མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཁབ་ཀྱི་སྒོ་ཆེན་སྲུང་སྟེ་ཁ་བྲལ་རིང་ལུགས་དང་འཐབ་རྩོད་གྲ་སྒྲིག་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ནོར་བུ་དོན་གྲུབ་ལ་བཅར་འདྲི།

དྲི་བ། ཁྱེད་རང་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་པའི་ལས་ཡུན་ནང་ལྷ་ས་རུ་ལྕགས་ལམ་ཤར་གཏོང་ཐུབ་པ་བྱུང་བར་དགའ་སྤྲོ་སྐྱེས་ཀྱི་ཡོད་དམ།
ལན། མདོ་དབུས་ལྕགས་ལམ་ནི་རྒྱལ་ཁབ་ཀྱིས་ལག་བསྟར་བྱེད་བཞིན་པའི་ནུབ་བརྒྱུད་གསར་སྤེལ་གྱི་ལས་གཞི་གལ་ཆེན་ཞིག་ཡིན། བོད་ལྗོངས་ལ་ལྕགས་ལམ་གཏོང་བ་དེས་རང་རྒྱལ་ལ་ལྕགས་ལམ་མེད་པའི་ཞིང་ཆེན་ས་ཁུལ་གྱི་ལོ་རྒྱུས་དེ་མཇུལ་འགྲིལ་བ་རེད། བོད་ལྗོངས་དང་ལྷ་ས་མི་དམངས་ཀྱིས་ལྕགས་ལམ་འཛུགས་སྐྲུན་ཐུབ་པར་རེ་སྒུག་ཡུན་རིང་བྱས་པ་རེད། ང་ཚོའི་མི་རབས་འདི་ལ་གཏོང་ཐུབ་པ་བྱུང་བའི་དེ་ནི་གལ་ཆེ་བ་དང་གཟི་བརྗིད་ཆེ་བའི་ལས་དོན་ཞིག་ཡིན་པས་ཧ་ཅང་སྤྲོ་སྣང་སྐྱེས་བ་ཞིག་རེད།
དྲི་བ། མདོ་དབུས་ལྕགས་ལམ་གྱིས་ལྷ་ས་ལ་སྤྲད་པའི་གོ་སྐབས་དང་གདོང་ལེན་ཅི་ཞིག་ཡིན་ནམ།
ལན། ལྕགས་ལམ་གཏོང་ཐུབ་པ་དེའི་དོན་སྙིང་ཅི་ཞིག་ཡིན་ནམ། ང་ཚོ་མི་རབས་འདིས་ཅི་ཞིག་སྒྲུབ་དགོས་སམ། ང་ཚོས་ངེས་བར་ཏུ་བསམ་བློ་ཞིབ་མོ་གཏོང་དགོས་བ་ཞིག་རེད། གལ་སྲིད་ཚིག་གཅིག་གི་ནང་བསྡུས་ཏེ་བརྗོད་ན་དེ་ནི་ད་ནས་བཟུང་བོད་ལྗོངས་དེ་རྒྱལ་ཡོངས་དང་མཉམ་དུ་ཡར་རྒྱས་སུ་འགྲོ་ཐུབ་རྒྱུ་རེད། ཀྲུང་དབྱང་གིས་ནམ་ཡང་བོད་ལྗོངས་ཀྱི་ཡར་རྒྱས་ལ་ཐུགས་ཁུར་གནང་གི་ཡོད་པ་རེད། ཡིན་ན་ཡང་རྒྱུ་རྐྱེན་གཉིས་ལ་བརྟེན་ལྷ་ས་དང་ནང་ལོགས་ཀྱི་གྲོང་ཁྱེར་དབར་ཁྱད་པར་མངོན་གསལ་ཡོད་པ་རེད། ཐོག་མར། ལོ་རྒྱུས་ཀྱི་ཆ་རྐྱེན་དང་རང་བྱུང་ཁོར་ཡུག་གི་བཀག་རྒྱ་ཡིས་བོད་ལྗོངས་ཀྱི་རྨང་གཞིའི་འཛུགས་སྐྲུན་ཧ་ཅང་རྗེས་ལུས་རེད། གཞན་བཅིངས་འགྲོལ་རྗེས་ང་ཚོས་ཡར་རྒྱས་སུ་འགྲོ་བའི་གོ་སྐབས་གཉིས་ཤོར་བ་དང༌། གོ་སྐབས་ཐེངས་དང་པོ་ནི་རྒྱལ་ཡོངས་སུ་ལོ་ལྔའི་འཆར་གཞིའི་འཛུགས་སྐྲུན་མགོ་རྩོམ་སྐབས་ཡིན་ལ། སྐབས་དེར་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བྱས་མ་ཐག་ཡིན་པས་རྗེས་ཟིན་ཡོད་པ་མ་རེད། གོ་སྐབས་གཉིས་བ་ནི་བསྒྱུར་བཅོས་སྒོ་འབྱེད་ཀྱི་རྗེས་སུ་ཡིན་ལ། རྒྱལ་ཡོངས་སུ་བསྒྱུར་བཅོས་ཀྱི་མཐོ་རླབས་འཕྱུར་སྐབས་ལྷ་ས་རུ་ཕྱི་ལོགས་ཁ་བྲལ་རིང་ལུགས་ཀྱིས་བཀོད་ཇུས་བྱས་ཏེ་ཟིང་འཁྲུག་ཆེན་པོ་ལངས་པ་དེའི་ང་ཚོས་ཡང་བསྐྱར་ཡར་རྒྱས་ཀྱི་གོ་སྐབས་ཤིག་ཤོར་བ་རེད། ལྕགས་ལམ་དངོས་སུ་གཏོང་བ་དེས་ངའི་བསམ་པར་ལྷ་ས་ཡར་རྒྱས་སུ་འགྲོ་བའི་ཆ་རྐྱེན་བསྐྲུན་པ་དང༌། ལྷ་ས་དེ་ཀྲུང་དབྱང་གི་འདོད་བློ་ལྟར་རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དང་མཐུན་འབྲེལ་གྱིས་སྔར་ལས་རྒྱ་ཆེ་བའི་ངང་ནང་ལོགས་ནས་ཤེས་ལྡན་མི་སྣ་དང༌། དངོས་ཟོག མ་དངུལ། ཆ་འཕྲིན་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་ཐོབ་ངེས་བ་རེད། ཡིན་ན་ཡང་གོ་སྐབས་ནི་གོ་སྐབས་རེད་ལ། ཇི་ལྟར་མངོན་དུ་འགྱུར་དགོས་བ་ནི་གནད་དོན་གཞན་ཞིག་རེད། ལྷ་ས་རུ་སླེབས་པའི་མེ་འཁོར་དེ་ཁ་བཀང་ནས་སླེབས་པ་དང་སྟོང་བར་ཕྱིར་འགྲོ་རྒྱུ་ཡིན་ནམ། འདི་ནི་མིག་སྔར་ང་ཚོས་བསམ་བློ་གཏོང་དགོས་བའི་གནད་དོན་ཆེན་པོ་ཞིག་རེད། ངའི་བསམ་པར་མ་འོངས་བར་ལྕགས་ལམ་འདི་རྒྱལ་ནང་གི་འགྲིམ་འགྲུལ་གསར་བ་ཞིག་ཡིན་པ་མ་ཟད་རྒྱལ་སྤྱིའི་ཚོང་འབྲེལ་གྱི་དར་གོས་ཚོང་ལམ་གསར་བ་ཞིག་ཏུ་ཡང་འགྱུར་རྒྱུ་ཡིན་པ་རེད། དེ་ལྟར་བོད་ལྗོངས་དང་ལྷ་ས་ཡིས་ཀྱང་ཇི་ལྟར་བེད་སྤྱོད་གཏོང་བའི་ཐད་བསམ་བློ་གཏོང་གི་ཡོད་པ་རེད།
དྲི་བ། ལྕགས་ལམ་གྱིས་ཁྱེད་རང་ལ་གནོན་ཤུགས་གསར་བ་ཞིག་ཁྱེར་ཡོང་བ་དང༌། གདོང་ལེན་བྱེད་དགོས་བའི་གནད་དོན་མང་པོའི་ཁྲོད་ཁྱེད་ཀྱིས་ཆེས་སེམས་ཁྲལ་གནང་བཞིན་པའི་གནད་དོན་ཅི་ཞིག་ཡིན་ནམ།
ལན། ངའི་སེམས་ཁྲལ་ཆེ་ཤོས་ནི་ལྕགས་ལམ་གྱི་བདེ་འཇགས་སྐོར་ཡིན། ལྷ་སའི་གནས་ཚུལ་ནི་ཧ་ཅང་དམིགས་བསལ་ཞིག་རེད། དགྲ་ཟླའི་སྟོབས་ཤུགས་ཀྱིས་སྐུལ་སློང་འོག་ཕྱི་ལོགས་ཁ་བྲལ་ཚོགས་པས་མི་རིགས་མཐུན་སྒྲིལ་དང༌། མེས་རྒྱལ་གཅིག་གྱུར་ལ་གཏོར་བརླག་གཏོང་བ་མ་ཟད། ད་དུང་ངན་ཇུས་བཤམས་ཏེ་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་ཡར་རྒྱས་ལ་གཏོར་བརླག་གཏོང་བ་དང༌། ད་ལྟ་ལྕགས་ལམ་གཏོར་བཤིག་གཏོང་གི་ཡིན་ཅེས་བརྗོད་མཁན་ཡོང་གི་ཡོད་པ་རེད། དེར་བརྟེན་ང་ཚོས་སྲུང་སྐྱོབ་ཀྱི་ཐབས་ལམ་མང་པོ་ཞིག་སྒྲུབ་ཀྱི་ཡོད་པས་ལྕགས་ལམ་གྱི་བདེ་འཇགས་ཐད་ཉེན་ཁ་མེད་ལ། མི་སུ་ལ་ཡང་གཏོར་བཤིག་གཏོང་བའི་གོ་སྐབས་ཕྲ་མོ་ཙམ་ཡང་མེད།
དྲི་བ། ལྕགས་ལམ་གྱིས་ཁྲིད་ཡོང་བའི་ཁོར་ཡུག་གི་གནད་དོན་ཡང་མང་ཚོགས་ཀྱིས་དོ་སྣང་བྱེད་བཞིན་པའི་བརྗོད་གཞི་ཞིག་ཡིན་པ་དང༌། ཉེ་སྔོན་ང་ཚོས་གོ་ཐོས་ལྟར་ན་ལྷ་ས་གྲོང་ཁྱེར་ཏུ་འགྱིག་ཤོག་བེད་སྤྱོད་བཀག་སྡོམ་བྱས་ཡོད་པ་རེད་ཟེར།
ལན། དེ་རེད། ང་ཚོས་དེ་ལ་གད་སྙིགས་དཀར་བོ་ཅེས་བརྗོད་ཀྱི་ཡོད་ལ། བཀག་སྡོམ་བྱས་ཏེ་ལོ་གཉིས་རེད། ད་ལྟ་ང་ཚོའི་དེའི་ཚབ་ཏུ་རས་ཁུག་དང་ཤོག་ཁུག་བེད་སྤྱོད་གཏོང་གི་ཡོད། ལྷ་སའི་མཐའ་འཁོར་ཏུ་ད་དུང་ཡང་གད་སྙིགས་དཀར་པོ་མཐོང་རྒྱུ་ཡོད་པ་རེད། ཡིན་ན་ཡང་སྔོན་མ་དང་བསྡུར་ན་ཇེ་ཉུང་དུ་ཕྱིན་ཡོད་པ་རེད། བཟོ་སྐྲུན་ཐད་ང་ཚོ་ལ་སྲིད་ཇུས་གསལ་བོ་ཞིག་ཡོད་ལ་འབག་བཙོག་རིགས་ཀྱི་བཟོ་སྐྲུན་ཡར་རྒྱས་རྩ་བ་ནས་བཀག་སྡོམ་བྱེད་ཀྱི་ཡོད། ཚད་མཐོ་བའི་སྒོ་ནས་སྔོ་ལྗང་ཅན་དང་ཁྱད་ཆོས་ཅན། གནོད་པ་མེད་པའི་བཟོ་སྐྲུན་ཡར་རྒྱས་ལ་དོ་སྣང་བྱེད་ཀྱི་ཡོད།
ལྷ་ས་ལ་མཚོན་ན། ལྕགས་ལམ་གྱིས་ཁྱེར་ཡོང་བའི་ཁོར་ཡུག་གི་གནད་དོན་གཙོ་བོ་ནི་ལྟ་སྐོར་བ་འབོར་ཆེན་ནང་ལ་ཡོང་རྗེས་ལྟ་སྐོར་དང་ཁོར་ཡུག་དབར་མཐུན་ལམ་ཅི་ལྟར་བྱེད་དགོས་བ་ཡིན་ལ། ངས་བསམ་པར་ཚང་མའི་མཉམ་འབྲེལ་གྱིས་ཁྱབ་བསྒྲགས་ཀྱི་ལས་དོན་དང༌། ཚན་རིག་གི་འཆར་གཞི། ཁྲིམས་ལུགས་ལག་བསྟར་ནན་མོ་བྱེད་ཚེ་ཁོར་ཡུག་གི་གནད་དོན་ལ་དཀའ་ངལ་མེད་པ་རེད།
དྲི་བ། ལྟ་སྐོར་བ་མང་པོ་ནང་དུ་ཡོང་རྗེས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྣམ་པར་ངོ་བོ་རང་བཞིན་གྱི་ཤུགས་རྐྱེན་ཐེབས་ངེས་སམ།
ལན། ངས་བསམ་པར། རིག་གནས་ཤིག་གནས་ཡོད་པ་དེ་ཁོ་རང་གནས་དགོས་བའི་རྨང་གཞི་དང་དོན་སྙིང་ཞིག་ངེས་བར་ཏུ་ཡོད་པ་རེད། བོད་ཀྱི་རིག་གནས་ནི་མཐོ་སྒང་ནས་བྱུང་བ་དང༌། རང་ངོས་ནས་སྐྱེ་འཕེལ་དང་དར་རྒྱས་ཀྱི་བརྒྱུད་རིམ་ཞིག་ཡོད་པ་རེད། ཡིན་ན་ཡང་ཕྱོགས་གཞན་ཞིག་ནས་ཁོ་རང་རིག་གནས་གཞན་དང་མུ་མཐུད་བརྗེ་བསྒྱུར་མཉམ་འདྲེས་བྱེད་ཀྱི་ཡོད། རིག་གནས་མི་འདྲ་བའི་དབར་སྔོན་མ་ང་ཚོས་བཟང་རྒྱལ་ཞིང་ངན་གཡུགས་བརྗོད་ཀྱི་ཡོད་ལ་ད་ལྟ་ཕན་ཚུན་བརྗེ་བསྒྱུར་དང་གཅིག་ཕན་ཀུན་གསབ་བྱེད་ཀྱི་ཡོད། རིག་གནས་ཤིག་མུ་མཐུད་བརྗེ་བསྒྱུར་དང༌། དར་རྒྱས་བརྒྱུད་རིམ་ཁྲོད་གཞི་ནས་སྟོབས་ཆེ་བའི་སྲོག་ཤུགས་འབྱུང་བ་རེད། དེར་བརྟེན་ངས་བོད་ཀྱི་རིག་གནས་དེ་ལྕགས་ལམཡོང་རྗེས་ངོ་བོ་ལ་འགྱུར་བ་མི་འགྲོ་བ་མ་ཟད། ཡལ་འགྲོ་བ་ཞིག་ཡང་གཏན་ནས་མིན་པ་རེད་བརྗོད་ཀྱི་ཡོད། གཞན་ཡང་དཔལ་འབྱོར་ཚོང་རྭ་ལ་དམིགས་བསལ་ཁྱད་ཆོས་ཤིག་ཡོད་པ་ནི་ཁྱད་ཆོས་ཅན་ལ་ཕྱོགས་ཞེན་ཆེ་བ་རེད། ཅིའི་ཕྱིར་རྒྱལ་ཁབ་ཕྱི་ནང་གི་ལྟ་སྐོར་བ་ཚོ་བོད་ཀྱི་རིག་གནས་གཟིགས་མཐོང་གནང་གི་ཡོད་དམ། དེ་ནི་ཁོ་ལ་དམིགས་བསལ་རང་བཞིན་ཞིག་ཡོད་པ་ཡིན་ལ། ཚོང་རྭ་ལ་བོད་ཀྱི་རིག་གནས་དགོས་མཁོ་ཡོད་ཚེ་ཚོང་རའི་དཔལ་འབྱོར་གྱི་ཁོར་ཡུག་འོག་བོད་ཀྱི་རིག་གནས་ཡལ་མི་འགྲོ་བར་དེ་ལས་ལྡོག་སྟེ་སྔར་ལས་དར་རྒྱས་སུ་འགྲོ་ངེས་རེད།
དྲི་བ། སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་ཐད་ཁྱེད་ཀྱིས་དཔེ་མཚོན་ཞིག་བརྗོད་རོགས་གནང༌།
ལན། དཔེར་ན། གླིང་གེ་སར་རྒྱལ་བོའི་སྒྲུང་ནི་འཛམ་གླིང་གི་སྙན་སྒྲུང་རིང་ཤོས་རེད། ཡིན་ན་ཡང་སྔོན་ཆད་ཚང་མ་ངག་རྒྱུན་ཡིན་ལ་ཁྱབ་སྤེལ་བརྒྱུད་རིམ་ཁྲོད་རྣམ་པ་འགྱུར་བ་དང་ཐ་ན་ངག་རྒྱུན་ཆད་འགྲོ་ཡང་སྲིད་པ་རེད།
རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ལོ་དུ་མའི་རིང་འབད་བརྩོན་བྱས་ཏེ་ད་ལྟ་གླིང་གེ་སེར་རྒྱལ་བོའི་སྒྲུང་བསྡུ་སྒྲིག་བྱས་ཏེ་དཔར་སྐྲུན་འགྲེམས་སྤེལ་བྱས་ཡོད་པས་ད་ལྟ་ཁྱེད་ཀྱིས་གང་སར་ཉོ་ཐུབ། ད་དུང་དཔེར་ན། དགོན་པ་དང་གནའ་ཤུལ་སྲུང་སྐྱོབ་ཐད། གཙུག་ལག་ཁང་དང༌། པོ་ཏ་ལ། ནོར་བུ་གླིང་ཁ་སོགས་གྲགས་ཅན་ཁག་ལ་རྒྱལ་ཁབ་ཀྱིས་མ་དངུལ་གནང་སྟེ་ཐེངས་མང་ཉམས་གསོ་བྱས་པ་དང༌། དགོན་པ་ཆུང་ངུ་ཁ་ཤས་ལ་རྒྱལ་ཁབ་ཀྱི་མ་དངུལ་དང་རོགས་སྐྱོར་ཚད་མི་འདྲ་བ་གནང་ཡོད།
དྲི་བ། ལྷ་ས་འདི་དམིགས་བསལ་ཅན་ཞིག་ཡིན་པ་ནི་ཐོག་མར་དེ་ནི་མི་རིགས་ས་ཁུལ་ཞིག་རེད། གཞན་མཚོ་ངོས་ནས་མུས་༣༦༥༠ ཡན་ཆད་ན་ཆགས་ཡོད་པའི་གྲོང་ཁྱེར་ལྷ་ས་གཅིག་པུ་རེད། ལྷ་སའི་དམིགས་བསལ་གྱི་ཁོར་ཡུག་གིས་གྲོང་ཁྱེར་སྤྱི་ཁྱབ་པས་ཕྲག་ཏུ་དམིགས་བསལ་ལས་འགན་ཞིག་ཡོད་པ་རེད། ཕྱོགས་གཅིག་ནས་རྒྱལ་ཁབ་ཀྱི་སྒོ་ཆེན་སྲུང་སྟེ་ཁ་བྲལ་དང་འཐབ་རྩོད་གྲ་སྒྲིག་བྱེད་དགོས་བ་དང༌། དེ་དང་ལྷན་ལྷ་སའི་སྤྱི་ཚོགས་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་བ་རེད། དེ་ནི་ངའི་ལས་གནས་སྟེང་གི་མྱོང་བྱ་ཆེ་ཤོས་རེད།
དྲི་བ། ངས་གོ་ཐོས་ལྟར་ན་ལྷ་སའི་ལོ་འདི་དག་རིང་བརྟན་ལྷིང་གཙོ་བོ་བྱས་པའི་དར་རྒྱས་ལ་ཁེ་ཕན་མེད་པའི་བཤད་ཚུལ་འདུག
ལན། བརྟན་ལྷིང་གི་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་ལས་འགན་ཡོངས་ཀྱི་རྨང་གཞི་ཡིན། ངའི་བསམ་པར་ལྷ་ས་དེ་ལྟར་ཡིན་པ་མ་ཟད་རྒྱལ་ཡོངས་ཀྱང་དེ་ལྟར་རེད། བརྟན་ལྷིང་གི་ལས་དོན་ཡག་པོ་སྒྲུབ་ཚེ་གཞི་ནས་ང་ཚོ་ལ་ཡར་རྒྱས་ཀྱི་རྨང་གཞི་ཡོད་པ་རེད། རྒྱལ་ཁབ་ཀྱི་བརྟན་ལྷིང་དོར་བ་དང་རྒྱལ་ཁབ་ཀྱི་བདག་དབང་དོར་བའི་ཡར་རྒྱས་ནི་བརྟན་པོ་མེད་པ་དང༌། རྩ་བ་མེད་པའི་ཡར་རྒྱས། མདུན་ལམ་མེད་པའི་ཡར་རྒྱས་རེད།
དྲི་བ། ད་ལྟ་ལྷ་ས་ལ་བལྟས་ཚེ་དར་རྒྱས་སུ་ཕྱིན་ཡོད་པ་རེད། ལྷ་ས་རང་ངོས་ནས་དཔལ་འབྱོར་སྒྲུབ་ཐུབ་པའི་ནུས་ཚད་ངེས་ཅན་ཞིག་ཡོད་དམ། ལྷ་སའི་ནོར་སྲིད་ཀྱི་འགྲོ་སོང་ཁྲོད། ཀྲུང་དབྱང་གིས་གཏོང་བ་དང་ས་ཁུལ་རང་ངོས་ཀྱིས་གཏོང་བ་ཕྱོགས་གཉིས་སོ་སོའི་བརྒྱ་ཆ་ག་ཚད་ཞིག་བཟུང་ཡོད་དམ།
ལན། སྔོན་མ་ལྷ་ས་ཡིས་རྩ་བའི་ཆ་ནས་ཀྲུང་དབྱང་གི་ནོར་སྲིད་ལ་བརྟེན་ནས་ཁ་ལ་ཟ་ཡི་ཡོད་པ་རེད། ན་ནིང་ལྷ་ས་གྲོང་ཁྱེར་རང་ངོས་ཀྱི་ནོར་སྲིད་ཡོང་འབབ་དེ་སྒོར་ས་ཡ་༣༢ ལ་སླེབས་ཡོད་པ་དང་དེས་ནོར་སྲིད་ཡོངས་ཀྱི་འགྲོ་སོང་གི་བརྒྱ་ཆའི་༢༥ ཟིན་ཡོད། ལྷ་སའི་རྨང་གཞི་མཐུག་པས་ང་ཚོས་རྒྱལ་ཁབ་ལ་བརྟེན་གྱི་མེད། ཡིན་ན་ཡང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོབ་དང་ཡང་ཁ་བྲལ་མི་ཐུབ་པ་རེད། ལྕགས་ལམ་གཏོང་རྗེས་ལྷ་ས་ཡིས་དཔལ་འབྱོར་འཛུགས་སྐྲུན་ཐད་ཐོད་བརྒལ་རང་བཞིན་གྱི་ཡར་རྒྱས་བྱུང་སྟེ་རྒྱལ་ཁབ་ཀྱི་ཁུར་བོ་མུ་མཐུད་ཇེ་ཡང་དུ་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
དྲི་བ། ལྷ་ས་རང་ངོས་ཀྱི་ནོར་སྲིད་ཡོང་འབབ་སྟེ་ནོར་སྲིད་ཡོངས་ཀྱི་འགྲོ་སོང་ཁྲོད་བརྒྱ་ཆའི་བསྡུར་ཚད་ལོ་རེ་འཕར་བཞིན་ཡོད་དམ།
ལན། རེད། ན་ནིང་རྒྱལ་ཁབ་ཕྱི་ནང་གི་དམངས་ཁྲོད་མ་རྩ་ཡིས་ལྷ་ས་ལ་མ་དངུལ་དུང་ཕྱུར་༡༧ གཏོང་ཡོད་པ་དང༌། མ་དངུལ་ཚང་མ་ས་ལ་བབས་ཡོད་པ་རེད། ཕྱི་ལོགས་ནས་ཡོང་བའི་ཚན་རྩལ་དང༌། ཤེས་ལྡན་མི་སྣ། མ་དངུལ་བཅས་དང་ལྷ་ས་ཡིས་རང་གནས་ཀྱི་ཐོན་ཁུངས་དང་མཉམ་འབྲེལ་བྱས་ཏེ་ལྷ་ས་རང་ངོས་ཀྱི་དཔལ་འབྱོར་ནུས་ཤུགས་ལ་སྐུལ་འདེད་ཆཻན་པོ་ཐེབས་པ་རེད། ན་ནིང་ལྷ་ས་གྲོང་ཁྱེར་གྱི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་༣༢ ནང་གཞུང་འབྲེལ་ལམ་ལུགས་མིན་པའི་དཔལ་འབྱོར་དང་དམིགས་བསལ་ཞབས་ཞུའི་ལས་རིགས་དང་ཁྱད་ཆོས་ལྡན་པའི་ལས་རིགས་ཀྱྀས་བྱས་རྗེས་ཕུལ་བ་བརྒྱ་ཆའི་༦༣ ལ་སླེབས་ཡོད་པ་དང༌། དེ་མིན་གཞན་ལྷ་སའི་ཚོང་ཟོག་ལས་རིགས་ཀྱང་འཕེལ་རྒྱས་ཅུང་མགྱོགས་པ་རེད།
དྲི་བ། མི་ཁ་ཤས་ཀྱིས་ལྕགས་ལམ་ལྷ་ས་ལ་མ་ཡོང་བའི་སྔོན་ནས་འདིར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས། ལྕགས་ལམ་ནི་སྡོང་བོའི་ཡན་ལག་གཅིག་ལྟ་བུ་ཞིག་ཡིན་པ་ལས་ལྷ་སའི་མ་འོངས་བའི་ཁ་ཕྱོགས་ལ་ཐག་གཅོད་རང་བཞིན་གྱི་ཤུགས་རྐྱེན་མི་ཐེབས་པ་རེད་ཅེས་བརྗོད་ཀྱི་ཡོད་པ་རེད།
ལན། སྤྱིར་བཏང་མདོ་དབུས་ལྕགས་ལམ་གྱི་ངོ་བོ་དེ་ཤིན་ཏུ་གསལ་བོ་རེད། ལྕགས་ལམ་འདི་ནི་ང་ཚོའི་བོད་ལྗོངས་ཀྱི་དཔལ་འབྱོར་ལམ་ཁ་དང༌། བདེ་སྐྱིད་ཀྱི་ལམ་ཁ། རྒྱལ་སྲུང་གི་ལམ་ཁ་ཞིག་རེད། རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་ལ་བལྟས་ཚེ་ལྕགས་ལམ་གྱིས་ས་ཁུལ་དེའི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ལ་སྐུལ་འདེད་ཐེབས་ཀྱི་ཡོད་པ་རེད། ལྷ་ས་ཡིས་ལྕགས་ལམ་ལ་རེ་བལྟོས་ཡུན་རིང་བྱས་པ་དང༌། ངའི་རེ་བར་ལྕགས་ལམ་གྱིས་ལྷ་ས་ཡིས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་དང༌། ལྷ་སའི་ལས་རིགས་ཀྱི་སྒྲིག་གཞི་བསྒྱུར་བཅོས།  ལྷ་ས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལེགས་བཅོས་སུ་གཏོང་བ། ང་ཚོས་ལས་གནས་ཇེ་མང་དུ་གཏོང་བ། ལྷ་སའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་བབས་བརྟན་ལྷིང་ཡོང་བར་ཁག་ཐེག དེ་དང་ལྷན་ད་དུང་ལྷ་ས་དེ་སྔར་ལས་སྒོ་ཕྱེས་ཏེ་ང་ཚོས་ས་ཁུལ་འདིའི་མི་དམངས་ཡོངས་ཀྱི་བསམ་བློའི་འདུ་ཤེས་འགྱུར་བ་གཏོང་དགོས་བ་རེད། ཁྱེད་ཀྱིས་བལྟས་ན་འདི་ནི་ཐག་གཅོད་རང་བཞིན་གྱི་ཤུགས་རྐྱེན་ཞིག་མིན་ནམ། ངས་བལྟས་ན་དེ་ལྟར་རེད།
དྲི་བ། ཁྱེད་རང་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཡིན་པས་ཆ་ནས་རྩོམ་ཡིག་ཁ་ཤས་ཀྱིས་ལྷ་ས་དེ་དེང་རབས་དཔལ་ཡོན་དང་རྒྱང་ཐག་རིང་བའི་ས་ཁུལ་ཞིག་ཡིན་པར་བྲིས་ཡོད་པ་དེར་ཁྱེད་རང་ལ་ཚོར་བ་ཅི་འདྲ་འདུག་གམ།
ལན། ད་ལྟ་ལྷ་སའི་སྐོར་འབྲི་མཁན་ཤིན་ཏུ་མང་ལ། ཡི་གེ་ཁྲོད་ཀྱི་ལྷ་སའི་སྣང་བརྙན་དེ་རྣམ་པ་སྣ་ཚོགས་རེད། ལྷ་ས་དེ་ད་དུང་གདོན་མའི་གནས་སྐབས་རེད་ཟེར་མཁན་དེ་ནི་ལོང་བ་ཡིན་པ་དང༌། ལྷ་ས་དེ་དར་རྒྱས་ཧ་ཅང་ཆེན་པོ་རེད་ཟེར་མཁན་ནི་དོན་དངོས་དང་མི་མཐུན་པ་རེད། ལྷ་ས་དེ་མུན་ནག་རེད་བཅས་བརྗོད་མཁན་ལ་ཕལ་ཆེར་ཆབ་སྲིད་ཀྱི་ལྐོག་ཇུས་ཡོད་པ་རེད། ང་རང་ལྟར་ན་ལྷ་ས་ནི་ལྷ་ས་རེད་ལ། ཁྱེད་ཀྱིས་ད་ལྟ་མཐོང་བའི་ལྷ་ས་དེ་ནི་དངོས་ཡོད་ཀྱི་ལྷ་ས་རེད།
དྲི་བ། རྒྱང་གཟིགས་གནང་ཚེ་ལྕགས་ལམ་སླེབས་རྗེས་མ་འོངས་པར་ལྷ་ས་དེ་གྲོང་ཁྱེར་ཅི་འདྲ་ཞིག་ཏུ་ཆགས་རྒྱུ་ཡིན་ནམ།
ལན། ང་རང་ལྷ་ས་ཡི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ཡིད་ཆེས་འདི་ནི་ངའི་རང་སྣང་གང་དྲན་གྱིས་བ

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese