མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བླ་མ་དང་རྒྱ་ནག་འཆལ་པོ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

 
རྒྱ་ནག་དམར་ཤོག་ལ་མཚོན་ན་སྤྱི་ཟླ་༧ པའི་ཚེས་༡ ནི་དུས་ཆེན་གལ་ཆེན་ཞིག་ཡིན། དེའི་རྒྱུ་མཚན་དང་པོ་ནི་ཉིན་དེར་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་བའི་དུས་དྲན་ཡིན། དོན་ངོ་མའི་ཟླ་༧ པའི་ཚེས་༢༣ ཉིན་ཡིན། རྒྱུ་མཚན་གཉིས་བ་ནི་རྒྱ་ནག་དམར་ཤོག་གིས་ཧོང་ཀང་ཕྱིར་བླངས་བའི་དུས་དྲན་གྱི་ཉིན་མོ་ཡང་ཡིན། ད་ལྟ་ཕལ་ཆེར་དུས་དྲན་གསུམ་པ་ཞིག་སྲུང་བརྩི་བྱེད་དགོས་བར་འདོད་ལ་དེ་ནི་བོད་ཕྱིར་བླངས་བའི་དུས་དྲན་ཡིན། ཅིའི་ཕྱིར་འདི་ལྟར་བརྗོད་དགོས་བྱུང་ཟེར་ན་རྒྱུ་མཚན་ནི་མཚོ་བོད་ལྕགས་ལམ་སྟེང་ཟླ་༧ པའི་ཚེས་༡ ཉིན་ནས་མེ་འཁོར་གཏོང་རྒྱུ་འགོ་འཛུགས་གནང་རྒྱུ་ཡིན་ལ། སྐབས་དེར་རྒྱ་ནག་དམར་ཤོག་གི་སྤྱི་ཁྱབ་དྲུང་ཆེ་ཧོ་ཅིན་ཐོ་ཡིས་མཛད་སྒོ་དངོས་སུ་དབུ་འཛུགས་གནང་རྒྱུ་ཡིན་པ་མ་ཟད། ད་དུང་དབྱང་དབུགས་ལྡན་པའི་འཁོར་སྒམ་ནང་ཞུགས་ཏེ་རྒྱ་ནག་གི་དཔོན་རིགས་གཞན་དང་ལྷན་འཛམ་གླིང་སྟེང་ཆེས་མཐོ་བའི་ལྕགས་ལམ་སྟེང་གི་ཆེས་ཐོག་མའི་མེ་འཁོར་འགྲུལ་བཞུད་ལ་རོལ་རྒྱུ་ཡིན་པ་རེད།
ཅང་ཙེ་མིན་གྱིས་ཧོང་ཀོང་ཕྱིར་བླངས་བ་དང༌། ཧོའུ་ཅིན་ཐོ་ཡིས་བོད་ཕྱིར་བླངས་བའི་རྒྱལ་ཁབ་ལ་དགའ་ཞེན་ཆེ་བ་སྔ་གཞུག་ཏུ་ཕྱེ་རྒྱུ་མེད། ཧོའུ་ཅིན་ཐོ་ཡིས་དེ་སྔ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཕྱོགས་དྲུང་ཆེ་གནང་སྐབས་མགོ་ལ་ལྕགས་ཞྭ་བཀོན་ཏེ་ཁོ་རང་དངོས་སུ་སྲང་ལམ་ཏུ་ཕྱིན་ནས་༨༩ལོའི་ཟླ་༣ པར་ལྷ་སའི་སྲང་ལམ་ཏུ་བྱུང་བའི་ལས་འགུལ་ལ་དྲག་གནོན་གྱི་བཀོད་འདོམས་གནང་བ་རེད། ཡིན་ན་ཡང་རྗེས་སུ་ཁོ་ལ་ན་ཚ་བྱུང་ཡོད་པར་བརྗོད་པ་དང་ཡུན་རིང་པོར་པེ་ཅིན་ཏུ་བསྡད་དེ་ཐག་རིང་ནས་བོད་ཀྱི་ལས་དོན་ལ་འཛུབ་སྟོན་བྱས། གནས་སྟངས་དེ་ལྟ་བུའི་འོག་ཏུ་ཡང་ཏིང་ཞོ་ཕིན་གྱིས་ཁོ་རང་ཅང་ཙེ་མིན་རྗེས་ཀྱི་རྒྱ་ནག་དམར་ཕྱོགས་ཀྱི་འགོ་ཁྲིད་དུ་ཐག་བཅད་པས་ཁོང་གིས་དྲག་གནོན་གྱི་ནུས་བ་ལ་མཐོང་ཆེན་སྤྲད་པ་ཤེས་ཐུབ། དེ་དང་འདྲ་བར་ད་ལོར་རང་ལོ་༥༡ ཡིན་ལ། རྒྱ་ནག་གི་སྲིད་སྟེགས་སྟེང་སང་ཉིན་གྱི་སྐར་ཆེན་དུ་ངོས་འཛིན་བྱེད་བའི་བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་དབྱང་ཁྲན་ཐང་ལ་ན་ནིང་ཕྱི་ཟླ་༩བའི་ནང་ཀླད་ཁྲག་བརྡོལ་ཏེ་ཐེངས་འགར་བརྒྱལ་སོང་བའི་གཏམ་ཞིག་གྲགས་པ་དང༌། ཀྲུང་དབྱང་གིས་ཆེད་དུ་གནམ་གྲུ་བཏང་སྟེ་པེ་ཅིན་ཏུ་ཛ་དྲག་གི་སྨན་བཅོས་བྱས་ཏུ་ཁྱེར། ཁོང་གི་ཚབ་ལ་ཀྲང་ཆིས་ལིས་ཟེར་བ་བསྐོས་ཡོད། དབྱང་ཁྲན་ཐང་ནི་དངོས་སུ་ན་བ་རེད། ཡིན་ན་ཡང་ཧོའུ་ཅིན་ཐོ་མིག་སྔར་བདེ་ཐང་ཡིན་ལ་སྐབས་དེར་ན་བ་ནི་བདེན་རྫུན་ཡིན་མིན་མི་ཤེས་བ་རེད། ད་ལྟ་ཧའོུ་ཅིན་ཐོ་དབྱང་དབུགས་འཁོར་སྒམ་ནང་བསྡད་དེ་བོད་དུ་བསྐྱོད་རྒྱུ་ཡིན་པ་ནི་ཁོ་རང་དངོས་གནས་བོད་ཀྱི་མཐོ་སྒང་གི་གནམ་གཤིས་འཕྲོད་ཀྱི་མེད་པའི་རྟགས་རེད། ཡིན་ན་ཡང་སྐབས་དེར་ཡུན་རིང་པེ་ཅིན་དུ་མི་བསྡད་ཐབས་མེད་ཡིན་པ་བདེན་དཔང་ཆེད་ལྷ་སར་འགྲོ་དགོས་བས། རབ་བྱུང་ན་ལྕགས་ཞྭའི་ཚབ་ཏུ་དབྱང་དབུགས་ཀྱི་ཁ་རས་དཀྲིས་ན་སྟབས་བདེ་བོ་ཡོད་པ་རེད།
རྒྱ་ནག་གི་དཔོན་རིགས་ཚོ་བོད་དུ་འཚོ་བ་རོལ་ཐུབ་ཀྱི་མེད་པ་དེས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་བདེན་དཔང་བྱས་ཡོད་ལ། གལ་སྲིད་གནའ་བོའི་རྒྱ་ནག་གི་དཔོན་རིགས་ཚོ་སྐབས་དེར་དབྱང་དབུགས་འཁོར་སྒམ་ནང་བསྐྱོད་པ་དང་དབྱང་དབུགས་ཁ་རས་དཀྲིས་ཏེ་བོད་ལ་དབང་བསྒྱུར་བྱས་པའི་བདེན་དཔང་ཡོད་ན་གནས་ཚུལ་གཞན་རེད། ཡིན་ན་ཡང་བོད་ཆེན་པོའི་ས་ཁུལ་ནས་འཁྲུངས་ཤིང་བོད་མི་རིགས་ཀྱི་བསམ་བློའི་འགོ་ཁྲིད་ཏཱ་ལའི་བླ་མ་དང༌། ད་དུང་རྒྱ་གར་དང་ཕྱི་རྒྱལ་གང་སར་བཙན་བྱོལ་ཏུ་གནས་བའི་བོད་མི་རྣམས་ནི་རྒྱ་ནག་དམར་ཤོག་གིས་དྲག་གནོན་བྱས་རྐྱེན་ཕ་ཡུལ་མཐོ་སྒང་དུ་ལོག་ཐུབ་མེད་པར་བཙན་གྱིས་འཚོ་བ་གཞན་ཞིག་རོལ་ཏུ་བཅུག་ཡོད།
ད་ལོའི་དབྱར་ཁར་ཧུའུ་ཅིན་ཐོ་ཨ་རི་ལ་འཚམས་འདྲིར་བསྐྱོད་པའི་སྔ་རོལ་ཏུ། རྒྱ་ནག་དམར་ཤོག་གིས་ཏཱ་ལའི་བླ་མ་ཕལ་ཆེར་བོད་དུ་ཕེབས་འཐུས་ཆོག་མཆན་སྤྲོད་རྒྱུ་ཡིན་ཚུལ་བརྗོད་དེ་ཨ་རི་ཡིས་ཧུའུ་ལ་ཚད་མཐོ་བའི་སྣེ་ལེན་བྱེད་རྒྱུར་རེ་བ་བཅངས་ཡོད། དེ་ན་རླབས་ཆེ་བའི་ཏཱ་ལའི་བླ་མ་ཡང་རྒྱ་ནག་དམར་ཤོག་གིས་བེད་སྦྱོད་ཀྱི་ལག་ཆ་དང་བཙན་གྱིས་ཉར་བའི་མི་ཞིག་ཏུ་གྱུར། ཡིན་ན་ཡང་ད་ལྟའི་བར་ཏཱ་ལའི་བླ་མ་ཕྱིར་བོད་ལ་ཕེབས་རྒྱུའི་གནས་ཚུལ་གྲགས་རྒྱུ་མེད་པས་དེ་ནི་རྦད་དེ་བསླུ་བྲིད་ཞིག་རེད། ཏཱ་ལའི་བླ་མའི་སེམས་པ་རྣམ་དག་གིས་ཁོང་གི་མི་མང་ལ་ཧུའུ་ཅིན་ཐོ་ཡིས་ཨ་རི་ལ་གཟིགས་སྐོར་སྐབས་ངོ་རྒོལ་བྱེད་མི་རུང་བའི་བཀའ་གནང་ཡོད། ཡིན་ན་ཡང་ཁོ་ལ་ཐོབ་པ་ནི་ཕྱི་ཟླ་༤ པར་རྒྱ་ནག་ནང་ཚོགས་པའྀ་ཆེས་ཐོག་མའི་ནང་བའི་ལྷན་ཚོགས་ཟེར་བའི་སྟེང་འགྲིན་ཚབ་པས་ཁོ་ལ་མེས་རྒྱལ་ཁ་བྲལ་རིང་ལུགས་པ་རེད་ཞེས་བརྗོད་པ་དང༌། དེར་མཐུད་ཕྱི་ཟླ་༦ པའི་ནང་ལྷ་སར་ བྱབྱཏཱ་ལའི་ཁ་བྲལ་རིང་ལུགས་ཆབ་སྲིད་ཚོགས་པའི་ནག་ཉེས་ཐེར་འདོན་བྱབྱ ཟེར་བའི་ཚོགས་འདུའི་སྟེང༌། བོད་རང་སྐྱོང་ལྗོངས་འཐུས་མིའི་རྒྱུན་ལས་ཀྱི་འགན་འཛིན་གཞོན་པ་རྒྱ་རིགས་ཀྲའོ་ལེན་དང་བོད་རིགས་འགན་འཛིན་གཞོན་པ་སྤེན་སྒྲོན་གཉིས་ཀྱིས་ཏཱ་ལའི་བླ་མས་རྒྱ་ནག་དམར་ཤོག་གི་སྲིད་དབང་འགོ་རྟིང་བསློགས་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་རེད་བཅས་སྐྱོན་བརྗོད་བྱས་པ་དང༌། ད་དུང་རང་སྣང་གང་དྲན་གྱིས་ཏཱ་ལའི་བླ་མའི་ཁོང་གི་མི་མང་རྣམས་བསྐྱར་ཏུ་བྲན་གཡོག་ཏུ་བསྒྱུར་གྱི་ཡོད་པ་རེད་བཅས་བརྗོད།
ཏཱ་ལའི་བླ་མ་ལ་འདི་ལྟ་བུའི་བསླུ་བྲིད་དང་བརྙས་བཅོས་བྱས་ན་ཡང་བླ་ཆེན་ཁོང་གིས་འཁོན་སེམས་ཀྱི་འདོད་ཚུལ་བཅངས་མེད་པ་རེད། ཉེ་ཆར་ཁོང་གིས་ཨེ་ཤ་ཡའི་གཟའ་འཁོར་དུས་དེབ་ཀྱི་བཅར་འདྲི་དང་ལེན་སྐབས་ད་དུང་ཁོང་གིས་རྒྱ་ནག་དམར་ཤོག་ལ་ངོ་རྒོལ་བྱེད་ཀྱི་མེད་པ་དང༌། མར་ཁེ་སི་རིང་ལུགས་དང་ཡང་ལྟ་ཚུལ་གཅིག་མཐུན་ཡོད་པར་གསུང་ཡོད། གཞན་ཁོང་གིས་བོད་རྒྱ་གཉིས་བར་གྲོས་མོལ་ཐེངས་ལྔ་བརྒྱུད་པེ་ཅིན་དང་ཐད་ཀར་འབྲེལ་བ་བྱུང་བའི་འབྲས་བུ་བཟང་ཞིང༌། ཕྱོགས་གཉིས་ཀྱིས་བསམ་བློ་ཁྱེར་གཏོང་་དང་འདོད་ཚུལ་ཅི་ཡིན་རྒྱུས་ལོན་ཐུབ་ཡོད་པ་རེད་བསམ་ཡོད། ཏཱ་ལའི་བླ་མས་གསུང་ན་ཁོང་གིས་སྐུ་ཚབ་པེ་ཅིན་དུ་བསྐྱོད་པར་སྣེ་ལེན་ཡག་པོ་བྱས་ཡོད་པ་དང་གྲོལ་མོལ་གྱི་ཁོར་ཡུག་ཤིན་ཏུ་ལེགས་ཟེར། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ལ་སྤེལ་བའི་གཏམ་གྱི་བརྗོད་བབས་ལ་ཁྱད་པར་ཤིན་ཏུ་ཆེ་བའི་གང་ངོ་མ་ཡིན་མིན་ཤེས་དཀའ་བ་རེད། ཏཱ་ལའི་བླ་མ་པེ་ཅིན་གྱིས་འཐབ་ཕྱོགས་གཅིག་གྱུར་བྱས་སྐབས་དགུང་ལོ་ཆུང་བ་མ་ཟད་ཕོ་བྲང་གི་ནང་རོལ་ཏུ་ཞུགས་ཡོད་པའི་མར་ཁེ་སི་རིང་ལུགས་དང་འབྲེལ་བ་བྱུང་བ་ནི་གཙོ་བོ་ཕྱི་རྒྱལ་ལ་ཕེབས་རྗེས་བྱུང་བ་ཡིན་པས། འཆལ་པོའི་ཁྱད་ཆོས་ལྡན་པའི་རྒྱ་ནག་མར་ཁེ་སི་རིང་ལུགས་ལ་ངོས་འཛིན་གཏིང་ཟབ་མོ་བྱུང་མེད། དེའི་རྐྱེན་གྱིས་རྒྱ་ནག་དམར་ཤོག་གིས་བསླུ་བྲིད་ཀྱི་ཐབས་དང་མགོ་གཉིས་མའི་སྤྱོད་ཚུལ་རྟོགས་ཐུབ་མེད།
ཏཱ་ལའི་བླ་མའི་ད་དུང་ཁོང་གི་སེམས་ཁྲལ་བརྗོད་དོན་བྱབྱང་རང་བཙན་བྱོལ་ཁྲོད་སྐུ་འདས་ཚེ། ངའི་སྒྲུབ་མ་ཚར་བའི་ལས་དོན་གྱི་མཇུག་མུ་མཐུད་སྐྱོང་ཆེད་ངའི་ཡང་སྲིད་དེ་ཡང་རང་དབང་ལྡན་པའི་སྤྱི་ཚོགས་ནང་འཁྲུངས་རྒྱུ་ཡིན་པ་རེད། པེ་ཅིན་གྱིས་ཡང་སྲིད་གཞན་ཞིག་བསྐོ་རྒྱུ་ཡིན་པས་མཐའ་མཇུག་ཡང་སྲིད་གཉིས་ཆགས་འགྲོ་བ་རེད། ངའི་རྟག་པར་གསར་འགོད་པ་ཚོ་ལ་རྗེས་སུ་ཕལ་ཆེར་ཏཱ་ལའི་བླ་མ་གཉིས་བྱོན་པ་དང༌། གཅིག་ནི་སྲིད་གཞུང་ལ་མཁོ་བའི་ཏཱ་ལའི་བླ་མ་དང༌། གཞན་དེ་ནི་བོད་མི་མང་སེམས་ནང་གི་ཏཱ་ལའི་བླ་མ་རེད་ཅེས་བརྗོད་ཀྱི་ཡོད་གསུང།བྱབྱ ཁ་ཆེམས་ལྟ་བུའི་གསུང་འདིའི་སེམས་ནང་སྐྱོ་བ་ཞིག་སྐྱེས་སུ་བཅུག་ལ། ངའི་རེ་བ་ནི་ཏཱ་ལའི་བླ་མའི་སྐུ་ཚེ་ཡུན་རིང་བརྟན་ཞིང་སྐུ་ངོ་མའི་རྒྱ་ནག་དམར་ཤོག་ཚོགས་པ་འཇིག་ཉེས་སུ་འགྲོ་བ་གཟིགས་ཐུབ་རྒྱུ་དེ་རེད། ངོ་མ་ཏཱ་ལའི་བླ་མའི་གསུང་བ་ལྟར་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་བ་ནས་བཟུང་པན་ཆེན་བླ་མ་གཉིས་བྱུང་བ་དང༌། ཕལ་ཆེར་ཏཱ་ལའི་བླ་མ་ཡང་གཉིས་འབྱུང་རྒྱུ་ཡིན་ལ། དེར་མ་ཟད་བྱབྱརྒྱ་ནག་གཉིསབྱབྱ་བྱུང་བ་དང༌། གནམ་བདག་ཆོས་ལུགས་གཉིས། ཡེ་ཤེ་ཆོས་ལུགས་གཉིས་བཅས་བྱུང་ཡོད་ལ། ཐ་ན་རྒྱལ་སྤྱིའི་དམར་ཕྱོགས་རིང་ལུགས་ཀྱི་ལས་འགུལ་ཡང་ཁག་གཉིས་སུ་གྱེས་ཡོད། མིག་སྔར་རྒྱ་ནག་དམར་ཤོག་གིས་ བྱབྱའཛམ་གླིང་རང་བཞིན་ཅན་བྱབྱབརྗོད་བཞིན་པ་ཡིན་དོན་དངོས་སུ་འཛམ་གླིང་གཉིས་བཟོ་བཞིན་ཡོད་དེ། རང་དབང་གི་འཛམ་གླིང་དང་རྒྱ་ནག་དམར་ཤོག་གཙོ་བྱས་པའི་འཆལ་པོའི་འཛམ་གླིང་ཡིན། རྒྱ་ནག་གི་སྤྱི་ཚོགས་ཀྱང་གཉིས་སུ་ཕྱེས་ཡོད་ལ། ཧོང་ཀང་དུ་ཡང་རྒྱལ་ཞེན་པ་དང་ཁ་གཏད་པ་གཉིས་སུ་ཕྱེས་པ་དང༌། དེང་སྐབས་ཐེ་ཝན་བགོ་བཤའ་བྱེད་ཀྱིན་ཡོད་པ་རེད། མདོར་ན་གང་དུ་དམར་ཤོག་ཚོགས་པ་ཡོད་ཚེ་དེ་རུ་ཁ་བྲལ་དང་རྙོག་འཛིང་ཡོད་ལ། རྒྱ་ནག་དམར་ཤོག་ཚོགས་པ་ནི་འཛམ་གླིང་གི་རྙོག་དྲ་དང་ཆག་སྒོ་ཀུན་གྱི་འབྱུང་རྩ་ཡིན་པས་སེམས་བཟང་བའི་མི་རྣམས་ཀྱིས་ནམ་ཡང་དོགས་ཟོན་བྱེད་རྒྱུ་ལྷོད་མི་ཉན་པ་རེད་དོ།
              ༼ སྤེལ་ཇེམ་ནས་ས་དཀར་བཀྲ་ཤིས་ཀྱིས་བསྒྱུར༽
བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་༣༤༨ སྟེང་བཀོད་ཡོད། ཕྱི་ལོ་༢༠༠༦ ཟླ་༧ ཚེས་༣༡།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

ཆུ་ཚོད་ ༡༠ སྔོན་ལ།
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese