མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ་དང་བོད་དོན་གླེང་བ། ཚན་པ་གསུམ་པ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

དྲི་བ། གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་ཁྱེད་ཀྱིས་ཡང་བསྐྱར་བོད་དུ་ཕེབས་རྒྱུའི་ཐུགས་རེ་གནང་ཡོད་པ་དེ་མངོན་འགྱུར་ཐུབ་བམ།
ལན། ངས་སྔར་ནས་རྒྱ་ནག་ཏུ་གནས་གཟིགས་ལ་འགྲོ་རྒྱུ་ཡིན་བརྗོད་ཀྱི་ཡོད། ༡༩༥༤ དང་༡༩༥༥ ལོར་པེ་ཅིང་དུ་སྡོད་སྐབས་ཀྱང་རྒྱ་ནག་རི་བོ་རྩེ་ལྔ་རུ་གནས་མཇལ་ཏུ་འགྲོ་འདོད་ཡོད་སྐོར་བརྗོད་ཡོད་ལ། བོད་པ་ཚོའི་མིག་ནང་དུ་དེ་ནི་གནས་རྩ་ཆེན་ཞིག་ཡིན་པ་རེད། བོད་པ་ཚོས་བཤད་སྟངས་ནི་གལ་སྲིད་རི་བོ་རྩེ་ལྔ་ལ་འགྲོ་བ་ཡིན་ན་ཁྱེད་རང་སྤྱང་གྲུང་དང་ཤེས་རབ་ལྡན་པ་ཞིག་ཆགས་ངེས་བ་དང༌། ངའི་རེ་བ་ལ་ཡང་ང་རང་སྔར་ལས་ཤེས་རབ་ལྡན་པ་ཞིག་ཏུ་འགྱུར་རྒྱུ་དེ་ཡིན། པེ་ཅིང་དུ་ཡོད་སྐབས་གནས་མཇལ་དུ་འགྲོ་རྒྱུ་ལབ་བ་ཡིན་ལ་སྲིད་གཞུང་གིས་འགྲོ་ལམ་མི་བདེ་བར་བརྗོད་པ་དང་དེ་ཕལ་ཆེར་བདེན་པ་ཡིན་སྲིད། ༡༩༥༤ ལོ་ནས་ད་ལྟའི་བར་འབྲེལ་བ་བྱུང་མེད་པས་བརྗོད་ཐབས་མེད་པ་རེད། ད་ལྟ་ཕྱོགས་གཉིས་འབྲེལ་བ་བྱུང་བ་དང་ཐོག་མར་སྐུ་ཚབ་ཚོགས་པས་པེ་ཅིང་ལ་བརྗོད་པ་དང་དེ་ནས་ང་རང་གིས་ཡོངས་ཁྱབ་ཀྱིས་བཤད་པ་རེད།

དྲི་བ། ཁྱེད་རང་སྐུ་ཐོག་འདི་ལ་རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས་ཐུབ་པའི་ཡིད་ཆེས་ཡོད་དམ།
ལན། ཡིད་ཆེས་ཆེན་པོ་ཡོད། རྒྱུ་མཚན་ནི་རྒྱ་ནག་ཡང་འགྱུར་བ་འགྲོ་བཞིན་པ་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་སྔར་ནས་འགྱུར་བ་འགྲོ་བཞིན་པ་དང༌། གུང་ཁྲན་ཏང་ཡང་འགྱུར་བ་འགྲོ་བཞིན་པ་རེད། ཡིན་ན་ཡང་དེ་རིང་གི་རྒྱ་ནག་གུང་ཁྲན་ཏང་ལ་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་བསམ་བློ་དེ་ཧ་ལམ་མེད་པ་རེད་ལ། ལོ་རབས་ལྔ་བཅུའི་སྟོད་དང་མི་འདྲ་བ་རེད།  མའོ་ཙེ་ཏུང་དུས་སྐབས་སུ་གུང་ཁྲན་རིང་ལུགས་ལ་དངོས་གནས་དད་མོས་བྱེད་ཀྱི་ཡོད་ལ་ལག་ལེན་དུ་བསྟར་བར་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། ད་ལྟ་དེ་ཡལ་སོང་བ་རེད། མའོ་ཙེ་ཏུང་གི་གནད་དོན་གཙོ་བོ་ནི་གཏུམ་དྲག་ཆེ་བ་དེ་རེད། ཁོང་གི་བསམ་བློའི་རང་བཞིན་ཤིན་ཏུ་དྲག་ལ་ཐབས་ལམ་བཙན་པོ་རེད། ཡིན་ན་ཡང་ཁོང་གི་ཀུན་སློང་དང་དམིགས་ཡུལ་ཡག་པོ་རེད། ང་རང་པེ་ཅིང་དུ་ཡོད་སྐབས་དམིགས་ཡུལ་ནི་གུང་ཁྲན་རིང་ལུགས་དང་ཐབས་ལམ་ནི་སྤྱི་ཚོགས་རིང་ལུགས་ཡིན་པས་ཐབས་ལམ་དང་དམིགས་ཡུལ་གཉིས་ཀ་ཡོད་པ་རེད། ད་ལྟ་སྒོར་མོ་ལ་ལྟ་བ་ལས་གཞན་དམིགས་ཡུལ་མེད་པ་རེད།

དྲི་བ། ཁྱེད་ཀྱི་དགོངས་ཚུལ་ལྟར་ན་འགལ་ཟླ་གཙོ་བོ་གང་ཡིན་པ་དང་དེ་སེལ་ཐབས་ཀྱི་ལམ་ཁ་གང་དུ་ཡོད་དམ།
ལན། ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་བོད་ཀྱི་གནས་སྟངས་ངོ་མ་དེ་ཤེས་ཀྱི་མེད་པ་དང༌། ས་གནས་དཔོན་རིགས་ཀྱིས་གོང་ལ་ཕུལ་བའི་གནས་ཚུལ་ཚང་མ་ནི་དགའ་སྐྱིད་དང་བརྟན་ལྷིང༌། མཐུན་སྒྲིལ་ཡིན་ལ་འདི་ནི་ལོ་རབས་ལྔ་བཅུ་ནས་བཟུང་བརྗོད་བཞིན་པ་རེད། རྒྱ་ནག་རྒྱལ་ཡོངས་མི་དམངས་མཐུན་སྒྲིལ་དང་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་བོད་སྐད་དུ་བརྗོད་ན་དེ་ནི་ཁ་སྟོང་ཙམ་ལས་སེམས་ནང་གི་སྐད་ཆ་མ་རེད། ང་རང་༡༩༥༤ ལོར་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཞུགས་པ་དང༌། འཐུས་མི་ཚོས་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་དང་ཁྲི་ལོ་བརྟན་པར་ཤོག་ཅེས་བརྗོད་སྐབས་ཚང་མས་ལག་པ་ཡར་འཀྱགས་པ་རེད། ཡིན་ན་ཡང་སེམས་ནང་ནས་དོན་ངོ་མའི་མཐུན་སྒྲིལ་ཡོད་པ་ཞིག་མཐོང་གི་མི་འདུག སུང་ཆིན་ལིན་དང་ང་གཉིས་རིམ་པ་གཅིག་ཡིན་པ་དང་ངེད་གཉིས་ཀྱི་རྐུབ་སྟེགས་མཉམ་གཅིག་ཏུ་ཡོད་པ་རེད། སུང་ཆིན་ལིན་གྱིས་ཀྱང་མཐུན་སྒྲིལ་ཆེན་མོ་ཁྲི་ལོ་བརྟན་པར་ཤོག་ཅེས་འབོད་ཀྱི་ཡོད་མོད་ཡིན་ན་ཡང་ཁོ་མོ་ཐང་ཆད་ཡོད་པ་མཐོང་ཐུབ། བོད་ཀྱི་ལས་བྱེད་ཚང་མས་མཐུན་སྒྲིལ་བརྗོད་ཀྱི་ཡོད་པ་རེད། ཡིན་ན་ཡང་ལས་བྱེད་ཚོ་རྡ་རམ་ས་ལར་འབྱོར་རྗེས་མི་འདོད་པའི་ཚོར་བ་ཤུགས་ཆེ་མངོན་གྱི་ཡོད་པ་རེད། ང་རང་རྒྱ་གར་ཏུ་བསྡད་ནས་ལོ་ངོ་༤༨ ཕྱིན་སོང་བ་དང༌། ང་ལ་ཐུག་འཕྲད་དུ་ཡོང་མཁན་ཞིང་པ་དང༌། འབྲོག་པ། གྲྭ་བ། ཏང་གི་ལས་བྱེད་ཡང་ཡོད་ལ། རིམ་པ་མི་འདྲ་བ་ཚང་མ་ཡོད་པ་དང་ཁ་ཤས་ཤིག་གི་གོ་གནས་ཧ་ཅང་མཐོ་པོ་རེད། ཁོ་ཚོ་ཚང་མའི་འདོད་པ་ཁེངས་ཀྱི་མེད་པ་དང་བློ་ཕམ་བྱུང་ཡོད་པ་རེད། དེ་བོད་ལ་མི་ཕན་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཡང་ཁེ་ཕན་མེད་པ་ཞིག་རེད། དེས་མཐུན་སྒྲིལ་དང་བརྟན་ལྷིང་ལ་གནོད་པ་དང༌། འཆམ་མཐུན་ལ་ཡང་ཤུགས་རྐྱེན་ཐེབས་རྒྱུ་རེད། ང་ཚོའི་བསམ་པར་བོད་མི་དམངས་ཀྱི་འདོད་བློ་ཁེངས་ཚེ་འགྲིག་སོང་བ་རེད། གལ་སྲིད་བོད་མི་དམངས་ཀྱི་འདོད་བློ་ཚིམས་ཚེ་མཐུན་སྒྲིལ་ཡང་མངོན་དུ་གྱུར་བ་དང་ཀྲུང་དབྱང་གིས་ཀྱང་དོགས་ཟོན་དང་ཞེད་སྣང་སྐྱེས་དགོས་དོན་མེད་པ་རེད།

དྲི་བ། གལ་སྲིད་བོད་རྒྱའི་གནད་དོན་མགྱོགས་པོ་སེལ་མ་ཐུབ་ཚེ་ཧོལ་རྒྱུགས་བྱེད་མཁན་རྣམས་སྔར་ལས་དྲག་ཏུ་འགྲོ་རྒྱུ་ཡིན་ནམ།
ལན། དེ་ལྟར་རྒྱུགས་ན་བོད་མི་ཚོར་དཀའ་ངལ་འཕྲད་ངེས་པ་དང༌། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡང་ཡིད་ཆེས་མེད་པའི་གནས་སྟངས་ཤིག་འབྱུང་གི་རེད། ཞང་ཀང་ཡང་བརྟན་ལྷིང་མེད་པ་དང༌། ད་དུང་ཐེ་ཝན་དང་གྲངས་ཉུང་མི་རིགས་གཞན་དག་ཀྱང་བརྟན་ལྷིང་མེད་པ་རེད། གལ་སྲིད་བོད་ལ་དངོས་ཡོད་ཀྱི་མཐུན་སྒྲིལ་དང་འཆམ་མཐུན་མངོན་གྱུར་བྱུང་ཚེ་དེས་གྲངས་ཉུང་མི་རིགས་གཞན་དག་ལ་ཡང་ཤུགས་རྐྱེན་ཐེབས་པ་དང༌། ཞང་ཀང་ཡང་བདེ་འཇགས་དང་ཐེ་ཝན་གཅིག་གྱུར་ལ་ཡང་ཏན་ཏན་ཕན་ཐོགས་ཡོད་པ་མ་ཟད། རྒྱ་ནག་གི་རྒྱལ་སྤྱིའི་ཁྲོད་ཀྱི་སྣང་བརྙན་ཡང་ཇེ་མཐོར་འགྲོ་ངེས་རེད།

དྲི་བ། ཧོལ་རྒྱུགས་མཁན་ཁ་ཤས་ཀྱིས་ཐ་ན་ཏཱ་ལའི་བླ་མ་སྐུ་བཞུགས་ཚེ། ང་ཚོས་ཁོང་གི་དབུ་མའི་ལམ་ལ་བརྩི་བཀུར་མི་བྱེད་རང་བྱེད་རེད། གལ་སྲིད་ཁོང་མ་བཞུགས་ཚེ་ང་ཚོར་རང་དབང་ཡོད་པ་རེད་ཅེས་སྒྲོག་ཀྱི་ཡོད། ངའི་བསམ་པར་བསམ་བློ་གཏོང་སྟངས་དེ་ནི་ནོར་འཁྲུལ་རེད། ཚང་མས་གནས་ཚུལ་དེ་ལྟ་བུ་ཞིག་མི་འབྱུང་བའི་རེ་བ་བྱེད་ཀྱི་ཡོད། དེའི་རྐྱེན་གྱིས་ཁྱེད་རང་སྔ་མོ་ནས་རི་བོ་རྩེ་ལྔ་རུ་ཕེབས་རྒྱུ་དང༌། རབ་བྱུང་ན་པེ་ཅིང་གི་འགོ་ཁྲིད་ཚོ་ཡང་ཕེབས་ཚེ། ཚང་མ་སྔར་ལས་རྣམ་དཔྱོད་ལྡན་པ་དང་ཐག་གཅོད་ཀྱི་ཐབས་ལམ་ལེགས་པོ་ཞིག་བསམ་བློ་གཏོང་ཐུབ་ཀྱི་རེད།
ལན། ཐབས་ཤེས་འདི་ཤིན་ཏུ་ལེགས། སྤྱིར་བཏང་གུང་ཁྲན་ཏང་སྤྱང་པོ་མིན་པ་མ་རེད། ཤིན་ཏུ་སྤྱང་དྲགས་པ་རེད། བྱ་བ་ཅི་ཞིག་ཡིན་ན་ཡང་དོགས་པ་སྐྱེས་བཞིན་པ་རེད། དེའི་ཕྱིར་ཁོང་ཚོ་རི་བོ་རྩེ་ལྔ་ལ་ཅུང་བླུན་ལྐུག་ལྟར་སོང་ན་ལེགས། སྤྱང་ཡ་མང་དྲགས་ན་ནོར་འཁྲུལ་བཟོ་ངེས་རེད།

དྲི་བ། རྒྱ་ནག་སྲིད་གཞུང་ལ་རེ་བ་ཅི་འདྲ་ཞིག་བཟུང་ཡོད་དམ།
ལན། ཧུའུ་ཅིན་ཐོ་ཡིས་སྤྱི་ཚོགས་འཆམ་མཐུན་བརྗོད་ཀྱི་ཡོད་ལ་དེ་ནི་ཤིན་ཏུ་རླབས་ཆེན་པོ་དང༌། དུས་རབས་ཀྱི་འཕེལ་རྒྱས་དང་འཚམ་པོ་རེད། ཡིན་ན་ཡང་འཆམ་མཐུན་ཡོང་བར་ཡིད་ཆེས་དགོས་པ་དང༌། སྤྱི་ཚོགས་དེ་ལྟ་བུ་ཞིག་སྐྲུན་པར་ཕྱི་གསལ་ནང་གསལ་དང་སྨྲ་བརྗོད་ཀྱི་རང་དབང་དགོས་པ་རེད། ང་ཚོ་དང་པེ་ཅིང་སྲིད་གཞུང་བར་ཐད་ཀར་འབྲེལ་མཐུད་ཀྱི་ལམ་ཁ་ཡོད་པ་རེད། གལ་སྲིད་རྒྱ་ནག་གི་འགོ་ཁྲིད་དང་ཐད་ཀར་བཀའ་མོལ་གནང་དགོས་ཚེ་ངས་ཡི་གེ་འབྲི་ངེས་པ་དང༌། སྔོན་མ་ཏིན་ཞོ་ཕིན་ལ་ཡི་གི་བྲིས་མྱོང་ལ། ཅང་ཙེ་མིན་ལ་ཡང་ཡི་གེ་བྲིས་མྱོང༌། ཡིན་ན་ཡང་ཧུའུ་ཅིན་ཐོ་ལ་ད་དུང་ཡི་གེ་བྲིས་མེད། དགོས་མཁོ་བྱུང་ཚེ་ངས་ཡི་གེ་འབྲི་ཆོག

ས་དཀར་བཀྲ་ཤིས་ཀྱིས་བསྒྱུར།

འབྲེལ་ཡོད་གསར་འགྱུར།

ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

ཆུ་ཚོད་ ༢ སྔོན་ལ།
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

ཆུ་ཚོད་ ༢ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥

མཆན། 1

  1. དབང་རྒྱལ། says:
    ལོ་ 17 སྔོན།

    ཏཱ་ལའི་བླ་མ་ནི་རྒྱལ་བ་ཐམས་ཅད་མཁྱེན་པ་རང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese