མཚོན་པའི་གྲངས་ཉུང་མི་རིགས་ཚང་མས་ལོངས་སུ་སྤྱོད་ཐུབ་པ་ཡོང་ཐབས་སུ་འཚེ་བ་མེད་པ་དང་། ཁྲིམས་མཐུན་གྱི་འབད་བརྩོན་མུ་མཐུད་བྱེད་དགོས། ༽

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༡ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༣ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༦ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese